ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས26པ་གཟབ་རྒྱས་ངང་མགོ་བརྩམས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ6པའི་ཚེས25ཉིན། “སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས”བརྗོད་དོན་ཡིན་པའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས26པ་ཟི་ལིང་དུ་གཟབ་རྒྱས་ངང་མགོ་བརྩམས།

ཟླ6པའི་ཚེས25ཉིན། “སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས”བརྗོད་དོན་ཡིན་པའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས26པ་ཟི་ལིང་དུ་གཟབ་རྒྱས་ངང་མགོ་བརྩམས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དམངས་གཙོ་མཐའ་མཐུན་ཀྲུང་དབྱང་རྒྱུན་ལས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀོང་ཆན་གྱིས་ཤིས་ཚིག་ཕུལ་ནས་མགོ་བརྩམས་པར་ཁྱབ་བསྒྲགས་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་གནང་། ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲི་ཀྲང་ཀུང་ཀྲིན་ཚོགས་འདུར་ཞུགས། པོ་ཧའེ་ཡི་ཀྲུང་གོར་བཅའ་སྡོད་བྱས་པའི་གཞུང་ཚབ་པ་ཞི་ཉི་ཧྲ་པེ་ཨར་དབྱང་། མོ་ཞི་ཀོའུ་ཡི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་གི་གཞུང་ཚབ་བློན་ཆེན་ཨེན་རུའེ་ཁེན་ཨའེ་སི་ཁ་སྨི་ཡ། པེ་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་སུང་ཧྲུའོ། འཛམ་གླིང་ཡུལ་སྐོར་མནའ་མཐུན་གྱི་ཀྲུའུ་ཞི་གཞོན་པ་ཞུའུ་ཕེང་གིས་ཤིས་ཚིག་ཕུལ། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཀྲིན་ཝའེ་མིང་དང་རྒྱལ་ཁབ་གློག་གཏོང་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ལིའུ་མིང་ཧྲིན། མིང་དབྱང་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ཀྲང་ཁྲོན་ཝའེ་གཉིས་ཀྱིས་གཏམ་བཤད།

ཝང་ཀོང་ཆན་གྱིས་མཚོ་སྔོན་གྱི་ཚོང་ཚོགས་འཚོགས་པར་ལྷག་བསམ་འཁོལ་བས་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། ལྗང་མདོག་ཚུལ་སྒྱུར་ནི་གདམ་གསེས་དྲི་བ་མ་ཡིན་པར། མིའི་རིགས་ཡུན་རིང་འཕེལ་རྒྱས་ཀྱི་ངེས་པར་ལན་གདབ་དགོས་པའི་དྲི་བ་ཡིན། སྒོ་འབྱེད་མཉམ་ལས་ནི་འཐབ་ཇུས་མ་ཡིན་པར། དཔལ་ཡོན་མདུན་སྐྱོད་ཀྱི་དུས་གཏན་གྱི་བརྗོད་གཞི་ཡིན། ད་ལྟའི་མཚོ་སྔོན་ནི། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གསོན་ཉམས་དོད་པའི་དཔེ་གཞི་ཞིག་ཡིན་པར་མ་ཟད། གོ་ལ་ཧྲིལ་པོའི་ལྗང་མདོག་འཕེལ་རྒྱས་ཀྱི་ཟབ་ཞུགས་པ་གལ་ཆེན་ཞིག་ཀྱང་ཡིན། “ཀྲུང་ཧྭའི་ཆུ་ལྕོག”ཅེས་མཚན་སྙན་བསྩལ་པའི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མཐོ་ས་འདིར་འགྲེངས་ནས། ཕྱོགས་སོ་སོས་ཐེངས་འདིའི་མཚོ་སྔོན་ཚོང་ཚོགས་མགོ་རྩོམ་ས་གསར་པ་ཞིག་ཏུ་འཛིན་པ་དང་། དངོས་གཉེར་མཉམ་ལས་ཟབ་མོར་སྤེལ་བ། ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སློང་བ། སྒོ་འབྱེད་མཐུན་སྦྱོར་དེ་སྦྲེལ་ཐག་ཏུ་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པ། དམངས་འཚོ་ལེགས་བཅོས་གཞི་རྩར་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་མཉམ་སྤྱོད་བྱེད་པ། ལྗང་མདོག་གི་ཐུན་མོང་ངོས་འཛིན་གཅིག་ཏུ་སྡུད་པ། སྒོ་འབྱེད་སྟོབས་ཤུགས་ཕྱོགས་བསྡུས་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་བགྲོད་ལམ་ཐོག ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་རྩོམ་དགོས།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་མཛད་ནས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་བས་དགའ་བསུ་ཞུས། ཁོང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་གནང་བ་དང་། ན་ནིང་མཚོ་སྔོན་ལ་གཟིགས་ཞིབ་ཐེངས་གསུམ་པ་གནང་སྟེ། མཚོ་སྔོན་ལ་ཁ་ཕྱོགས་གསར་པ་བསྟན་པ་དང་འགན་འཁྲི་གསར་པ་བསྩལ། ད་ལྟ། “མཐོ་འཁྱག”གི་མཚོ་སྔོན་ཀྱིས“གཟི་བརྗིད”ཀྱི་དུས་སྐབས་བསུ་བཞིན་ཡོད་ཅིང་། “མཁའ་དབྱིངས་མཐོན་པོ་དང་ས་གཞི་མཐུག་པོ”དེ་དངུལ་གཏོང་གི“གནས་མཆོག”ཏུ་གྱུར་ཟིན། ང་ཚོས་བློ་གཅིག་མཉམ་བརྩོན་དང་ངར་ཤུགས་མཉམ་སྐྱེད་བྱས་ཏེ། སྐྱེ་ཁམས་ཐོན་ཁུངས་ཀྱི་དཔལ་འབྱོར་རིན་ཐང་ལག་གདང་སྦྲེལ་ནས་མྱུར་ཏུ་གློད་པ་དང་། ཚན་རྩལ་གསར་གཏོད་གཙོ་སྐུལ་ཡིན་པའི་ཐོན་ལས་སྐྱེ་ཁམས་མྱུར་ཏུ་གསོ་སྐྱོང་བྱེད་པ། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ཐོག་གོམ་སྟབས་གསར་པ་སྤོ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཆར་འགོད་མཛད་པའི་རྔམ་བརྗིད་ལྡན་པའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དངོས་ཡོད་དུ་བསྒྱུར་ཏེ། སྔར་ལས་དར་རྒྱས་དང་ལྗང་མདོག མཉམ་སྤྱོད་བཅས་ཡིན་པའི་སང་ཉིན་ལ་མཉམ་དུ་སྐྱོད་དགོས།

ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། མཚོ་སྔོན་ཚོང་ཚོགས་ཀྱིས་མཚོ་སྔོན་སྒོ་འབྱེད་མཉམ་ལས་ཐད་ཀྱི་གོམ་སྟབས་འགྱུར་མེད་བདེན་དཔང་བྱས་ཡོད་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་གོང་འཕེལ་གནས་བབ་ལ་རོགས་སྐུལ་བྱས་པ། དེ་བས་ཀྱང་ཚང་མས་དཔུང་གདང་སྦྲེལ་ནས་མདུན་དུ་སྐྱོད་པའི་མ་འོངས་པའི་མདུན་ལྗོངས་ཐེག་ཡོད། ཐེངས་འདིའི་མཚོ་སྔོན་ཚོང་ཚོགས་བདེ་བླག་ངང་སྤེལ་བར། སྤྱི་ཚོགས་ལས་རིགས་སོ་སོའི་གྲོགས་པོ་ཚོས་སྟོབས་ཤུགས་ཆེན་པོས་རྒྱབ་སྐྱོར་གནང་བར། ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུས་པ་ཡིན། མིག་སྔར། མཚོ་སྔོན་འཕེལ་རྒྱས་ནི་ལོ་ངོ་སྟོང་ལ་ཐོབ་པར་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་ལ་འཕྲད་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་ཡིད་ལ་དམ་པོར་འཛིན་པ་དང་། སྒོ་འབྱེད་མཉམ་ལས་ཟབ་མོར་སྤེལ་བ། ལྗང་མདོག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོག་སྔར་ལས་ཆེ་བའི་འཕེལ་འགྲོས་བླངས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་བཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས།

ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། ཀང་ཨའོ་ཐའེ་ས་ཁུལ་གྱི་འཐུས་མི། སྤུན་ཟླ་ཞིང་ཆེན་དང་ལྗོངས་ཁུལ་གྲོང་ཁྱེར་གྱི་མགོ་ཁྲིད། ཡོན་ཧྲི་ཆེད་མཁས་པ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པའི་འཐུས་མི། འབྲེལ་ཡོད་ཞིང་ཆེན་གྱི་མགོ་ཁྲིད་སོགས་ཚོགས་འདུར་ཞུགས།

འབྲེལ་ཡོད་མགོ་ཁྲིད་སྐུ་མགྲོན་གྱིས་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཀྱི་འགྲེམ་སྟོན་ཁང་གསར་པར་ལྟ་སྐོར་བྱས། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།