ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་ཆུ་ལོག་གསོག་ཁུལ་དུ་ཁ་གསབ་བྱེད་ཐབས་ཁྱབ་བསྒྲགས་བྱས་ཏེ་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་འགོ་བརྩམས།
བྱེད་ཐབས་སུ་ཆུ་ལོག་གསོག་ཁུལ་གྱི་ཁ་གསབ་བྱ་བའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་གཞི་ཚུགས་ནས། ཆུ་ལོག་གསོག་ཁུལ་གྱི་ཁ་གསབ་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས་ལ་བཟོ་བཅོས་བྱས།
གཅིག་ནས་ཁ་གསབ་བྱ་ཡུལ་བཅོས་སྒྱུར་བྱས། ཆུ་ལོག་གསོག་ཁུལ་གྱི་ཁ་གསབ་བྱ་ཡུལ་ནི་ཆུ་ལོག་གསོག་ཁུལ་གྱི་རྒྱུན་སྡོད་ཁྱིམ་ཐོ་ཡོད་པའི་སྡོད་དམངས་ཕུད། ད་རུང་ཆུ་ལོག་གསོག་ཁུལ་དུ་ཁྲིམས་ལྟར་ཐད་ཀར་འདེབས་འཛུགས་དང་གསོ་སྤེལ་བྱ་བ་སྒྲུབ་པའི་ཞིང་ལས་ཐོན་སྐྱེད་པ་དང་ཆུ་ལོག་གསོག་ཁུལ་གྱི་སྡོད་ཁང་ལ་བདག་དབང་ཡོད་མཁན་ཡང་ཚུད་ཡོད་པར་བྱས།
གཉིས་ནས་ཁ་གསབ་ཁྱབ་ཁོངས་འཐུས་ཚང་དུ་བཏང་། ཁྱིམ་ཚང་ཕུད་པའི་ཞིང་ལས་ཐོན་སྐྱེད་མཁན་གཞན་དག་གི་ཞིང་ལས་ཐོན་སྐྱེད་འཕྲུལ་ཆས་རྣམས་ཁ་གསབ་ཁྱབ་ཁོངས་སུ་བཞག
གསུམ་ནས་ཁ་གསབ་བྱེད་ཐབས་འཐུས་ཚང་དུ་བཏང་། གཏན་ཁེལ་ཁྱབ་ཁོངས་ནང་གི་གྱོང་གུན་ལ་རིགས་དབྱེ་ནས་རིན་ཐང་གཏན་ཁེལ་བྱ་རྒྱུ་ལག་བསྟར་བྱས།
བཞི་ནས་ཁ་གསབ་འགྲོ་ལུགས་ལེགས་སྒྱུར་བྱས། ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་གྱི་སྤྱིའི་གྲངས་ཀྱི་བརྒྱ་ཆའི70%སྟེར་འགན་ཁུར།