ཟླ6པའི་ཚེས27ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དང་ཀྲུང་གོ་ཝུའུ་ཁོང་ཚད་ཡོད་ཀུང་ཟིས་ཟི་ལིང་ནས་བྱང་ཡོལ་ལེན་པ་དང་གྲོས་མཐུན་འགོད་པའི་བྱེད་སྒོ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཀྲུང་གོ་ཝུའུ་ཁོང་གི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ཁྲིན་ཏི་ཞིན་དང་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། སྤྱིའི་བདག་གཉེར་ཀྲུའུ་ཁི་པེན་སོགས་དང་བཞུགས་མོལ་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཁྲིན་ཏི་ཞིན་སོགས་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། ཀྲུང་གོ་ཝུའུ་ཁོང་གིས་དུས་ཡུན་རིང་བོར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་དང་ཀྲུང་གོ་ཝུའུ་ཁོང་གིས་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་མཐོན་པོས་གསར་དུ་བཙུགས་པའི་ཀྲུང་གོའི་ཚྭ་མཚོ་བཟོ་ལས་སྡེ་ཚོགས་ཀྱིས་རང་རྒྱས་བརྟན་བརླིང་གི་རྣམ་པ་གསར་བ་མངོན་པར་སྐུལ་འདེད་བཏང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཚུགས་ས་གསར་བ་རུ་འགྲེང་ནས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཐུན་སྦྱོར་མཉམ་ལས་དང་གནད་དོན་མཉམ་དུ་ཐག་གཅོད་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད་པ་དང་། ཚྭ་མཚོ་ཐོན་ལས་སྣེ་མཐོ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་དུ་བསྒྱུར་བར་དམིགས་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་འདོམས་སྒོས་སྐུལ་འདེད་གཏོང་བ་དང་། ཕྲེང་འབྲེལ་རྒྱུན་བསྲིང་དང་ཁ་གསབ། དར་རྒྱས་སུ་གཏོང་བར་ཤུགས་འདོན་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མགྱོགས་མྱུར་སྒོས་མཉམ་བསྲེས་ཟབ་མོ་བྱས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ཐད་ནས་གོམ་སྟབས་བརྟན་པོ་བསྒྱུར་བར་མཉམ་དུ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཝུའུ་ཁོང་གིས་ཟོང་སྐྱེལ་དང་གྱོན་གོས་ཉོ་ཚོང་། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། མཚོ་སྔོན་གྱི་ཐོན་ལས་གྲུབ་ཚུལ་དང་དངུལ་གཏོང་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་རྒྱུའི་རེ་བ་ཡོད་ལ། མཚོ་སྔོན་གྱིས་སྔར་བཞིན་དུ་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བཟང་བོར་བསྒྲུབ་ནས། སྟོབས་ཤུགས་ཡོད་རྒུས་ཁེ་ལས་མཚོ་སྔོན་ནས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
ཁྲིན་ཏི་ཞིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་ཝུའུ་ཁོང་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། ཀྲུང་གོ་ཝུའུ་ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དང་མཉམ་དུ་ཀྲུང་གོའི་ཚྭ་མཚོ་བཙུགས་པའི་ཚུན་དུ། ལྕགས་རིགས་གཏེར་ལས་ཀྱི་ཐོན་ལས་ཧྲིལ་བོའི་ཕྲེང་འབྲེལ་གཞི་གཅིག་ཅན་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ལ། ཉིན་བརྒྱའི་མཉམ་བསྲེས་དང་གསར་བསྒྱུར་འགུལ་སྐྱོད་སྣེ་ཁྲིད་དུ་བྱས་ཏེ། སྡེ་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཀྲུང་གོའི་ཚྭ་མཚོས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པས། གྲུབ་འབྲས་མངོན་གསལ་བླངས། ཀྲུང་གོ་ཝུའུ་ཁོང་དང་མཚོ་སྔོན་གྱི་ཉེ་བའི་ལོ་འགའི་རིང་ལ་སྤེལ་བའི་ཕྱོགས་ཡོངས་ཀྱི་རིམ་པ་ཟབ་པའི་མཉམ་ལས་ཀྱིས་ཀྲུང་དབྱང་དང་ས་གནས་མཉམ་ལས་ཀྱི་མིག་དཔེ་བསྐྲུན། ཕྱོགས་གཉིས་ཀྱིས་ཐེངས་འདིའི་བྱ་འགུལ་གོ་སྐབས་སུ་བརྩིས་ནས། གནས་མཐོ་ནུས་ལྡན་སྒོས་མཉམ་ལས་སྤེལ་བ་དང་། ལས་གཞི་ལག་བསྟར་དམ་འཛིན་བྱེད་རྒྱུའི་རེ་བ་བཅངས་ཡོད། ཀྲུང་གོ་ཝུའུ་ཁོང་གིས་ཀྲུང་དབྱང་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་ཚོད་འཛིན། བདེ་འཇགས་འདེགས་སྐྱོར་གྱི་ནུས་པ་གསུམ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
བྱེད་སྒོའི་སྐབས་སུ། ལུའོ་ཏུང་ཁྲོན་དང་ཁྲིན་ཏི་ཞིན་གྱིས་རྒྱལ་ཁབ་འཐབ་ཇུས་རང་བཞིན་གྱི་དཀོན་པའི་ལྕགས་རིགས་གཏེར་ཐོན་ནུས་ལྡན་གསར་སྤེལ་ལག་རྩལ་གསར་གཏོད་ལྟེ་གནས་མཚོ་སྔོན་ཡན་ལག་ལྟེ་གནས་ཀྱི་བྱང་ཡོལ་བླངས་པ་དང་། ཀྲང་ཅིན་ཀང་དང་ཀྲུའུ་ཁི་པེན་གྱིས་ཀྲུང་གོ་ཨིན་ཧྥེ་ཚྭ་མཚོའི་ལག་རྩལ་ཞིབ་འཇུག་གླིང་གི་བྱང་ཡོལ་བླངས། བྱ་འགུལ་ཡུལ་དངོས་ནས། ཀྲུང་གོ་ཝུའུ་ཁོང་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནུབ་བྱང་ཁུལ་ཁོངས་སྤྱི་ཁྱབ་པུའུ་དང་མཚོ་སྔོན་ཞིང་ཆེན་ས་གཤིས་གཏེར་ཐོན་རྩད་ཞིབ་གསར་སྤེལ་ཅུའུ་ཡི་འཐབ་ཇུས་མཉམ་ལས་གྲོས་མཐུན་དང་ཀྲུང་གོའི་ཚྭ་མཚོའི་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་ཀྲུང་གོའི་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོའི་ཞིབ་འཇུག་ཁང་གི་འཐབ་ཇུས་མཉམ་ལས་གྲོས་མཐུན། མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཞོང་ཕྱོགས་བསྡུས་ས་གཤིས་གཏེར་ཐོན་རྩད་ཞིབ་གླིང་གི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཅས་གྲོས་མཐུན་བཀོད།
ཀྲུའུ་ཞང་ཧྥིན་བྱེད་སྒོར་ཞུགས།