ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་ལས་རིགས་སློབ་གསོའི་ཞིང་ས་གཤིན་པོ་རུ་རྩ་བ་ཚུགས་སུ་འཇུག་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

 【ཡིད་ཆེས་བརྟན་པོས་དངོས་སྒྲུབ་སྔོན་ཐོན་ལ་བརྩོན་ལེན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་ཐོག་ལག་ལེན་མཐའ་འཁྱོལ་བྱེད་པ་ལས།     དྲིན་བཟོ·མཚར་ལོངས་ཀྱི་ལེའུ། 】 ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་ལས་རིགས་སློབ་གསོའི་ཞིང་ས་གཤིན་པོ་རུ་རྩ་བ་ཚུགས་སུ་འཇུག་དགོས།

 མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  “ཚང་མས་མཉམ་དུ་ལག་གདང་སྦྲེལ་ཤོག”ཅེས་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱི་ཐོས་བསམ་ཐོག་ཁང་གི་ཐོག་སོ་འོག་མར་སློབ་མ་བརྒྱ་ཕྲག་ལྷག་གིས་ལག་གདང་སྦྲེལ་ནས་མཉམ་དུ་སྐོར་བྲོ་འཁྲབ་ཀྱིན་འདུག  “ང་ནི་རྒྱ་རིགས་ཤིག་ཡིན་ན་ཡང་སྐོར་བྲོ་འཁྲབ་རྒྱུར་ཧ་ཅང་དགའ་པོ་ཡོད། མི་རིགས་མི་འདྲ་བའི་སློབ་གྲོགས་རྣམས་ཀྱིས་ལག་གདང་གཅིག་ཏུ་སྦྲེལ་ནས་མཉམ་དུ་ཞབས་བྲོ་འཁྲབ་པའི་ཚོར་བ་ནི་དངོས་འདྲའི་སྐྱིད་པོ་རེད་ཅེས་ཧྲན་ཞི་ནས་ཡོང་བའི་སློབ་ཆེན་གྱི་ལོ་རིམ་གཉིས་པའི་སློབ་མ་ལིག་དབྱང་གིས་སྤྲོ་སེམས་ཚད་མེད་ཀྱིས་དེ་ལྟར་བཤད་བྱུང་།

  སྣང་ཚུལ་དེ་ནི་ཏག་ཏག་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱིས“བདེ་ཐང་ལ་ཕན་པའི་སྐོར་བྲོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཟུང་འབྲེལ”གྱི་རྣམ་པ་གསར་གཏོད་ཐོག་སྤེལ་བའི་གསོན་ཉམས་ལྡན་པའི་བསྡུས་གཟུགས་རེད།  2024ལོ་ནས་བཟུང་།  མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱིས་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཞིང་ཆེན་གྱི་གནས་ཚལ་དངོས་ལ་གཞི་བཙུགས་ཏེ། ལས་རིགས་སློབ་གསོ་དེ་ཐོང་གཤོལ་ལྟ་བུ་བྱས་ནས“ཆབ་སྲིད་ཀྱིས་ཁྲིད་སྟོན་དང་། བསླབ་ཚན་དུ་བསྲེས་པ།  ལག་ལེན་གཏིང་ཟབ། ཞབས་ཞུས་ནུས་འདོན།  སྤུས་རྟགས་གསར་བཟོ”བཅས་ཟུང་དུ་འབྲེལ་བའི་འཇོན་མིའི་གཤིན་ས་གསོ་སྐྱོང་ཡག་པོ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་མཐོ་སྒང་དུ་འགྱིང་བའི་ལྕང་སྡོང་བཞིན་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་སུ་བཅུག


མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱི“སེ་འབྲུ་བུམ་པ་རྟགས་མའི”སློབ་རའི་སྐོར་བྲོ་འགྲན་སྡུར་གྱི་ཡུལ་དངོས། 

