ཟླ6ཚེས27ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ནན་ཉིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ནུང་ཧྲིན་ཝུན་གྱིས་སྣེ་ཁྲིད་པའི་ནན་ཉིང་གྲོང་ཁྱེར་ཏང་སྲིད་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པར་ཐུག་འཕྲད་བྱས།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པར་དགའ་བསུ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གྱི“གནས་བཞི”འཛུགས་སྐྲུན་བྱས་ནས་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་འགྲོ་བའི་འགྲན་ལམ་གསར་པ་གཏོད་བཞིན་ཡོད། མཚོ་སྔོན་དང་ཀོང་ཞི་ཡི་མཉམ་ལས་བར་སྟོངས་རྒྱ་ཆེ་ཞིང་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད་པས། ཕྱོགས་གཉིས་ཀྱིས་མིས་ཐབས་རིག་ནུས་འཕེལ་རྒྱས་ཀྱི་དུས་རབས་ཀྱི་གོ་སྐབས་མཉམ་སྤྱོད་དང་། བརྗེ་རེས་མཉམ་ལས་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ལྗང་མདོག་རྩིས་གློག་མཐུན་སྦྱོར་དཔེ་སྟོན་ཁུལ་མཉམ་སྐྲུན་ཇེ་མགྱོགས་སུ་གཏོང་བ། “ཀོང་ཞི་དང་མཚོ་སྔོན་གྱི་རྩིས་ནུས”ལག་བསྟར་བྱེད་པར་མཉམ་དུ་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་ལེའུ་གསར་པ་གཏོད་རྒྱུར་རེ་བ་བྱེད་ཀྱིན་ཡོད།
ནུང་ཧྲིན་ཝུན་གྱིས་ཀོང་ཞི་དང་ནན་ཉིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་། ཁོས་བསྟན་དོན། མཚོ་སྔོན་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ལེགས་པོར་སློབ་སྦྱོང་དང་དཔེ་ལྟ་བྱས་ཏེ། ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་སོགས་སྲིད་ཇུས་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀོང་ཞི་དང་མཚོ་སྔོན་དང་། ནན་ཉིང་དང་ཟི་ལིང་གི་ལྗང་མདོག་རྩིས་ནུས་དང་ནུས་ཁུངས་གཙང་མ། དཔལ་འབྱོར་ཚོང་དོན། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་གཏིང་ཟབ་བྱས་ནས། དགེ་མཚན་གསབ་རེས་དང་ཕན་ཚུན་ལ་ནུས་པ་སྤྲོད་པའི་ཁྲོད་སྔར་ལས་ཆེ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ཡིན།
ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་ཐུག་འཕྲད་ལ་ཞུགས།