མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མི་སྐོར་ལྔ་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས27ཉིན་གྱི་ཕྱི་དྲོར། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མི་སྐོར་ལྔ་པའི་བཞུགས་མོལ་ཚོགས་འདུ་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་བརྗེ་རེས་བྱེད་པ།    བསམ་འཆར་དང་གྲོས་གཞིར་ཉན་པ། དངོས་སྒྲུབ་བྱེད་ཐབས་ལ་འཆར་འགོད་བཅས་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་རིམ་སྤོར་ལ་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱི་འགོ་འཛིན་བྱས།

བཞུགས་མོལ་ཚོགས་འདུའི་སྟེང། ལིས་ཡུས་ཧེ་དང་ལིས་ཅན་ཀའོ། ཡན་ཐིན་ཆིན། ལེང་རུང་པོ། ཧོང་ཝུན་ཡུན། མིན་ཆིན་ཁྲིན། ལིའུ་པོ། ཝང་ཅ། ཧྲན་གོ་ཏུང་། ཐང་ཧྲིན་ཧྲིན་སོགས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མི10ཡིས་གཏམ་བཤད་པ་དང་། བརྩེ་སེམས་ཟབ་མོའི་སྒོ་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་སྐབས་ཀྱི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཤིང་། བསམ་འཆར་དང་གྲོས་གཞི་བཏོན། ཝུའུ་ཞའོ་ཅུན་གྱིས་ཚང་མའི་གཏམ་བཤད་ལ་རེ་རེ་བཞིན་ལན་བཏབ་པ་མ་ཟད།  འབྲེལ་ཡོད་སྡེ་ཁག་གིས་ཞིབ་འཇུག་དངོས་འབེབས་བྱེད་དགོས་པའི་བླང་བྱ་བཏོན།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་སྐོར་ལྔ་པས་མཚོ་སྔོན་གྱི་འཕེལ་རྒྱས་ཐད་བཞག་པའི་བྱས་རྗེས་ལ་བླ་མེད་གུས་འདུད་དང་སེམས་གཏིང་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་ཀྲུང་དབྱང་གི་གདེང་འཇོག་མཐོན་པོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཆེན་པོ། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག རྒྱ་ཆེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་མཐོ་སྒང་ལ་གཞི་ཚུགས་ནས་མཚོ་སྔོན་ལ་ལེགས་སྐྱེས་ཕུལ་བ་དང་། གོམ་སྟབས་ལ་བརྟེན་ནས་མེས་རྒྱལ་གྱི་ས་གཞི་ཆེན་པོར་ཚད་འཇལ་བྱེད་པའི་ཁྲོད་དུ་རྒྱལ་ཁབ་ཀྱི་གནས་བབས་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། མཐོ་སྒང་གི་དཀའ་སྡུག་ཆེ་བའི་རང་བྱུང་ཁོར་ཡུག་ཁྲོད་དུ་བློ་རྩ་བརྟན་པོས་སྦྱོང་བརྡར་བྱེད་པ། དཀའ་ངལ་དང་ཉེན་ཁར་མི་འཛེམ་པ་དང་འགག་སྒྲོལ་གྱི་འཐབ་འཛིང་ཁྲོད་དུ་འཇོན་ཐང་དང་ཉམས་མྱོང་ཇེ་ཆེར་བཏང་བས།  མཚོ་སྔོན་ལ་དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་རྒྱབ་སྐྱོར་བྱས་པ་དང་། འགྲོ་འོང་དང་བརྗེ་རེས་མཉམ་འདྲེས་ཀྱི་བརྩེ་སེམས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཉམས་མྱོང་དང་།  འགན་འཁྲི་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་བཅས་བཞག་ནས། རིགས་སོ་སོའི་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་གཞི་ཆེན་པོའི་དྲོད་སྐྱིད་ཚོར་དུ་བཅུག