  “ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏང་བ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་མི་རགས་ས་ཁུལ་གྱི་ལས་དོན་སོ་སོའི་སྙིང་ཐིག་ལྟ་བུ་ཡིན་པས།  མི་རིགས་ས་ཁུལ་གྱི་སློབ་གྲྭ་ཆེན་མོའི་ལས་ཀུན་ཁྲོད་ངེས་པར་དུ་བརྩི་དགོས་པའི་རྩ་བའི་སྲུང་བྱ་ཡིན”ཞེས་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་ཏང་ཨུའི་རྒྱུན་ཨུ།  སློབ་གཙོ་གཞོན་པ་ཝང་ལི་ཡིས་དེ་ལྟར་བཤད།   ཁོས་མུ་མཐུད་དུ་སློབ་གྲྭས་བླང་བྱ་དེ་སློབ་གཉེར་དང་སློབ་སྐྱོང་གི་གོ་རིམ་ཧྲིལ་བོར་སྐྱ་འཐིབས་སུ་བཅུག་སྟེ།    སློབ་ཁྲིད་ཀྱི་འཐབ་སར་ས་བོན་ལེགས་པོ་འདེབས་པའི་དུས་མཚུངས་སུ་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱིས“ལམ་གཉིས”སྙིང་སྟོབས་དར་སྤེལ་དེ་དམིགས་སུ་གཞི་རྟེན་དུ་བཟུང་ནས་ཕུགས་སེམས་ཆེན་པོ་སྣང་བརྙན་ཅན་དང་གསོན་ཉམས་ཅན་དུ་བསྒྱུར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏང་བ་དེ་དགེ་སློབ་ཡོངས་ཀྱི་བློ་ངོར་རྩ་བ་བརྟན་པོ་ཚུགས་སུ་འཇུག་དགོས་ཞེས་བཤད།

མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱི་རྟིང་མ་ནི་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་ཡིན་ཞིང་། “ལམ་གཉིས”སྙིང་སྟོབས་བར་ལ་མ་བཅོས་ལྷན་གྱིས་གྲུབ་པའི་འབྲེལ་བ་དམ་པོ་ཡོད་པས། དེ་ལྟ་བུའི་ལོ་རྒྱུས་ཀྱི་རྨང་མཐུག་པོ་ཡིས་སློབ་གྲྭ་དེར“ལམ་གཉིས”སྙིངས་སྟོབས་དར་སྤེལ་གྱི་ཐུན་མིན་དགེ་མཚན་དང་འགན་འཁྲི་བསྩལ་ཡོད། 

   “ང་རང་ང་ཚོས་སློབ་གྲྭས་འཁྲབ་པའི《མཁའ་ལམ》ལ་ཧ་ཅང་དགའ་བོ་ཡོད།  གར་སྟེགས་སྟེང་དུ་མི་རིགས་མི་གཅིག་པའི་ལམ་བསྐྲུན་པས་དཔུང་བ་མཉམ་གཤིབ་ཀྱིས་འབད་འཐབ་དང་། ཤི་གསོན་ལ་མཉམ་དུ་གདོང་གཏོད་པའི་རྣམ་པ་དེས་ཡིད་འགུལ་ཐེབས་སུ་འཇུག་ངེས”ཞེས་འགྲིམ་འགྲུལ་སྐྱེལ་འདྲེན་བཟོ་སྐྲུན་སློབ་གླིང་རང་འཁོར་འཕྲུལ་ཆས་བཀོལ་སྤྱོད་ཀྱི་ཆེད་ལས་སྦྱོང་མཁན་སློབ་མ་མཱ་ཐིན་ཅུན་གྱིས་བལྟས་ན།  གཏམ་བརྗོད་ཟློས་གར་དེས་ཁོ་ལ“ལམ་གཉིས”སྙིང་སྟོབས་ཀྱི་སྙིང་བོ་ཅི་ཞིག་ཡིན་པ་རྟོགས་སུ་བཅུག   དེ་ནི་ཏག་ཏག་མི་རིགས་ཁག་བར་ལ་སྤུན་ཟླའི་བརྩེ་འདང་དང་ཕན་ཚུན་རོགས་རེས་མཚོན་པའི་གསོན་ཉམས་ལྡན་པའི་ཞིབ་འབྲི་ཡིན་ལ།  མེས་རྒྱལ་གྱི་བྱ་གཞག་རླབས་ཆེན་འཛུགས་སྐྲུན་ཁྲོད་བཏོན་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སྟོབས་ཤུགས་ཀྱང་རེད།  གཏམ་བརྗོད་ཟློས་གར་དེ་ནི་མིག་གི་གསོལ་སྟོན་གྱ་ནོམ་པ་ཞིག་ཡིན་པར་མ་ཟད།  གཏིང་ཟབ་པའི་སྙིང་སྟོབས་ཀྱིས་བློ་སྦྱོང་ཞིག་ཀྱང་ཡིན་པས།  ང་ཚོས་སྒྱུ་རྩལ་ལ་མྱོང་རོལ་བྱེད་པའི་ཁྲོད་ནས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་དྲང་ཐད་དང་ཟབ་ས་ནས་གོ་བ་དང་ངོས་ཤེས་ཟབ་མོ་ཞིག་འདྲོངས་ཐུབ་ཟེར།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏང་བའི་བརྒྱུད་རིམ་ཁྲོད་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱིས་ཕྱི་ནང་གི་བྱ་སྤྱོད་མཉམ་སྦྱངས་དང་།   མཉམ་ཤུགས་གཅིག་ཏུ་བསྡུ་བ་རྒྱུན་འཁྱོངས་བྱས།  སློབ་གྲྭས་མ་སྐུལ་རང་རྟོགས་ཀྱི་སྒོ་ནས་ཐོན་ཁུངས་རྒྱ་སྐྱེད་བཏང་སྟེ།  ནན་ཅིང་ལྕགས་ལམ་ལས་རིགས་ལག་རྩལ་སློབ་གླིང་དང་ལག་གདང་མཉམ་སྦྲེལ་བྱས་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏང་བའི་རྟོག་བཟོ་ཅན་གྱི་སློབ་ཞིབ་ཁང”མཉམ་སྐྲུན་བྱས།

