ཟླ7པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཉེས་གཅོད་ལྡོག་སྲིང་སྦྲེལ་མཐུད་བྱ་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད། ཉེས་གཅོད་ལྡོག་སྲིང་སྦྲེལ་མཐུད་ཀྱི་དཔེ་མཚོན་གྱོད་གཞི་ལྔ་ཁྱབ་བསྒྲགས་བྱས།
ཐེངས་འདིར་དཔེ་མཚོན་གྱོད་གཞི་ལྔ་ཁྱབ་བསྒྲགས་བྱས་པ་ནི་སོ་སོར་ཧན་ཆེ་གེ་མོ་སོགས་ཀྱིས་མགོ་སྐོར་ཉེས་བསགས་བྱས་པའི་ཉེས་གཅོད་ལྡོག་སྲིང་སྦྲེལ་མཐུད་ཀྱི་གྱོད་གཞི་དང་། ཝང་ཆེ་གེ་མོས་ཚོང་རྫས་དང་ཚོང་རྟགས་རྫུན་མ་ཐོ་འགོད་དང་ཕྱིར་འཚོང་བྱས་པའི་ཉེས་གཅོད་ལྡོག་སྲིང་སྦྲེལ་མཐུད་ཀྱི་གྱོད་གཞི། ཀྲུའུ་ཆེ་གེ་མོས་ཁྲིམས་འགལ་ཚོང་གཉེར་བྱས་པའི་ཉེས་གཅོད་ལྡོག་སྲིང་སྦྲེལ་མཐུད་ཀྱི་གྱོད་གཞི། མཚོ་སྔོན་གྱི་ལས་དོན་ཚད་ཡོད་ཀུང་སི་ག་གེ་མོས་འགན་ལེན་འཛིན་ཡིག་ངན་འབྲེལ་བྱས་པའི་ཉེས་གཅོད་ལྡོག་སྲིང་སྦྲེལ་མཐུད་ཀྱི་གྱོད་གཞི། ལིས་ཆེ་གེ་མོ་དང་སུང་ཆེ་གེ་མོས་དཔྱ་ཁྲལ་འཕར་མའི་ཆེད་སྤྱོད་འཛིན་བྱང་རྫུན་བཟོ་བྱས་པའི་ཉེས་གཅོད་ལྡོག་སྲིང་སྦྲེལ་མཐུད་ཀྱི་གྱོད་གཞི་བཅས་རེད། དེའི་དམིགས་ཡུལ་ནི་དཔེ་མཚོན་གྱོད་གཞིའི་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཉེས་གཅོད་ལྡོག་སྲིང་སྦྲེལ་མཐུད་གྱོད་གཞིའི་གྱོད་སྒྲུབ་ཕན་ནུས་ཇེ་མཐོར་གཏོང་ཆེད་རེད།
2024ལོའི་ཚུན་དུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག་ཏུ། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་ཞིབ་དཔྱོད་ཁང་གི་ཉེས་གཅོད་ལྡོག་སྲིང་སྦྲེལ་མཐུད་བྱ་བའི་ཕྱོགས་སྟོན་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། སྲིད་འཛིན་ཆད་གཅོད་དང་ཉེས་དོན་ཆད་གཅོད་ཕྱོགས་གཉིས་སྦྲེལ་མཐུད་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་བ་དང་། ཆད་གཅོད་བྱས་ཆོག་པའི་རྩ་དོན་དམ་འཛིན་ནན་མོ་བྱས་ལ། ཞིབ་དཔྱོད་བསམ་ཚུལ་ཚད་ལྡན་བཏོན་ནས། ཉེས་གཅོད་ལྡོག་སྲིང་གི་དཔེ་མཚོན་གྱོད་གཞི་སྐོར་ཞིག་ཐག་གཅོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཉེས་གཅོད་ལྡོག་སྲིང་སྦྲེལ་མཐུད་བྱ་བ་ཐག་གཅོད་བཟང་པོ་ཐུབ་པ་མངོན་འགྱུར་བྱུང་། 2024ལོར། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བསྡོམས་པས་ཉེས་གཅོད་ལྡོག་སྲིང་སྦྲེལ་མཐུད་གྱོད་གཞི1132བདག་སྤྲོད་བྱས་པ་དང་། ཉེས་དོན་ཉེས་མིང78འདུས་ཡོད་པ་དེ་དངུལ་རྩ་དང་། ས་ཁང་བདག་ཁོངས། འགྲིམ་འགྲུལ་སོགས་ཁྱབ་ཁོངས་མང་པོར་འབྲེལ་ཡོད། སྤྱི་བདེ་དང་། ཁྲལ་དོན། ཚོང་ར་ལྟ་སྐུལ། ཁྲིམས་འཛིན། རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་སྲིད་འཛིན་ལས་ཁུངས11གི་མི872ལ་ཞིབ་དཔྱོད་བསམ་ཚུལ653བཏོན་ནས། སྲིད་འཛིན་ལས་ཁུངས་ཀྱིས་ཞུ་གཏུག་མི་བྱེད་པའི་མི683ལ་སྲིད་འཛིན་ཆད་གཅོད་བྱེད་པར་སྐུལ་མ་བཏང་།