ཀྲུང་གོ་དང་དབྱི་ཐ་ལིའི་བར་འབྲེལ་བ་བཙུགས་ནས་ལོ55འཁོར་བའི་སྐབས་འདིར། ཀྲུང་གོ་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྒྲིག་བཟོ་བྱས་པའི་ལེ་ཚན་ཆེ་གྲས《ཞི་ཅིན་ཕིང་གི་རིག་གནས་དུང་ཞེན》ཞེས་པ་གཏོང་འགོ་ཚུགས་པའི་བྱེད་སྒོ་ས་དེའི་དུས་ཚོད་ཟླ6པའི་ཚེས25ཉིན་རོ་མ་རུ་སྤེལ།
《ཞི་ཅིན་ཕིང་གི་རིག་གནས་དུང་ཞེན》ཞེས་པའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ལ་དོ་ཁུར་གནང་བའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བདམས་ཡོད་པ་དང་། ཁོང་གི“རིག་གནས་དར་ན་རྒྱལ་ཁབ་དར་བ་དང་། རིག་གནས་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན་པའི”དགོངས་པ་ཟབ་མོ་དང་རིག་གནས་ཤུལ་བཞག་ལ་གཅེས་སྤྲས་བྱེད་པ། ལོ་རྒྱུས་ཀྱི་རྩ་བ་རྒྱུན་འཛིན་བྱེད་པ་བཅས་ཀྱི་བརྩེ་སེམས་ཟབ་མོ་མངོན་ཏེ། རྒྱལ་སྤྱིའི་མང་ཚོགས་ལ་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སྙིང་པོ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་འདུ་ཤེས་ཀྱི་རིག་གནས་རྨང་གཞི་ཟབ་མོ་རྒྱས་བཤད་གནང་ཡོད། ལེ་ཚན་ལས་ཧི་པེ་ཀྲིན་ཏེན་དང་ཧྥུའུ་ཅན་ཞ་མོན། ཀྲེ་ཅང་ཧང་ཀྲོའུ། ཀན་སུའུ་ཏུན་ཧོང་སོགས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱག་ལས་གནང་བའམ་རྟོག་ཞིབ་གནང་མྱོང་བའི་ས་ཆར་བཅར་འདྲི་བྱས་ནས། འདྲ་བརྙན་རྒྱུ་ཆ་དང་བཅར་འདྲི་བྱེད་པ་སོགས་སྣ་མང་གི་དོན་བརྗོད་བྱེད་སྟངས་བརྒྱུད། དུས་རབས་གསར་པའི་ཀྲུང་གོའི་དཔལ་ཡོན་གྱི་འབྱུང་ཁུངས་འཚོལ་ཞིབ་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཐད་ཀྱི་ལག་ལེན་མངོན་ཡོད་པ་མ་ཟད། ཀྲུང་ཧྭའི་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་བ་དང་རྒྱ་ཆེ་ཞིང་གཏིང་ཟབ་པ། མཉམ་སྡུད་མཉམ་གསོག་བཅས་ཀྱི་ཐུན་མོང་མ་ཡིན་པའི་འགུག་ཤུགས་མངོན་ཡོད།
ཉིན་དེ་ནས་བཟུང་། 《ཞི་ཅིན་ཕིང་གི་རིག་གནས་དུང་ཞེན》ཞེས་པ་དབྱི་ཐ་ལིའི་ཨ་ཨར་མ་བརྙན་འཕྲིན་ཁང་དང་ཏོ་ན་བརྙན་འཕྲིན་ཁང་། ཡུལ་སྐོར་བརྙན་འཕྲིན་ཁང་། ལཱ་ཆི་ཨའོ་བརྙན་འཕྲིན་ཁང་། ལོན་པ་ཏིའི་གྲོང་ཁྱེར་བརྙན་འཕྲིན་ཁང་། རོ་མ་ཁོ་ལུའོ་ནཱ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མུས་ལན་ཕ་ཝེ་ཡའི་བརྙན་འཕྲིན་ཁང་། དབྱི་ཐ་ལིའི《མུས་ལན་ནོར་སྲིད་དཔལ་འབྱོར་ཚགས་པར》གྱི་དྲ་ཚིགས་སོགས་དབྱི་ཐ་ལིའི་གཙོ་རྒྱུག་སྨྱན་བྱད30ལྷག་གིས་གཅིག་རྗེས་གཉིས་མཐུད་དུ་བཏང་།