  གསར་གཏོད་ཀྱི་གཞི་རྟེན་དེ་ནི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཆེད་ལས་སློབ་ཁྲིད་ཀྱི་གོ་རིམ་ཧྲིལ་བོར་བསྲེས་ཐུབ་པའི་ཐབས་ལམ་དང་ཐབས་ཤེས་འཚོལ་ཞིབ་བྱ་ཆེད་ཡིན་ཏེ། ས་ཁོངས་དང་སློབ་ཁོངས་བརྒལ་བའི་སློབ་ཞིབ་མཉམ་འབྲེལ་བརྒྱུད་ཕྱོགས་གཉིས་ཀྱིས་སློབ་ཚན་ནང་འདུ་བའི་བསམ་བློ་ཆབ་སྲིད་ཀྱི་ཆ་དང་གཅིག་མཐུན་ཚོགས་པའི་འདུ་ཤེས་སྐོར་སྔོག་འདོན་ཐད་ནུས་ཤུགས་བཏོན་ནས་སློབ་མས་ཆེད་ལས་ལག་རྩལ་ལ་སྦྱངས་པ་བྱང་ཆུད་པར་འཇུག་པ་དང་མཉམ་དུ།   རང་བཞིན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པར་ཁས་ལེན་དང་ཁོངས་གཏོགས་ལ་ངེས་ཤེས་ཟབ་མོ་འདྲོངས་པ་བཅས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏང་བར་བསམ་བློའི་རྨང་རྡོ་དང་རིག་གཞུང་གི་འདེགས་སྐྱོར་སྔར་ལས་སྲ་ཞིང་མཁྲེགས་པ་ཞིག་མཁོ་འདོན་བྱ་ཆེད་རེད།
  “ང་ཚོ་དང་ནན་ཅིན་ལྕགས་ལམ་ལས་རིགས་ལག་རྩལ་སློབ་གླིང་གཉིས་ཀྱི་མཉམ་བསྐྲུན་ནི་གཙོ་བོ་གཞུང་ལུགས་སློབ་ཁྲིད་ཕྱོགས་ཀྱི་བརྗེ་རེས་གཙིགས་སུ་འཛིན་པ་དང་ཆབས་ཅིག   མཚོ་སྔོན་གྱི་མི་རིགས་ཁག་གི་ཡུལ་སྲོལ་གོམས་གཤིས་དེ་ནན་ཅིང་གི་དགེ་སློབ་རྣམས་ལ་ངོམ་སོ་བྱ་བ་གཙིགས་སུ་བཟུང་ཡོད”ཅེས་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་སློབ་གཙོ་གཞོན་པ་ཁྲེན་ཝན་ཅུན་གྱིས་དེ་ལྟར་བརྗོད་པ་མ་ཟད། “སྤུས་མཛེས་པའི་མི་རིགས་ཀྱི་གྱོན་ཆས་དང་། ཐུན་མོང་མ་ཡིན་པའི་མཐོ་སྒང་གི་བཟའ་བཏུང་སོགས་གཞི་བྱས་ཏེ། རིག་གནས་ལ‘སྨྲ་བརྗོད’སྤྲད་དེ་མི་རིགས་ཁག་གི་དགེ་སློབ་ཕན་ཚུན་བར་འབྲེལ་འདྲིས་དང་བརྗེ་སྤེལ། མཉམ་བསྲེས་ཀྱི་འབྲེལ་བ་ངང་ངམ་ཤུགས་ཀྱིས་ཆགས་པར་སྐུལ་འདེད་གཏོང་བ་ཡིན”ཟེར། 

