【ཇ་རྟའི་གནའ་ལམ་གྱི་སྲོལ་རྒྱུན་གྲོང་སྡེ་རྩད་འཚོལ】ལས་དཔའ་ཤོད་གནའ་གྲོང་གི་རིག་གནས་རྒྱུན་འཛིན་ལ་བལྟ་བ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཉེ་ལམ། དུས་ཡུན་ཉིན6རིང་གི2025ལོའི་ཇ་རྟའི་གནའ་ལམ་རྒྱུད་ཀྱི་སྲོལ་རྒྱུན་གྲོང་སྡེའི་རིག་གནས་ཤུལ་བཞག་ཐོན་ཁུངས་ཀྱི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ(དཔའ་ཤོད་ས་ཚིགས)བྱ་འགུལ་བདེ་བླག་ངང་མཇུག་སྒྲིལ་བ་རེད། དཔའ་ཤོད་རྫོང་འདི་ཉིད་ཇ་རྟ་གནའ་ལམ་གྱི་ལམ་རྒྱུད་དུ་གནས་ཤིང་། དེ་ནི་གནའ་བོའི་ཚོང་ལམ་གྱི་གནད་འགག་གྲོང་རྡལ་གལ་ཆེན་ཡིན། དེ་དང་ཆབས་ཅིག་དེ་ག་རྒྱལ་ལམ318གྱི་འགྲམ་རྒྱུད་དུ་གནས་པས། “ཀྲུང་གོ་བའི་ལྗོངས་གཟིགས་ལམ་ཆེན”འདིའི་ཐོག་ཧ་ཅང་གལ་ཆེ་བའི་ལམ་དུམ་ཞིག་རེད།  

པར་འདི་ནི་སྤང་མདའ་གྲོང་རྡལ་སྤང་མདའ་གྲོང་ཚོའི་ཐུར་ལྟའི་རི་མོ་རེད། 

2024ལོའི་ཟླ12པར་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་མི་དམངས་སྲིད་གཞུང་དང་ཀྲུང་གོའི་མི་རིགས་བཟོ་སྐྲུན་ཞིབ་འཇུག་ཚོགས་པས་གྲོས་མཐུན་བཞག་སྟེ། མཉམ་དུ་དཔའ་ཤོད་རྫོང་གི་གྲོང་རྡལ་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་བར་སྐུལ་འདེད་བཏང་། ཀྲུང་གོའི་མི་རིགས་བཟོ་སྐྲུན་ཞིབ་འཇུག་ཚོགས་པས“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”རིང་དཔའ་ཤོད་རྫོང་གི་གྲོང་རྡལ་དང་གྲོང་གསེབ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། གྲོང་གསེབ་རིག་གནས་ཡུལ་སྐོར་དང་གྲོང་གསེབ་དར་སྤེལ་བྱ་གཞག་གི་འབྲེལ་ཡོད་དགོས་མཁོར་དམིགས་ཏེ། ཆེད་དམིགས་ཞིབ་འཇུག་དང་ཆེད་དོན་བློ་འདྲི། མཐུན་སྦྱོར་སྐུལ་འདེད་སོགས་ཕྱོགས་ཡོངས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་དང་ཆབས་ཅིག དཔའ་ཤོད་རྫོང་གིས་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ་དང་རྒྱལ་ཁབ་ལོ་རྒྱུས་རིག་གནས་མཁར་གྲགས་ཅན། ཀྲུང་གོའི་ལོ་རྒྱུས་རིག་གནས་གྲོང་རྡལ་དང་གྲོང་ཚོ་གྲགས་ཅན་སོགས་སྲུང་སྐྱོང་མིང་གཞུང་གི་ཡིག་ཐོག་སྙན་ཞུ་འབུལ་བར་རོགས་རམ་བྱས། གཞན་ཡང་། དོན་དངོས་དགོས་མཁོར་གཞིགས་ནས་དབང་གྲགས་ལས་འཛིན་སྡེ་ཚན་དཔའ་ཤོད་རྫོང་གི་གྲོང་གསེབ་དར་སྤེལ་དང་ཤུལ་དངོས་སྲུང་སྐྱོང་། གྲོང་རྡལ་དང་གྲོང་གསེབ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་དུས་མགོའི་ཇུས་འགོད་དང་། ཆེད་དམིགས་ཞིབ་འཇུག འཆར་གཞི་ཇུས་འགོད། ཆེད་མཁས་པའི་ཞིབ་དཔྱད་སོགས་བྱ་བའི་ནང་ཞུགས་པར་འོས་སྦྱོར་བྱས། 

