སྒོ་འབྱེད་མཉམ་ལས། ལྗང་མདོག་འཕེལ་རྒྱས།——2025ལོའི་མཚོ་སྔོན་ཚོང་ཚོགས་ཀྱི་ངོ་མཚར་ཉམས་སྣང་།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཨའོ་མོན་གྱི་ཟས་རིགས་ཐོན་རྫས་མཚོ་སྔོན་ཚོང་ཚོགས་སྟེང་ཞུགས་པ།

ཨ་ཧྥུ་ཧན་ནས་ཡོང་བའི་འགྲེམས་ཚོང་པས་རྒྱལ་ནང་གི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་རྒྱུས་ལོན་བྱེད་བཞིན་པ།

  

མོ་ཞི་ཁོའི་འགྲེམས་ཁང་དུ་ལས་དོན་མི་སྣས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་སྒྲིག་བཞིན་པ།

འགྲེམས་སྟོན་ལ་ཞུགས་པའི་ཚོང་པས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་རྒྱུས་ལོན་བྱེད་བཞིན་པ།

འགྲེམས་སྟོན་ལ་ཞུགས་པའི་ཚོང་པས་ནུས་ཁུངས་གཙང་མའི་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་རྒྱུས་ལོན་བྱེད་བཞིན་པ།

འགྲེམས་སྟོན་ལ་ཞུགས་པའི་ཚོང་པས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ལ་རྒྱུས་ལོན་བྱེད་བཞིན་པ།

འགྲེམ་སྟོན་ལ་ཞུགས་པའི་ཕྱི་རྒྱལ་གྱི་ཚོང་པས་རང་ཉིད་ཀྱི་ཁྱད་ལྡན་ཐོན་རྫས་བཤམས་བཞིན་པའི་རྣམ་པ།

ཐོན་རྫས་འགྲེམས་སྟོན།

ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱིས་ཚོང་པ་མང་པོ་ཞིག་གི་ཡིད་དབང་འགུག་ཡོད།

གྲངས་འཛིན་ཚན་རྩལ་ཐོན་ལས་ཀྱིས་མང་ཚོགས་ཀྱི་ཡིད་དབང་བཀུག

ཟླ6པའི་ཚེས25ཉིན།“སྒོ་འབྱེད་མཉམ་ལས་དང་། ལྗང་མདོག་འཕེལ་རྒྱས”ཞེས་པ་བརྗོད་དོན་དུ་བྱས་པའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་འཇོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས26པ་མཚོ་སྔོན་ཞིང་ཆེན་ཟི་ལིང་དུ་གཟབ་རྒྱས་ངང་མགོ་བརྩམས། འགྲེམས་སྟོན་ཁང་དུ་མི་ཚོགས་ཀྱི་ཡོ་ལང་རྒྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་འགྲེམས་སྟོན་ནང་ཞུགས་པའི་ཚོང་པ་ཚོས་སྤྲོ་སེམས་འཁོལ་བའི་ངང་ཁ་བརྡ་དང་འབྲེལ་འདྲིས་ཟབ་མོ་བྱེད་བཞིན་མཆིས།   རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས་འགྲེམས་ཁུལ་དུ། བཟོ་སྐྲུན་པས་རང་གི་མཛུབ་མོས་གློག་རྡུལ་བརྙན་ཤེལ་ལ་དལ་མོར་རྡེབ་པ་ན་ས་མཐོའི་ཐུན་མོང་མ་ཡིན་པའི་རླུང་འགྲོས་འཁྱོག་ཐིག་མངོན་པར་བྱས་པས་རྒྱལ་སྤྱིའི་ཚོང་པ་རྣམས་ཀྱི་མིག་གི་དབང་བོ་ཕྱོགས་གཅིག་ཏུ་འཕྲོག་པར་བྱས། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་འགྲེམས་སྟེགས་མདུན་དུ་བོད་རིགས་བུ་མོ་ཚོས་སྤྱང་གྲུང་ལྡན་པའི་སྒོ་ནས་ནོར་གནག་གི་རྩིད་པས་བཟོས་པའི་སྐུད་པའི་བཟོ་རྩལ་ཐོན་རྫས་བསླེ་བཞིན་ཡོད་པའི་ཁར་ཆེད་ལས་རང་བཞིན་གྱི་འགྲེལ་བཤད་ཀྱང་ཡོད་པས་ཀུན་གྱི་བསྔགས་བརྗོད་ཆེན་པོ་ཐོབ། ནུས་ཁུངས་གཙང་མ་དང་། ལྗང་མདོག་རྩིས་ནུས། གྲངས་འཛིན་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་དེ་མང་ཚོགས་ཀྱིས་དོ་སྣང་བྱེད་ས་རུ་གྱུར་ཡོད་ལ། དེ་ནི་ས་མཐོའི་གསོན་ཤུགས་སློང་བྱེད་ཀྱི་གསར་སྐྱེས་ཀྱི་འཕར་རྩ་ཞིག་དང་ཀུན་ནས་མཚུངས།