ཁྲེན་ཝན་ཅུན་གྱིས་འདི་སྐད། ངས་ད་ལྟ་ད་དུང་རུ་དཔུང་གི་སྣེ་ཁྲིད་དེ་ནན་ཅིང་དུ་བརྗེ་རེས་སུ་བསྐྱོད་པའི་རྣམ་པ་དེ་གསལ་བོར་དྲན་ཡོང་།  “ ང་ཚོ་དགེ་རྒན་རྣམས་ཀྱིས་བོད་ལྭ་མདོག་ཅན་གྱོན་ནས་སློབ་ཁང་དུ་བསྐྱོད་པ་ན་ནན་ཅིང་གི་དགེ་སློབ་ཡོངས་ཀྱི་མིག་ཟུང་ལམ་སེང་ང་ཚོས་ཕྱོགས་སུ་འཁོར་ཞིང་།  གཅིག་རྗེས་གཉིས་འཕྲོར་པར་ལེན་པ་རེད། དེ་ལས་ཀྱང་ཡ་མཚན་པ་ཞིག་ནི་དགེ་སློབ་ཚང་མ་རང་འགུལ་གྱིས་གམ་དུ་ཡོང་ནས་གྱོན་ཆས་དེས་ཅི་ཞིག་མཚོན་པ་དང་།  བཟོ་རྩལ་ག་འདྲ་ཡིན་པ་སོགས་འདྲི་བ་མ་ཟད། ལ་ལས་ལྭ་བ་ལུས་ལ་གྱོན་ནས་ཚོད་ལྟ་བྱེད།  སྐབས་དེ་ལ་མཚོན་ན་གྱོན་ཆས་ནི་རིག་གནས་ཀྱི་མཚོན་བྱེད་ཡིན་པར་མ་ཟད།  ས་གནས་གཉིས་སྦྲེལ་བྱེད་དང་མི་རིགས་བར་འབྲེལ་འདྲིས་བྱེད་སྤྱད་ཀྱི་འབྲེལ་ཟམ་གསོན་ཉམས་ལྡན་པ་དེ་རེད།   འདི་ལྟ་བུའི་དྲང་ཐད་དང་ཡང་ན་བློ་བ་ཉེ་ཉེ་ཡི་འབྲེལ་འདྲིས་ཀྱིས‘ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་གི་མི’ཞེས་པའི་འདུ་ཤེས་དེ་དཔེ་དེབ་ལས་བརྒལ་ཏེ།  ཚོར་རྒྱུ་དང་རེག་རྒྱུ་ཡོད་པ་ཞིག་ཏུ་གྱུར་ཞིང་།  དགའ་སྤྲོའི་དགོད་སྒྲའི་ཁྲོད་ནས་སེམས་ཀྱི་ཞིང་ས་བརླན།

