རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ6པའི་ཚེས27ཉིན་ཀྲུའུ་ཞིའི་བཀའ་རྒྱ་ཨང་ཞེ་དགུ་པ་དང་ཨང་ལྔ་བཅུ་པར་མཚན་རྟགས་བཀོད། ཀྲུའུ་ཞིའི་བཀའ་རྒྱ་ཨང་ཞེ་དགུ་པ་ལས་གསུང་རྒྱུར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་ལས2025ལོའི་ཟླ་6པའི་ཚེས་27ཉིན་བཟོ་བཅོས་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ། 2026ལོའི་ཟླ1པའི་ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
ཀྲུའུ་ཞིའི་བཀའ་རྒྱ་ཨང་ལྔ་བཅུ་པ་ལས་གསུང་རྒྱུར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་ལས 2025ལོའི་ཟླ6པའི་ཚེས་27ཉིན་བཟོ་བཅོས་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ། 2025ལོའི་ཟླ10པའི་ཚེས15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།