འདི་ནི་སྤྱིར་བཏང་གི་འགྲེམས་སྟོན་ཞིག་མིན། ཨ་ཧྥུ་ཧན་གྱི་ཚོང་པས་དེ་འདྲའི་བྱང་ཆ་མེད་པའི་རྒྱ་སྐད་ཀྱི་ལམ་ནས་ནུས་རྒྱུ་གསར་པའི་རླངས་འཁོར་རྣམ་གྲངས་ཀྱི་ཞིབ་ཕྲའི་གནས་ཚུལ་འདྲི་རྩད་ཞིབ་མོ་བྱས།  མཚོ་རྒྱུད་ཁུལ་གྱི་ཚན་རྩལ་མཁས་མཆོག་གིས་ས་མཐོའི་མཐོ་སྒང་ནས་གཞི་གྲངས་ལྟེ་གནས་ལ་བློ་རྩེ་གཅིག་ཏུ་གཏོད་སྐབས་སུ། མཚོ་སྔོན་གྱིས་སྒོ་འབྱེད་དང་བློ་ཁོག་ཆེན་པོས་དཔལ་འབྱོར་འཕེལ་རྒྱས་ཀྱི་ས་བཀྲ་གསར་པ་ཞིག་བསྐྱར་དུ་བཟོ་བཞིན་ཡོད། གན་རྒྱ་འཇོག་པའི་དེབ་ཐོག་གི་སྣག་ཚགས་རེ་རེ་ནི་ས་ཁམས་ཀྱི་ཚད་བཀག་ལས་བརྒལ་བའི་བསྒྲགས་གཏམ་ནུས་ལྡན་ཞིག་ཡིན། འགྲེམས་སྟོན་ཁང་ནང་གི་ལག་འཇུ་ཐེངས་རེ་རེ་ཡིས་ས་ཁོངས་འཕེལ་རྒྱས་ཀྱི་སྤྱི་ཁོག་གསར་པ་བསྐྱར་དུ་འབྲི་བཞིན་ཡོད།

དུས་ད་ལྟ། ས་མཐོའི་སྙིང་གི་འཕར་ལྡིང་བྱེད་ཚད་དང་གོ་ལ་ཧྲིལ་པོའི་མཉམ་ལས་ཀྱི་རྦ་རླབས་གཉིས་ཟློས་ཕྱོད་མཉམ་འདར་བྱེད་ཀྱིན་ཡོད། སྒོ་འབྱེད་བྱས་པའི་མཚོ་སྔོན་ནི་ས་ཁམས་ཀྱི་བར་ཐག་རིང་པོ་ཞིག་ནས་ལུས་མི་སྲིད་དེ། གཙང་གསུམ་འབྱུང་ཡུལ་གྱི་གཙང་ཆུ་སྔོན་མོ་འཛམ་གླིང་དཔལ་འབྱོར་གྱི་རྒྱ་མཚོར་འདྲེས་སྐབས། མཐོ་སྒང་འདིའི་འཕར་འགུལ་རེ་རེ་ཡིས་ཐུན་མོང་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་སྣོན་བཞིན་ཡོད། དྲག་ཏུ་འཕྱོ་བཞིན་པའི་རྦ་རླངས་འདིའི་ཁྲོད་དུ་ང་ཚོས་མཉམ་ལས་མཉམ་རྒྱལ་གྱི་མ་འོངས་དེ་འབྱུང་འགྱུར་དེ་ས་མཐོའི་ས་གཞི་ཆེན་པོ་དང་མཉམ་དུ་དབྱར་མཚོ་རྒྱས་པ་ལྟར་འཚར་ལོངས་བྱུང་བཞིན་པ་མཐོང་བྱུང་། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།