ཡུས་ཧྲུའུ་ཁུལ་གྱིས་བསམ་བློ་ཆབ་སྲིད་གཞི་གཅིག་ཅན་གྱི་བསླབ་ཚན་མ་ལག་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་བླངས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས27ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་བསམ་བློ་ཆབ་སྲིད་སློབ་ཁྲིད་སྟེང་སློབ་མ་རྣམས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་པའི་ང་ཚོས་མེས་རྒྱལ་གྱི་རི་ཆུའི་མཛེས་པ་དངོས་སུ་ཚོར་བྱུང་ཞེས་བསྟོད་བསྔགས་བྱེད་ཀྱིན་འདུག

2023ལོར་ཡུས་ཧྲུའུ་ཁུལ་གྱིས་བསམ་བློ་ཆབ་སྲིད་གཞི་གཅིག་ཅན་གྱི་བསླབ་ཚན་མ་ལག་འཛུགས་པའི་ལས་གཞི་འགོ་བརྩམས་པ་དང་། ཡུས་ཧྲུའུ་ཁུལ་སློབ་གསོ་ཅུའུ་ཡིས་བསམ་བློ་ཆབ་སྲིད་བསླབ་ཚན་གྱི་རིན་ཐང་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བསླབ་ཚན་དང་བསླབ་དེབ། བྱ་འགུལ་གྱི་བྱེད་ཐབས་གཙོ་བོ། སློབ་གསོའི་གཙོ་ཤུགས་བཅས་ཁུངས་སྣེ་བཞི་དམ་འཛིན་བྱས་ནས་ནུས་ཤུགས་བཏོན། ཆུང་ཞིང་མཛེས་ལ། མཛེས་ཤིང་སྤུས་དག་པའི་བསམ་བློ་ཆབ་སྲིད་སློབ་གསོའི་ཟོང་རྟགས་སྐོར་ཞིག་བསྐྲུན་པ་དང་། ཡུས་ཧྲུའུ་སློབ་གསོའི་བསམ་བློ་ཆབ་སྲིད་ཀྱི་རྣམ་པ་གསར་བ་བཏོད་དེ། བསམ་བློ་ཆབ་སྲིད་བྱ་བའི་འགུགས་ཤུགས་དང་འབོད་སྐུལ་ནུས་པ། གཅིག་སྡུད་ནུས་པ་བཅས་མཐོར་འདེགས་བཏང་། 2024ལོར། ཡུས་ཧྲུའུ་ཁུལ་སློབ་གསོ་ཅུའུ་ཡིས་པེ་ཅིང་སློབ་གསོའི་སློབ་གླིང་ཧྲི་ཅིན་ཧྲན་སློབ་གླིང་གི་བསམ་བློ་ཆབ་སྲིད་བྱ་བའི་ལྟེ་གནས་དང་པེ་ཅིང་ཅིན་ཧྲན་སློབ་གྲྭ་ཡོན་དབྱང་སློབ་གླིང་གི་སྣེ་ཁྲིད་དེ་ཁུལ་ཁོངས་སོ་སོའི་སློབ་གསོའི་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་། དྲ་ཐོག་གི་བརྗེ་རེས་བརྒྱུད་ནས། སློབ་སྦྱོང་གི་ཉམས་མྱོང་གསོག་འཇོག་བྱས་ཤིང་། བསླབ་ཚན་ཆེན་པོ་གསུམ་གྱི་འཚོལ་ཞིབ་མ་ལག་ཐོག་མར་བཙུགས་ཏེ། ནང་ཁུལ་སྦྲེལ་མཐུད་ཀྱི་བསླབ་དེབ་གཉིས་སྤྱོད་པའི་བསླབ་ཚན་མ་ལག་དང་བསམ་བློ་ཆབ་སྲིད་དང་སྦྲེལ་མཐུད་བྱེད་པའི་བསླབ་ཚན་མ་ལག  དེ་མིན་སློབ་རིམ་མི་འདྲ་བའི་བརྗོད་གཞི་གཅིག་པའི་རིམ་འཕར་རྣམ་པའི་བསླབ་ཚན་མ་ལག་བཅས་འདུས་ཡོད།

ད་ལོའི་ཟླ5པར། ཀྲུང་གོའི་གཏམ་རྒྱུད་ལེགས་པོར་བཤད་དེ་རིག་གནས་རྒྱུན་འཛིན་བྱེད་པ་དང་། གནའ་སྲོལ་རྒྱུན་འཛིན་དང་རིག་གནས་ཀྱི་ཡིད་རྟོན། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལས་སྐྱེ་ཁམས་བདེ་འཇགས་རྒྱུན་འཁྱོངས་བྱེད་པ་བཅས་བསམ་བློ་ཆབ་སྲིད་སློབ་ཁྲིད་ཆེན་མོ་གསུམ་བཀོད་སྒྲིག་བྱས་པར་བརྟེན། བསླབ་ཚན་འདི་དག་གིས་ཡུས་ཧྲུའུ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་བསམ་བློ་ཆབ་སྲིད་དགེ་རྒན་བདུན་བརྒྱར་ཉེ་བ་དྲ་ལམ་ནས་ལྟ་སྦྱོང་བྱེད་པར་བཀུག ཐེངས་འདིའི་འགྲེམ་སྟོན་སློབ་ཁྲིད་ནི་ཡུས་ཧྲུའུ་ཁུལ་སློབ་གསོ་ཅུའུ་དང་པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་ཁུལ་གྱིས་བསམ་བློ་ཆབ་སྲིད་གཞི་གཅིག་ཅན་བསླབ་ཚན་མ་ལག་མཉམ་དུ་བསྐྲུན་པའི་གྲུབ་འབྲས་གལ་ཆེན་ཡིན་ལ། པེ་ཅིང་དང་ཡུས་ཧྲུའུ་ས་གནས་གཉིས་ཀྱི་དགེ་རྒན་གྱིས་མཉམ་དུ་བསམ་བློ་ཆབ་སྲིད་སློབ་ཁྲིད་གཅིག་བཀོད་སྒྲིག་བྱེད་པའི་བྱ་འགུལ་གྱི་མཚོན་ཚུལ་ཞིག་ཀྱང་རེད། མིག་སྔར། ཡུས་ཧྲུའུ་ཁུལ་གྱི་སློབ་གྲྭ་མང་པོའི་བསམ་བློ་ཆབ་སྲིད་ལས་སྒྲུབ་ཁང་དང་པེ་ཅིང་གིས་བསམ་བློ་ཆབ་སྲིད་སློབ་གསོའི་ཁ་གཏད་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཐོག་མའི་ཕན་འབྲས་མངོན་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།