   ཏག་ཏག་དེ་ནི་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་དེ་ལས་རིགས་སློབ་གླིང་གི་ངོས་ནས་མི་སྣ་གསོ་སྐྱོང་རྒྱུན་འཁྱོངས་གཙོར་བཟུང་བའི་བསྡུས་གཟུགས་གསོན་ཉམས་ལྡན་པ་དེ་རེད།   སློབ་གྲྭར་ངོས་ཟིན་ཟབ་མོ་ཞིག་ཡོད་པ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་གཞུང་ལུགས་ཀྱིས་རམ་འདེགས་དགོས་པ་མ་ཟད།   ལག་ལེན་གྱི་བརྡར་ཤ་དང་བརྩེ་སེམས་ཀྱི་གཞི་གཅིག་ཏུ་མཐུན་དགོས་པ་དེ་རེད།   དེ་བས་སློབ་གྲྭས་སེམས་ཞིབ་མོས་ཇུས་འགོད་ལེགས་པོ་བྱས་ཏེ་བརྗོད་དོན་གསལ་ལ་རྣམ་པ་སྣ་ཚོགས་པའི་ལག་ལེན་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སློབ་མས་ཉམས་མྱོང་དངོས་དང་ཟབ་ཞུགས་ཁྲོད་ནས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་ཤེས་རྟོགས་དང་ངོས་འཛིན་ཟབ་མོ་སྐྱེད་པར་ཁྲིད་སྟོན་བྱས་པ་ཡིན་ཟེར། 
    དེ་ལས《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྤྱི་བཤད》ཀྱི་སློབ་ཁྲིད་ཁྲོད“ང་ནི་རིག་དངོས་འཆད་མཁན་ཡིན”ཞེས་པའི་ལག་ལེན་སློབ་ཚན་ཞིག་བཀོད་སྒྲིག་བྱས་ཡོད་ལ། དེ་ནི་ཁྱད་ཆོས་ལྡན་པའི་མི་སྣ་སྐྱེད་སྲིང་གི་གཞི་རྟེན་ཡིན།   སློབ་ཁྲིད་དེས་སློབ་མ་རྣམས་ཀྱིས་མཚོ་སྔོན་རང་ས་ཡི་ལོ་རྒྱུས་རིག་གནས་དང་རིག་དངོས་རྒྱུ་ཆ་འབེལ་བོ་སྟེ།   དར་གོས་ཚོང་ལམ་གྱི་ལྷོ་ལམ་དུ་དར་རྒྱས་ཆེ་བའི་ཚོན་ལྟིར་དང་།  ལི་ཆས་ར་སྤྲོད་པ་ནས་ཐང་བོད་གནའ་ལམ་སྟེང་གི་མི་རིགས་བར་གྱི་འབྲེལ་འདྲིས་བཀོད་པའི་རྡོ་རིང་དང་། ཡིག་ཚང་ཟིན་ཐོར་འགོད་པའི་བར། དེ་ནས་ཉེ་རབས་ཀྱི་མི་རིགས་ཁག་གིས་མཉམ་དུ་གསར་སྤེལ་དང་འཛུགས་སྐྲུན་བྱས་པའི་མཚོ་སྔོན་གྱི་ཐོན་སྐྱེད་འཚོ་བའི་ཡོ་ཆས་མཚོན་པའི་བར་འཚོལ་སྡུད་བྱ་དགོས་པའི་རེ་བ་བཏོན། 

   སློབ་མ་རྣམས“རིག་དངོས་འཆད་མཁན”ཞིག་ཏུ་བསྒྱུར་ཏེ།   རིག་དངོས་དེ་དག་གི་རྒྱབ་ཕྱོགས་སུ་ཉར་བའི་མི་རིགས་ཁག་གི་འབྲེལ་འདྲིས་བརྗེ་སྤེལ་མཉམ་འདྲེས་ཀྱི་ལོ་རྒྱུས་གསོན་པོ་དེ་འཚོལ་ཞིབ་ཟབ་མོ་བྱེད་དུ་བཅུག     གྲ་སྒྲིག་དང་གསལ་འགྲེལ་གྱི་གོ་རིམ་ཁྲོད་དུ་སློབ་མ་རྣམས་ཀྱིས་ཚོར་ཡོང་བ་ནི་འཁྱགས་སིབ་སིབ་ཀྱི་ཡོ་ཆས་མ་ཡིན་པར་དུས་དང་བར་སྟོང་ལས་བརྒལ་བའི་མི་རིགས་བར་གྱི་བརྩེ་བ་དང་།  དཔལ་འབྱོར་འབྲེལ་བ།  རིག་གནས་ཕན་ཚུན་བརྗེ་སྤེལ་ལ་སོགས་ཀྱི་གཏམ་རྒྱུད་གསོན་ཉམས་ལྡན་པ་དེ་རེད།