པར་འདི་ནི་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མིས་སྤང་མདའ་གྲོང་ཚོའི་གྲོང་མིར་བཅར་འདྲི་བྱེད་པའི་རྣམ་པ་རེད། 

དེའི་རྒྱབ་ལྗོངས་འོག 2025ལོའི་ཇ་རྟའི་གནའ་ལམ་རྒྱུད་ཀྱི་སྲོལ་རྒྱུན་གྲོང་སྡེའི་རིག་གནས་ཤུལ་བཞག་ཐོན་ཁུངས་ཀྱི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ(དཔའ་ཤོད་ས་ཚིགས)བྱ་འགུལ་སྐབས་བསྟུན་དུ་བྱུང་བ་ཡིན། ཀྲུང་གོའི་མི་རིགས་བཟོ་སྐྲུན་ཞིབ་འཇུག་ཚོགས་པ་དང་ཀྲུང་གོའི་བཟོ་སྐྲུན་རིག་གནས་ལྟེ་གནས། མཚོ་སྔོན་མི་རིགས་བཟོ་སྐྲུན་ཞིབ་འཇུག་ཚོགས་པ་བཅས་ཀྱི་གྲུབ་པའི་མཉམ་འབྲེལ་ཚན་རིག་རྟོག་ཞིབ་རུ་ཁག་གིས་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱི་ཝ་པ་གྲོང་ཚོ་དང་། ལ་སྒོ་གྲོང་ཚོ། ཨ་རི་གྲོང་ཚོ། སྤྱི་དར་ཤང་གྲོང་གསར་གྲོང་ཚོ་དང་གནམ་རྫོང་གྲོང་ཚོ། ཐང་འཁོར་གྲོང་ཚོ། གླིང་ཁ་ཤང་འབྱོར་བཅུ་གྲོང་ཚོ། པད་མ་གྲོང་རྡལ་ས་དམར་གྲོང་ཚོ། སྤང་མདའ་གྲོང་རྡལ་སྤང་མདའ་གྲོང་ཚོ། ཡིད་ཆེན་ཤང་སྣེའུ་ཆུང་གྲོང་ཚོ། ཐང་དཀར་གྲོང་རྡལ་སོགས་བསྡོམས་པས་ཤང་དང་གྲོང་རྡལ7གྱི་སྲིད་འཛིན་གྲོང་ཚོ10ཡི་ནང་སྲོལ་རྒྱུན་གྲོང་སྡེའི་ཁྱད་ཆོས་ལྡན་པའི་ཡུལ་མིའི་སྡོད་ཁང་ལ་ཚད་འཇལ་དང་རིག་གནས་ལོ་རྒྱུས་རྟོག་ཞིབ། ངག་རྒྱུན་ལོ་རྒྱུས་ཟིན་བཀོད་སོགས་འབྲེལ་ཡོད་བྱ་བ་ཞིབ་མོར་སྒྲུབ་ཡོད། སྲོལ་རྒྱུན་གྲོང་སྡེའི་བཟོ་སྐྲུན་རྣམ་པ་དང་དམངས་སྲོལ་རིག་གནས། ལོ་རྒྱུས་རྗེས་ཤུལ་སོགས་ཀྱི་ཐད་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། དཔའ་ཤོད་རྫོང་གི་སྲོལ་རྒྱུན་གྲོང་སྡེའི་ཤུལ་བཞག་རིག་གནས་ཐོན་ཁུངས་ཀྱི་གནས་བབ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་དང་དེའི་ལོ་རྒྱུས་རིག་གནས་རིན་ཐང་སྔོག་འདོན་བྱས་ཏེ། རྗེས་མཐུད་ཀྱི་སྲུང་སྐྱོང་རྒྱུན་འཛིན་བྱ་བར་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

