གཅིག་སྒྲིལ་ནས་ཐོན་པའི་ཁྱད་ལྡན་ཐོན་རྫས་ཀྱིས་འཛད་སྤྱོད་པའི་ཡིད་དབང་ཅིར་ཅར་དུ་ཕྲོགས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཟླ6པའི་ཚེས25ཉིན། ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས26པ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་འཚོགས་མགོ་བརྩམས་པ་དང་། ཐེངས་འདིའི་ཚོང་ཚོགས་སྟེང“སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས”ཞེས་པ་བརྗོད་གཞིར་བཟུང་སྟེ། རྒྱལ་ཁབ་ཕྱི་ནང་དང་ཞིང་ཆེན་ཕྱི་ནང་གི་ཐོན་རྫས་གང་མང་འགྲེམ་སྟོན་དང་ཕྱིར་འཚོང་བྱེད་བཞིན་འདུག

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྐར་རྡོས་བཟོས་པའི་ཐོན་རྫས་སྣ་ཚོགས་དང་ཁུག་མ། ཤ་སྐམ་སོགས་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ཁྱེར་ཡོང་ཡོད་ཅིང་། ཡུལ་དངོས་སུ་ཐོན་རྫས་ངོ་སྤྲོད་དང་ཕྱིར་འཚོང་། དྲ་ལམ་ནས་ཐད་གཏོང་བཅས་བྱས་ནས་ཚོང་ཚོགས་ལ་ཞུགས་མཁན་གྱི་འཐུས་མི་རྣམས་ཀྱིས་གཅིག་སྒྲིལ་གྱི་ཐོན་རྫས་དག་དྲིལ་སྒྲོག་བྱེད་པར་ཤུགས་ཆེས་ཆེར་རྒྱག་བཞིན་ཡོད་ཅིང་། རྒྱ་ཆེའི་འཛད་སྤྱོད་པ་དང་ལྟད་མོ་པ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཀྱིན་འདུག

མི་ཚོགས་ཀྱི་འདུ་འཛི་རྒོད་པའི་ཚོགས་རའི་ཡུལ་དངོས།

འགྲེམ་ཁུལ་གྱི་ཟུར་ཞིག

ཕོར་བ།

ཁྱད་ལྡན་ཁུག་མ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།