   རིག་དངོས་རེ་རེ་ཡི་རྒྱུ་ཆ་ཀློག་འགྲེལ་བརྒྱུད་ལོ་རྒྱུས་དཔེ་ཆའི་ནང་གི་བྱུང་བ་དེ་དག་སྔར་ལས་ཞིབ་ཅིང་ཕྲ་བར་གྱུར་བས།  སློབ་མས་མཚོ་སྔོན་གྱི་ས་ཆེན་འདི་ནི་གནའ་ནས་བཟུང་མི་རིགས་ཁག་བར་མཉམ་དུ་འཚོ་སྡོད་བྱེད་སའི་གཞིས་ཁྱིམ་ཞིག་ཡིན་པ་དང་། དེ་ནི་ཀྲུང་ཧྭའི་དཔལ་ཡོན་དེ་སྣ་མང་གཅིག་འདུས་ཀྱི་རྣམ་པར་ཆགས་པའི་བདེན་དཔང་ཞིག་ཡིན་པ་ངང་གིས་ཚོར་ཏེ་སེམས་གཏིང་ནས“ཁྱོད་ལས་ང་དང་། ང་ལས་ཁྱོད།  ཁྲག་རྒྱུད་གཅིག་ལ་འབྲེལ་ཅིང་། ལས་དབང་གཅིག་ལ་གཏད་པའི”གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་རང་བཞིན་གྱིས་སྲ་བརྟན་དུ་གཏང་ཐུབ།   འདི་ལྟ་བུའི་ཕ་ས་ཕ་ཡུལ་གྱི་ལོ་རྒྱུས་རྨང་བྱས་ཤིང་ཆེད་ལས་ལག་ལེན་ལ་གཞི་བཅོལ་བའི་མྱོང་རོལ་རང་བཞིན་གྱི་སློབ་སྦྱོང་གིས་ད་གཟོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏང་བའི་སློབ་གསོ་ངང་ངམ་ཤུགས་ཀྱིས་མི་སེམས་ལ་འཇགས་ཐུབ།

  མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏང་བ་དེ་སློབ་གཉེར་སློབ་སྐྱོང་གི་གོ་རིམ་ཧྲིལ་བོར་བཅུག་སྟེ།   སློབ་ཁྲིད་ཁྲོད་ནས་ས་བོན་བསྐྲུན་ཞིང་།  གཞི་རྟེན་ལ་གསོན་ཤུགས་བསྐྱེད་དེ།   གསར་གཏོད་དང་ལག་ལེན།    མཉམ་ལས་གཏིང་ཟབ་བཅས་བརྒྱུད་དེ།   རྣམ་པ་དང་མྱོང་བ། ཕན་འབྲས་བཅས་ཕྱོགས་གང་ཅིའི་ཐད་ནས་མི་སྣ་སྐྱེད་སྲིང་གི་མ་ལག་ཆ་ཚང་གཟུག་རྒྱུ།   དགེ་སློབ་རྣམས་ཀྱིས་ལོ་རྒྱུས་དང་དངོས་ཡོད་ཟུང་འབྲེལ་དང་། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཁྲོད་ནས“ཁས་ལེན་ལྔ”ལ་མུ་མཐུད་ནས་ཤུགས་བསྣན་ཏེ།   མཛེས་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་དང་། ཀྲུང་གོའི་ཕུགས་འདུན་རླབས་ཆེན་མངོན་འགྱུར་ཆེད་ལ་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས་མི་རིགས་ཁག་བར་གྱི་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་དེ་གངས་ལྗོངས་མཐོ་སྒང་དུ་དུས་གཏན་དུ་བཞད་ཐུབ་པ་བྱ་རྒྱུའོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།