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་ལ་ཡོང་བ་ནི་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཚང་མའི་མི་ཚེའི་ཁྲོད་ཀྱི་རྩ་ཆེའི་རྒྱུ་ནོར་རེད། ཕ་ཡུལ་དང་ཁ་བྲལ་ཏེ་མཚོ་འཕང་མཐོ་བའི་ས་ཁུལ་དུ་བྱ་བ་བསྒྲུབས་པས། ཚང་མས་བློ་སྟོབས་སྦྱོང་བརྡར་བྱས་པ་དང་།    ནུས་པ་དང་འཇོན་ཐང་ཆེ་རུ་ཕྱིན་ཡོད་ལ།    བསམ་བློའི་གོ་རྟོགས་མཐོ་རུ་ཕྱིན་ཡོད་པས།    དཀའ་ངལ་ཇི་ཙམ་ཆེ་ན་མི་ཚེའི་ཁྲོད་ཀྱི་ཉམས་མྱོང་དེ་ཙམ་གྱིས་མྱོང་ཚོར་བྱེད་ཐུབ།  མཚོ་སྔོན་དུས་ནམ་ཡང་ཚང་མའི་ཕ་ཡུལ་གཉིས་པ་ཡིན་ལ། ས་གཞི་འདིའི་སྟེང་ཁྱོད་ཚོས་འབད་འཐབ་བྱས་པའི་རྗེས་ཤུལ་ཡོད་པ་དང་། སེམས་ཁུར་བྱེད་པའི་མང་ཚོགས་ཡོད་ལ། ཁྱོད་ཚོར་དགའ་བའི་ལས་དོན་བཅས་ཡོད་པས། ཚང་མས་མུ་མཐུད་དུ་མཚོ་སྔོན་ལ་དོ་ཁུར་དང་། མཚོ་སྔོན་དྲིལ་སྒྲོག་བྱེད་པ། མཚོ་སྔོན་ལ་རྒྱབ་སྐྱོར་བྱེད་པ། མཚོ་སྔོན་འཕེལ་རྒྱས་གཏོང་ཆེད་བསམ་འཆར་དང་ཐབས་ཇུས་འདོན་པ། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་བཤད་པའི་རེ་བ་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་སྐོར་ལྔ་པ་དང་དྲུག་པའི་ཕྱོགས་བསྡོམས་དང་བརྗེ་རེས་བྱ་བ་ཡག་པོར་སྒྲུབ་སྟེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་བྱས་རྗེས་སྔར་ལས་ཆེ་བ་མངོན་པ་དང་བྱས་རྗེས་སྔར་ལས་ཆེ་བ་འཇོག་རྒྱུར་ཁོར་ཡུག་བཟང་པོ་བསྐྲུན་དགོས།

ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱེད་སྐབས་བཤད་རྒྱུར། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་སྐོར་ལྔ་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི། བརྩེ་སེམས་དང་འགན་འཁྲི། ལྷག་བསམ་དང་ལེགས་སྐྱེས་འབུལ་བ་བཅས་མཛེས་སྡུག་གི་མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་ཕུལ་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་ཇེ་ལེགས་སུ་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ། སྤྱོད་ཚུལ་བཟང་པོ་བཅས་ཕྱོགས་བསྡོམས་ནན་ཏན་དང་། རྒྱ་སྐྱེད་དང་བེད་སྤྱོད་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་སྐོར་ཁག་ལྔ་པ་དང་དྲུག་པའི་བྱ་བ་ཡོངས་འགྲུབ་བྱས་ནས། མཚོ་སྔོན་ལ་མུ་མཐུད་དུ་དོ་ཁུར་བྱེད་པ་དང་མཚོ་སྔོན་གྱི་གཏམ་རྒྱུད་མང་ཙམ་བཤད་པ། མཚོ་སྔོན་གསར་པའི་དེང་རབས་ཅན་འཕེལ་རྒྱས་གཏོང་བར་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཐད་སེམས་ཁུར་དང་།   བྱ་བའི་ཐད་སེམས་ཤུགས་འདོན་པ། འཚོ་བ་དང་དོ་དམ་ཐད་སེམས་ཁུར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་ཁོར་ཡུག་བཟང་པོ་བསྐྲུན་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་སླར་ཡང་སྐས་རིམ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།

ཀྲང་ཅིན་ཀང་དང་ཀྲའོ་ཡུའེ་ཞ། ཀྲུའུ་ཞང་ཧྥིན་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།