མཚོ་སྔོན་ཞིང་ཆེན་གྱི་རིག་གཞུང་དུས་དེབ་བྱ་བའི་བརྗེ་རེས་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས4ཉིན། ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུའུ་དང་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་བསྒྲུབས་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གཞུང་དུས་དེབ་བྱ་བའི་བརྗེ་རེས་ཚོགས་འདུ་དེ་ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་དུ་བསྡུས། ཚོགས་འདུ་ལས་རིག་གཞུང་དུས་དེབ་འཛུགས་སྐྲུན་དང་དོ་དམ་ལ་དམིགས་ནས། ལས་རིགས་ཀྱི་ངོས་འཛིན་གཅིག་མཐུན་གཅིག་སྡུད་བྱེད་པ་དང་དུས་དེབ་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་བ།    ཚན་རྩལ་གསར་གཏོད་དང་རིག་གཞུང་དར་སྤེལ་ལ་ཞབས་འདེགས་ཞུ་བ།    མཚོ་སྔོན་ཞིང་ཆེན་གྱི་རིག་གཞུང་དུས་དེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས།

ཚོགས་འདུ་ལས་བསྟན་དོན། རིག་གཞུང་དུས་དེབ་ནི་རིག་གཞུང་ཞིབ་འཇུག་བརྗེ་རེས་ཀྱི་སྟེགས་བུ་གལ་ཆེན་ཡིན་པ་དང་། བསམ་བློ་རིག་གནས་བརྒྱུད་སྒྲོག་གི་གཡུལ་ས་གལ་ཆེན་ཡིན་ལ། གཞུང་ལུགས་གསར་སྐྲུན་དང་ཚན་རྩལ་ཡར་ཐོན་གྱི་སྟོབས་ཤུགས་གལ་ཆེན་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། རང་ཞིང་གིས་རིག་གཞུང་དུས་དེབ་ལ་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། དཀྱིལ་སྙིང་བྱ་བར་དམིགས་ཏེ་དུས་དེབ་སྒྲུབ་པའི་སྤུས་ཀ་དང་ཤུགས་རྐྱེན་ནུས་པ་མཐོར་འདེགས་སུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་རིག་གཞུང་གི་འདེགས་སྐྱོར་བྱས།

ཚོགས་འདུ་ལས་བསྟན་དོན།  ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་བྱས་ནས། ཆབ་སྲིད་ཀྱི་ཁ་ཕྱོགས་དང་རིན་ཐང་ཁ་ཕྱོགས། དུས་དེབ་སྒྲུབ་པའི་ཁྲིད་ཕྱོགས་བཅས་དམ་འཛིན་ནན་མོ་བྱེད་དགོས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ལ་དམིགས་ནས། ཁྱབ་ཁོངས་གཙོ་བོ་ཞིབ་འཇུག་འགྲེལ་བཤད་གཏིང་ཟབ་བྱེད་པ་དང་། ཁྱད་ཆོས་ལྡན་པའི་དུས་དེབ་ཀྱི་ཟོང་རྟགས་བསྐྲུན་དགོས། ནང་དོན་དང་སྤུས་ཚད་ཨང་དང་པོ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་། རིག་ཚན་མདུན་གྲལ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལེགས་ཆར་དམིགས་ཏེ།    “ཆེད་ལས་སྤུས་ལེགས་དང་དམིགས་བསལ་གསར་པའི”འཕེལ་རྒྱས་བགྲོད་ལམ་ཐོག་བསྐྱོད་ནས། རྩོམ་སྒྲིག་གི་ཇུས་འགོད་དང་འགག་སྒོ་འཛིན་པའི་ནུས་པ་ཆེ་རུ་གཏོང་དགོས།     རིག་གཞུང་དུས་དེབ་ཀྱི་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་ན།    གཙོ་འགན་འཁུར་མཁན་གྱིས་གཙོ་སྒྲུབ་ལས་ཁུངས་ཀྱི་རོགས་སྐྱོར་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་།    རྩོམ་སྒྲིག་པའི་དཔུང་ཁག་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་པ།    སྨྱན་བྱད་གསར་པ་སྤྱད་དེ་ཁྱབ་སྤེལ་ནུས་པ་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་ཀྲུང་གོ་ཚན་རིག་གླིང་གི་རང་བྱུང་ཚན་རིག་དུས་དེབ་རྩོམ་སྒྲིག་པའི་ཞིབ་འཇུག་ཚོགས་པ་དང་དེ་མིན་ཧྲན་ཞི་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་དུས་དེབ་མངའ་ཁོངས་ཆེད་མཁས་པ་གདན་འདྲེན་ཞུས་ནས་ཆེད་དོན་སྙན་ཞུ་ཕུལ། ཞིང་ཆེན་ནང་ཁུལ་གྱི་དུས་དེབ་དཔེ་སྐྲུན་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་རིག་གཞུང་དུས་དེབ་འཐུས་མི་ཚོགས་འདུར་ཞུགས་ནས་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།