པར་འདི་ནི་སྤྱི་དར་ཤང་གནམ་རྫོང་གྲོང་ཚོའི་ཕྱིའི་བཀོད་པ་རེད།

འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དཔའ་ཤོད་རྫོང་ཁོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེའི་ནང་འདུས་པའི་རྣམ་གྲངས་ཧ་ཅང་མང་སྟེ། དཔེར་ན་གཞས་མ་གཏམ་དང་དམངས་ཁྲོད་སྲོལ་རྒྱུན་ཞབས་བྲོ། དམངས་ཁྲོད་ལག་ཤེས་བཟོ་རྩལ། དམངས་ཁྲོད་བཟའ་བཏུང་སོགས་ཡོད། ཚན་རིག་རྟོག་ཞིབ་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་དཔའ་ཤོད་རྫོང་དུ་བསྡོམས་པས་གཟུགས་འདས་ཤུལ་བཞག་རྣམ་གྲངས17ཡོད། བྱེ་བྲག་ཏུ་དབྱེ་ན་བོད་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་གེ་སར་སྒྲུང་དང་ཀོ་ལྷམ་བཟོ་བའི་ལག་རྩལ་ཡོད། ཆབ་མདོའི་གྲོང་ཁྱེར་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་བཀྲ་ཤིས་རྟགས་བརྒྱད་བཟོ་རྩལ་དང་རྒྱ་བྲའི་ཀ་ར་གོ་སྲབ་བཟོ་རྩལ། སྣམ་བུ་ལས་སྣོན་ལག་རྩལ་སོགས་ཡོད་པ་དང་། དཔའ་ཤོད་རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒུན་འབྲུམ་ཆང་བསྙལ་བའི་ལག་རྩལ་དང་། བོད་ལྭ་བཟོ་བའི་ལག་རྩལ། དཔའ་ཤོད་རྫོང་ཤིང་སྡེར་མི་རིགས་ལག་ཤེས་བཟོ་རྩལ། བོད་ལུགས་ཤིང་བརྐོས་མའི་སྒྱུ་རྩལ། སྲོལ་རྒྱུན་ཐང་ག་འབྲི་བཞེངས་ཐབས་རྩལ་སོགས་ཡོད། རྗེས་མར་ཚན་རིག་རྟོག་ཞིབ་རུ་ཁག་གིས་མུ་མཐུད་དུ་གླིང་ཁ་ཤང་ཕུ་ལོང་གྲོང་ཚོའི་དོན་གྲུབ་ཉི་མ་དང་ར་འོག་གྲོང་རྡལ་ར་འོག་གྲོང་ཚོའི་བློ་གྲགས་གཉིས་ཀྱི་སྲོལ་རྒྱུན་གླིང་སྒྲུང་ཞབས་བྲོ་དང་དགོན་པའི་མེ་ཏོག་མཆོད་པ་བཟོ་རྩལ་སོགས་སྔོག་འདོན་བྱེད་དགོས།

པར་འདི་ནི་ཚན་རིག་རྟོག་ཞིབ་རུ་ཁག་གིས་སྤྱི་དར་ཤང་གྲོང་གསར་གྲོང་ཚོར་ཁང་བའི་ཚད་འཇལ་བའི་རྣམ་པ་རེད།

ཐེངས་འདིའི་ཚན་རིག་རྟོག་ཞིབ་བྱ་འགུལ་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དེས་ཇ་རྟའི་གནམ་ལམ་གྱི་གནའ་བོའི་ཚོང་ལམ་རྒྱུད་ཀྱི་རིག་གནས་ཤུལ་བཞག་ནང་དོན་ཟབ་མོ་རྩད་འཚོལ་ཐུབ་པ་མ་ཟད། ལྷག་ཏུ་དཔའ་ཤོད་རྫོང་གི་གྲོང་རྡལ་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་གོམ་སྟབས་བརྟན་པོ་སྤོ་ཐུབ་པ་དང་དོན་སྙིང་གལ་ཆེན་ལྡན། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།