མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ6པའི་ཚེས19ཉིན་ནས་ཚེས23ཉིན་བར་ཞིང་ཆེན་ཨུ་ལྷན་གྱི་སྐོར་ཞིབ་ཚོ་ཆུང་ལྔ་ཡིས་སྔ་རྗེས་སུ་ཞིང་ཆེན་ཞིང་ཆེན་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་དང་། ཞིང་ཆེན་ཁྲིམས་འཛིན་ཐིང་། ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་རྒྱུ་ནོར་དོ་དམ་ཨུ་ལྷན། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན། ཞིང་ཆེན་མི་རིགས་དང་ཆོས་ལུགས་ཨུ་ལྷན། ཞིང་ཆེན་ནུས་ཁུངས་ཅུའུ། ཞིང་ཆེན་འབྲུ་རིགས་ཅུའུ། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་བཅས་སུ་བཅའ་སྡོད་བྱས་ཏེ་ལས་དོན་སྤེལ་བ་དང་ཆབས་ཅིག ཞིང་ཆེན་རྒྱུ་ནོར་དོ་དམ་ཨུ་ལྷན་གྱི་ཏང་ཨུས་ཞིང་ཆེན་ཐོན་དངོས་སྡེ་ཤོག་ཚད་ཡོད་ཀུང་སི་དང་ཞིང་ཆེན་རླངས་འཁོར་སྐྱེལ་འདྲེན་སྡེ་ཤོག་ཚད་ཡོད་ཀུང་སིའི་ཏང་ཨུ་ལ་སྐོར་ཞིབ་མཛུབ་སྟོན་བྱས་ཚུལ་ལ་སྐོར་ཞིབ་བྱེད་མགོ་བརྩམས།
སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་སོ་སོ་ནས་སྐོར་ཞིབ་བཅའ་སྡོད་སྐུལ་སློང་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་ཨུ་ལྷན་གྱི་སྐོར་ཞིབ་ཚོགས་ཆུང་ཁག་གི་ཚོགས་གཙོས་སྐུལ་སློང་གསུང་བཤད་གནང་བ་སྟེ། སྤྱི་ཁྱབ་ཧྲུའ་ཅི་ཞི་ཅིན་ཕིང་གིས་སྐོར་ཞིབ་ལས་ཀའི་ཐད་ཀྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་ཐོག་ལག་བསྟར་བྱེད་དགོས། 2025ལོའི་ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་ལས་དོན་ཚོགས་འདུ་དང་། ཞིང་ཆེན་ཨུ་ལྷན་གྱི་སྐོར་ཞིབ་བརྒྱད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་སྐབས་བཅུ་བཞི་པའི་དགོངས་དོན་ལག་བསྟར་བྱས་པ་མ་ཟད། གླེང་གཞི་དེའི་སྐོར་གྱི་བླང་བྱའི་ཐད་བཏོན་པའི་དྲི་བ་རེ་རེར་ལན་བསྐྱོན། སྐོར་ཞིབ་ཚོགས་ཆུང་སོ་སོས་འདི་སྐད།སྐོར་ཞིབ་ནི་ཏང་གི་སྒྲིག་ཡིག་གིས་བསྩལ་བའི་འགན་འཁྲི་གལ་ཆེན་ཡིན་ཞིང་། ཏང་གི་རང་བདག་བཅོས་སྒྱུར་ལ་སྐུལ་འདེད་དང་། ཏང་བཅོས་སྐྱོང་ཕྱོགས་ཡོངས་ནས་ནན་མོ་འཛིན་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་ཀྱི་བཀོད་སྒྲིག་ཡིན། ཐེངས་འདིར་སྲིད་ཁྲིམས་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར། མི་རིགས་ཆོས་ལུགས་ལས་དོན། འཕེལ་རྒྱས་བསྒྱུར་བཅོས། རྒྱལ་ཁོངས་རྒྱུ་ནོར། བཟོ་ལས་ཆ་འཕྲིན་སོགས་ལས་ཁུངས་ལ་སྐོར་ཞིབ་བྱ་རྒྱུ་ནི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་དང་། འགན་འཁྲི་བསྒྲུབ་པར་སྐུལ་འདེད། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་ལག་བསྟར་བཅས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོགས་ཆུང་གིས་སྐོར་ཞིབ་ལས་ཀའི་སྲོལ་ཡིག་ལག་བསྟར་ནན་ཏན་དང་། ཆབ་སྲིད་སྐོར་ཞིབ་གནས་ངེས་བརྟན་སྲུང་དང་། སྡེ་ཚན་ཁག་གི་འགན་ནུས་འགན་འཁྲི་དང་ཁྱད་ཆོས་ལ་ཟུང་འབྲེལ་དམ་ཟབ་བྱས་ཏེ། གཙོ་གནད་ཐོག“རྒྱུས་ལོན་གཏིང་ཟབ་དྲུག”ལ་དམིགས་ནས་ལྟ་སྐུལ་གནད་ལ་འཁེལ་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་འགོད་ཀྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག ཞིང་ཆེན་ཏང་ཨུའི་བླང་བྱ་བཅས་ལག་བསྟར་དོན་འཁྱོལ་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བྱེད་པ། ཉེན་ཁ་གལ་ཆེན་འགོག་སེལ།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་བཅས་བྱེད་པ་དང་། འགོ་ཁྲིད་ཚོགས་པ་དང་། ལས་བྱེད་ཤེས་ལྡན་པའི་དཔུང་སྡེ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་དེ་བཞིན་སྐོར་ཞིབ་ཡོ་བསྲང་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆབ་སྲིད་ཀྱི་ནོར་འཛོལ་ལ་ཤེས་རྟོགས་དང་ཡོ་བསྲང་ཧུར་ཐག ཆབ་སྲིད་ལ་ལྟ་སྐུལ་དང་འགན་སྲུང་ནུས་པ་འདོན་སྤེལ་ཏན་ཏིག་བཅས་བྱས་ནས་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་“གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོབ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པར་སྐུལ་འདེད་གཏོང་དགོས།
སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་གཙོ་བོས་ཆབ་སྲིད་སྐོར་ཞིབ་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཏང་གི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་སྐོར་ཞིབ་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས་སྐོར་ཞིབ་ཚོ་ཆུང་དང་མཉམ་དུ་གནད་དོན་ཐག་གཅོད་བྱ་བར་སྐུལ་འདེད་གཏོང་བ་དང་། སྤྲད་པའི་འགན་འཁྲི་དང་ལས་འགན་སྔར་ལས་ལེགས་པོར་བསྒྲུབས་ནས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་རྩོམ་ཆེད་སྟོབས་ཤུགས་འབུལ་དགོས་ཞེས་བཤད།
ཞིང་ཆེན་ཨུ་ལྷན་གྱི་སྐོར་ཞིབ་ཚོགས་ཆུང་ཁག་གི་ཡུལ་དངོས་ལས་སྒྲུབ་དུས་ཚོད་ནི་ཟླ6པའི་ཟླ་མཇུག་ནས་ཟླ8པའི་ཟླ་མཇུག་བར་ཡིན་པ་དང་། དེའི་རིང་དུ་ཆེད་དམིགས་ལས་རེས་ཁ་པར་དང་། གློག་རྡུལ་སྦྲགས་སྒམ། རྩ་གཉིས་ཨང་རྟགས་ཀྱི་ཐེར་འདོན་སྟེགས་བུ་བཅས་བཙུགས་ནས་གཙོ་བོ་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགན་འཁུར་གཙོ་བོ། ལས་གནས་གལ་ཆེན་གྱི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་ཐེར་འདོན་རིགས་དང་། དེ་བཞིན་སྐོར་ཞིབ་ལས་དོན་དང་འབྲེལ་བ་ཡོད་པའི་ཡིག་སྐུར་ཞུ་གཏུག་སོགས་བདག་སྤྲོད་བྱ་རྒྱུ་ཡིན། ཐེངས་འདིའི་སྐོར་ཞིབ་དང་ཡིག་སྐུར་ཞུ་ཡིག་བདག་སྤྲོད་བྱེད་པའི་དུས་ཚོད་ནི2025ལོའི་ཟླ8པའི་ཚེས22ཉིན་བར་ཡིན།
སྐབས་བཅུ་བཞི་པའི་ཞིང་ཆེན་ཨུ་ལྷན་གྱི་སྐོར་ཞིབ་བརྒྱད་པའི་བཅའ་སྡོད་རེའུ་མིག