ཟླ7ཚེས4ཉིན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་འབྱོར་བའི་གནས་ཚུལ་ལྟར་ན། 2025ལོའི་བཟོ་ཚོགས་ས་ཚིགས་འཛུགས་སྐྲུན་བྱ་བ་ལེགས་པར་སྒྲུབ་ཆེད། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཞབས་ཞུའི་དོན་ཚན་བཅོ་ལྔ་ལྷག་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཁུལ་ས་ཁུལ་གྱི་བཟོ་ཚོགས་ས་ཚིགས200རུ་བསྐྱོད་པར་སྐུལ་འདེད་བཏང་སྟེ། ས་ཚིགས་ཀྱི་ཞབས་ཞུའི་ཆུ་ཚད་ཇེ་མཐོ་རུ་བཏང་།
ད་ལོར། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་བཟོ་ཚོགས་ས་ཚིགས་ཀྱི་གནས་ས་བཀོད་སྒྲིག་འོས་འཚམ་མིན་པ་དང་། ས་ཚིགས་ཀྱི་བྱེད་ནུས་འདོན་སྤེལ་བྱེད་མི་ནུས་པ་སོགས་ལེགས་སྒྲིག་དང་ཕྱིར་འཐེན་བྱས་པར་མ་ཟད། ས་ཚིགས་ཀྱི་སྒྲིག་བཀོད་སྒྲིག་ཆས་སྙོམས་སྒྲིག་བཀོལ་སྤྱོད་དང་དོ་དམ་བྱ་བ་ལེགས་པར་སྒྲུབ་ནས། རྒྱུ་ནོར་བེད་མེད་དུ་འཇོག་པ་དང་ཆུད་ཟས་བྱེད་པ་གཏན་འགོག་བྱས། ཞིང་ཆེན་ཡོངས་ཀྱི་ཆ་རྐྱེན་འཛོམས་པའི་བཟོ་ཚོགས་ས་ཚིགས25རུ“བཟོ་ཚོགས་བྱམས་བརྩེའི་གླིང”གི་ཆེད་དོན་ས་ཁུལ་བཙུགས་ཏེ། བྱམས་བརྩེ་འབུལ་བའི་ལས་གཞི་ལག་བསྟར་བྱས་པ་དང་། བཟོ་ཚོགས་མ་ལག་གི་ལས་བྱེད་པས་བེད་མེད་དུ་བཞག་པའི་དངོས་པོ་རང་འཐད་ཀྱིས་དགོས་མཁོ་ཅན་གྱི་མི་ལ་སྟེར་བར་སྐུལ་འདེད་བཏང་། དེའི་ཁྲོད་ཁྱིམ་སྤྱོད་གློག་ཆས་དང་འཚོ་བའི་ཁྲོད་དུ་བཀོལ་བའི་དངོས་པོ། དཔེ་ཆ་སོགས་འདུ་ལ། དབྱེ་འབྱེད་དང་ཐོ་འགོད། དུག་སེལ། ལེགས་སྒྲིག་བཅས་བྱས་རྗེས། ཆེད་དོན་ས་ཁུལ་བརྒྱུད་དེ་དགོས་མཁོ་ཅན་དང་གསར་དུ་ལས་ཞུགས་བྱས་པའི་ངལ་རྩོལ་པ། དཀའ་ཁག་ཅན་གྱི་ལས་བཟོ་བ། ཞིང་པ་ལས་མི་སོགས་ལས་བཟོ་བའི་མང་ཚོགས་ལ་བྱམས་སེམས་དང་རོགས་རམ་འདོན་སྤྲོད་བྱས། ལས་བཟོ་བའི་མང་ཚོགས་ཀྱིས“ལས་བཟོ་བོའི་ཁྱིམ་གཞིས”ཞེས་པའིappབརྒྱུད་དེ་ཕན་ཚུན་ལ་བྱམས་སེམས་འབུལ་བའི་འགུལ་སྐྱོད་དོ་དམ་དང་མ་ལག་བཀོལ་སྤྱོད་བྱས་ཏེ་ཞལ་འདེབས་འབུལ་བ་དང་དངོས་པོ་རེ་ཞུ་བྱེད་པ་སོགས་བྱེད་ཐུབ།
ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་ས་ཚིགས་འཛུགས་སྐྲུན་བྱེད་པའི་དོན་དངོས་གཞིར་བཟུང་ནས། ཡུལ་བབ་དང་བསྟུན་པ་དང་བཀོལ་སྤྱོད་ཀྱི་རིན་ཐང་ཡོད་པའི་རྩ་དོན་ལྟར། རིག་ནུས་ཅན་གྱི་ས་ཚིགས་སུ་རིམ་འཕར་དང་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་བ་དང་། ལོ་རེར་རིག་ནུས་ས་ཚིགས17འཛུགས་སྐྲུན་བྱེད་པའི་འཆར་གཞི་ཡོད། ཞབས་ཞུའི་བྱེད་ནུས་མཐོར་འདེགས་དང་ལེགས་སྒྲིག་བྱེད་པའི་ཁ་གསབ་མ་དངུལ་གྱི་རྨང་གཞིའི་ཐོག མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་རིག་ནུས་ཅན་དུ་རིམ་འཕར་དང་ལེགས་སྒྲིག་བཐོར་འདེགས་གཏོང་བའི་ས་ཚིགས་རེར་རོགས་དངུལ་སྒོར་ཁྲི་གཅིག་བྱིན། ཁེ་ལས་སོ་སོར་སྐུལ་སློང་བྱས་ཏེ་ཆ་རྐྱེན་འཛོམས་པའི་བཟོ་ཚོགས་ས་ཚིགས50རུ་རིགས་མི་འདྲ་བའི་ལས་ཞུགས་བརྡ་འཕྲིན་དང་ལས་མིའི་དགོས་མཁོ་འོས་སྦྱོར་བྱས་ཏེ། ཧུར་བརྩོན་གྱིས་རྒྱ་ཆེའི་ལས་བཟོ་བ་རྣམས་ལ་ལས་ཞུགས་ཞབས་ཞུ་འདོན་སྤྲོད་བྱས། དུས་རབས་གསར་བའི“ཧྥིན་ཆོའི་ཉམས་མྱོང”ཞེས་པའི་བཟོ་ཚོགས་ཀྱི་ལག་ལེན་ལ་སྐུལ་འདེད་བྱས་ནས། ངལ་རྩོལ་འབྲེལ་བའི་སྤྱིའི་ཞབས་ཞུ་དང་ངལ་རྩོལ་རྩོད་གཞིའི་འདུམ་སྒྲིག ཁྲིམས་ལུགས་ཀྱི་རོགས་སྐྱོར་སོགས་ཞབས་ཞུའི་ནང་དོན་ཁ་སྣོན་བྱས་པ་དང་། ངལ་རྩོལ་འབྲེལ་བའི་འདུམ་སྒྲིག་པ་དང་ངལ་རྩོལ་རྩོད་གཞིའི་འདུམ་སྒྲིག་པའི་ཁ་པར་སོགས་གཞི་རྩའི་ཆ་འཕྲིན་སྤྱི་བསྒྲགས་བྱེད་པ། ངལ་རྩོལ་འགན་ལེན་གྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་དང་ངལ་རྩོལ་འགན་ལེན་ལྟ་ཞིབ། ཞིང་བའི་གླ་ཕོགས་སྤྲོད་པའི་སྐོར་གྱི་འབྲེལ་ཡོད་ཕྱོགས་སྟོན་ཡིག་ཆ་དང་ཁྲིམས་ལུགས་རོགས་སྐྱོར་པའི་འབྲེལ་གཏུག་ཨང་གྲངས་སོགས་བཤམས་ནས། “འཕྲིག་ཡིག་གཅིག་དང་དེབ་གཉིས”ལ་བརྟེན་ཏེ་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་བྱེད་པར་མཛུབ་སྟོན་བྱེད་པའི་བྱ་བ་སྤེལ།
ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ད་དུང་བཟོ་ཚོགས་ལས་བྱེད་པ་རྩ་འཛུགས་བྱས་ཏེ་གནས་དེའི་ས་ཚིགས་སུ་ཟབ་ཞུགས་བྱས་ཏེ། ཉིན་གཅིག་གི་ས་ཚིགས་དཔོན་བྱེད་པའི་བྱ་འགུལ་སྤེལ་ནས། ས་ཚིགས་འཛུགས་སྐྲུན་གྱི་རྨང་གཞི་གསལ་བོར་ཤེས་པར་བྱེད་པ་དང་། ཁང་ཕྱིའི་ངལ་རྩོལ་པའི་སྤྱི་ཁྱབ་དུ་བཏོན་པའི་བསམ་འཆར་ལ་གཞི་བཙུགས་ཏེ། རྒྱུན་མཐུད་ངང་ས་ཚིགས་ཀྱི་དོ་དམ་ལ་ཤུགས་སྣོན་བྱས། ས་ཚིགས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱ་བའི་རྐྱེན་སྲོལ་བཙུགས་ནས་ས་ཚིགས་ཀྱི་འཛུགས་སྐྲུན་བཀོད་སྒྲིག་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བྱས། ས་ཚིགས་ཁ་སྣོན་དང་ཕྱིར་འབུད་ཟུང་འབྲེལ་བྱེད་པ་ལག་བསྟར་བྱས་ཏེ། ས་ཚིགས་ཀྱི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ས་ཚིགས་ལ་བརྟེན་ནས་ཁྲིམས་ལུགས་དྲིལ་བསྒྲགས་དང་ལས་ཞུགས་མཛུབ་སྟོན། སྐྲ་བཞར་སོགས་དང་བླངས་ཞབས་ཞུ་སྤེལ་བ། ཁ་བརྡའི་བགྲོ་གླེང་དང་ཟབ་སྦྱོང་། རིག་རྩལ་སོགས་ཀྱི་བྱ་འགུལ་སྤེལ་ནས། ལས་བཟོ་མང་ཚོགས་ལ་དྲོལ་ཁོལ་ལྡན་པའི་ཞབས་ཞུ་འདོན་སྤྲོད་བྱས།