གཅན་ཚ་རྫོང་གི་ལས་འཁྱུར་ངལ་གསོའི་ལས་བྱེད་པས“དབུ་དཀར་སྟོབས་ཤུགས”ལ་བརྟེན་ནས་འཕྲིན་ལན་སྙིང་སྟོབས་ལག་བསྟར་བྱས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

—“གཙང་པོའི་མགོ་ཁུངས་སུ་དངུལ་མདོག་འཚེར.ལྷག་བསམ་ཟོལ་མེད་ཀྱིས་དཔལ་ཡོན་བསྐྲུན”ཞེས་པའི་དཔལ་ཡོན་གྲོང་ཁྱེར་བསྐྲུན་པའི་དང་བླངས་ཞབས་ཞུའི་བྱ་འགུལ།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབུ་དཀར་འགུལ་སྐྱོད”དང་བླངས་པ་རྒན་པའི་འཐུས་ཚབ་པ་དང་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་ཀྱི“རྒན་གྲས་སྒྲོག་འགྲེལ་ཚོགས་པ”ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། ཟླ6པའི་ཚེས19ཉིན། ལས་འཁྱུར་ངལ་གསོའི་ལས་བྱེད་པ70ལྷག་རྩ་འཛུགས་བྱས་ཏེ“གཙང་པོའི་མགོ་ཁུངས་སུ་དངུལ་མདོག་འཚེར.ལྷག་བསམ་ཟོལ་མེད་ཀྱིས་དཔལ་ཡོན་བསྐྲུན”ཞེས་པའི་དཔལ་ཡོན་གྲོང་ཁྱེར་བསྐྲུན་པའི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བ་དང་། སློབ་སྦྱོང་ལ་བརྟེན་ནས་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ་དང་། འགུལ་སྐྱོད་ལ་བརྟེན་ནས་སློབ་སྦྱོང་ལག་བསྟར་བྱས་ཏེ། འཕྲིན་ལན་སྙིང་སྟོབས་དེ་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་འགུལ་སྐྱོད་དུ་བསྒྱུར།

བྱ་འགུལ་ཁྲོད། “དབུ་དཀར”དང་བླངས་པ་ཚོས་ལུས་ལ་སྟོད་ཀོར་དམར་པོ་གྱོན་ཏེ། དཔལ་ཡོན་གྲོང་ཁྱེར་བསྐྲུན་པའི་འཐབ་ཕྱོགས་དང་པོར་ཞུགས།

རྨ་ཆུའི་འགྲམ་རྒྱུད་དུ། “དབུ་དཀར”དང་བླངས་པ་ཚོས་ལག་ལ་སྐམ་པ་དང་། གད་སྙིགས་འགྱིག་སྣོད་བཟུང་ནས། ཆུ་ངོགས་སྤྱི་གླིང་གི་ཤིང་ཟམ་དེད་དེ་གྲམ་པའི་ནང་གི་འགྱིག་དམ་དང་། ཐ་མག་རོ་ཏོ་སོགས་སྙིགས་རོ་གཙང་སེལ་བྱས་པ་དང་། སྲང་རྒྱབ་ལམ་ཕྲན་དུ་བསྐྱོད་ནས། སྤུངས་གསོག་བྱས་པའི་གད་སྙིགས་དང་ཅ་ལག་ཆབ་ཆོབ། གཙང་སྦྲ་བྱེད་ཡུལ་གྱི་ཟ་ཟུར་ཀུན་ལ་རྩ་བ་ནས་གཙང་སེལ་བྱས་པ་དང་། གློག་སྡོང་སྟེང་དང་དྲིལ་སྒྲོག་སྦྱར་བྱང་སྟེང་གི“གླང་ཤུ”བརྡ་ཁྱབ་བཀོག་སྟེ། དུས་ཡུན་རིང་པོར་གསོག་ཉར་བྱས་པའི་དངོས་པོ་ཆབ་ཆོབ་དང་བརྡ་ཁྱབ་ཆུང་ཆུང་ཁྱོན་ཡོངས་ནས་གཙང་སེལ་བཟོ་བ་མངོན་འགྱུར་བྱས་ཤིང་། སྡོད་དམངས་གཞིས་ཁུལ་དུ་བསྐྱོད་དེ། གད་སྙིགས་རིགས་དབྱེའི་ཤེས་བྱ་སྐད་གཉིས་ཀྱི་ལམ་ནས་དྲིལ་སྒྲོག་བྱས་པ་དང་། སྡོད་དམངས་ཀྱི་ཁོར་སྲུང་དང་གད་སྙིགས་རིགས་དབྱེའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། གོམས་གཤིས་བཟང་པོ་ཆགས་པར་རོགས་རམ་བྱས་ལ། ཐིའེ་ལིང་ལམ་དང་། རྨ་ཆུ་ལམ་སོགས་གཞུང་ལམ་གཙོ་བོ་རུ། དང་བླངས་པ་རྣམས་ཀྱིས“ཁ་ཏ་སློབ་སྟོན+དཔེ་གཞི་འགྲེལ་བཤད”ཀྱི་རྣམ་པར་བརྟེན་ནས། གློག་དམར་ལ་འགལ་བ་སོགས་ཚུལ་ལྡན་མིན་པའི་བྱ་སྤྱོད་ངང་རྒྱུད་རིང་པོས་ཡོ་བསྲང་བྱས་ཤིང་། རིམ་རྩིས་ཀྱིས་ཞི་འཇམ་ཁ་ཏ་སློབ་གསོ20བྱས་པ་དང་། དྲིལ་སྒྲོག་ལག་དེབ100ལྷག་བྱིན།

བྱ་འགུལ་ཁྲོད། “དབུ་དཀར”དང་བླངས་པ་ཚོས“ལས་གནས་དང་བྲལ་ཡང་ཏང་དང་མི་འབྲལ་བ་དང་ལས་འཁྱུར་བྱས་ཀྱང་རང་མདོག་མི་འགྱུར་བ”ཡི་འགན་འཁྲི་ཁག་ཁུར་ལ་བརྟེན་ནས། རྫོང་མཁར་གྱི་ཁོར་ཡུག་གནས་བབ་ལེགས་བསྒྱུར་བྱས་པ་དང་། གྲོང་ཁྱེར་གྱི་དཔལ་ཡོན་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད“དབུ་དཀར་སྟོབས་ཤུགས”བསྩལ།

རྗེས་མར། གཅན་ཚ་རྫོང་གིས་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་དགོས་མཁོ་དང་རེ་བར་དམིགས་ནས། ཞབས་ཞུའི་རྣམ་པ་གསར་གཏོད་དང་། ཞབས་ཞུའི་གོ་རིམ་ལེགས་སྒྱུར་བྱས་ཏེ། ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཆབ་སྲིད་དགེ་མཚན་དང་། ཉམས་མྱོང་དགེ་མཚན། དབང་གྲགས་དགེ་མཚན་བཅས་སྔར་ལས་སྐུལ་སློང་བྱ་རྒྱུ་ཡིན་པ་དང་། ཁོ་ཚོ་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ར་གཙོ་བོར་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བྱས་ཏེ། དཔལ་ཡོན་འཛུགས་སྐྲུན་དང་། གཞི་རིམ་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ཁྱབ་ཁོངས་སུ་ནུས་པ་འདོན་དུ་འཇུག་རྒྱུ་དང་། གཅན་ཚའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ལམ་གསར་པའི་ཁྲོད་སྔར་ལས་མཚར་སྡུག་ལྡན་པའི་སྣང་བརྙན་མངོན་དུ་འཇུག་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།