བོད་ལྗོངས་སུ་གཞུང་གཉེར་ཕྱོགས་བསྡུས་སྨན་ཁང་ཆེ་གྲས་ཞིག་བཙུགས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ཡོད་པའི་བོད་རང་སྐྱོང་ལྗོངས་སྨན་ཁང་གིས(སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་བོད་ལྗོངས་སྨན་ཁང)ཟླ6པའི་ཚེས20ཉིན་ནས་བཟུང་ནད་བརྟག་སྨན་བཅོས་བྱེད་མགོ་བརྩམས་ཤིང་། དེས་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། བོད་ལྗོངས་ཀྱི་མྱུར་ནད་དང་སྲོག་ཉེན་ཆེ་བའི་ནད་རིགས་ནད་བརྟག་སྨན་བཅོས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སྨན་བཅོས་སྲོག་སྐྱོབ་མ་ལག་འཐུས་ཚང་དུ་བཏང་ནས་མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པ་མཚོན་ཡོད། 

པར་འདི་ནི་བོད་རང་སྐྱོང་ལྗོངས་སྨན་ཁང(སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་བོད་ལྗོངས་སྨན་ཁང)གི་ཞག་སྡོད་ཐོག་ཁང་གི་ཕྱིའི་བཀོད་པ་རེད།

གསར་འགོད་པས་ཉིན་དེའི་བོད་རང་སྐྱོང་ལྗོངས་སྨན་ཁང(སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་བོད་ལྗོངས་སྨན་ཁང)གི་ནད་བརྟན་སྨན་བཅོས་བྱེད་མགོ་ཚུགས་པའམ་འོས་འགན་སྨན་བཅོས་བྱ་འགུལ་ཐོག་རྒྱུས་ལོན་བྱུང་བ་ལྟར་ན། སྨན་ཁང་གིས་སྐོར་དང་པོར་ཕྱི་ནད་ཚན་ཁག་དང་། དབང་རྩའི་ཁོག་ནད་ཚན་ཁག སྙིང་ནད་ཚན་ཁག དབུགས་ལམ་དང་ནད་གཞི་ལྗིད་ཅིང་སྲོག་ཉེན་ཆེ་བའི་གསོ་རིག་ཚན་ཁག་སོོགས་ནད་ཐོག་ཆེད་ལས་ཚན་ཁག14སྒོ་འབྱེད་བྱས་ཡོད་ལ། དེ་དང་དུས་མཉམ་དུ་སྦྲིད་བཟི་གཤགས་བཅོས་ལྟེ་གནས་དང་སྒྲ་འདས་གསོ་རིག་ཚན་ཁག འདྲ་བརྙན་གསོ་རིག་ལྟེ་གནས་སོགས་སྨན་བཅོས་ལག་རྩལ་ཚན་ཁག8ཀྱི་སྒོ་ཕྱེས་ཡོད། དེང་ཕྱིན་སྨན་ཁང་གིས་འཁོར་སྐྱོད་ཚན་ཁག་རིམ་བཞིན་རྒྱ་ཁྱབ་ཏུ་བཏང་ནས་མང་ཚོགས་ལ་སྔར་བས་ལེགས་པའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

འོས་འགན་སྨན་བཅོས་བྱ་འགུལ་གྱི་ཡུལ་དངོས་སུ་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་བོད་ལྗོངས་སྨན་ཁང་གི་མཐོ་སྒང་གསོ་རིག་དང་མཁོ་ཆོད་གསོ་རིག དབུགས་ལམ་དང་སྲོག་ཉེན་ཆེ་བའི་ནད་རིགས། སྙིང་ནད་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ14ཡིས་མང་ཚོགས200ལྷག་ལ་སྨན་བཅོས་བློ་འདྲི་དང་ནད་བརྟག་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས། 

སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གི་ཡོན་ཀྲང་ལའོ་ཧྥུན་མིན་གྱིས་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་འདི་ཉིད་བོད་རང་སྐྱོང་ལྗོངས་ཀྱི་སྣེ་འདྲེན་རོགས་སྐྱོར་སྨན་ཁང་དང་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་ཕྱིར་གཏོང་སྨན་ཁང་ཡིན་པའི་ཆ་ནས། ཧྭ་ཞི་དང་བོད་ལྗོངས་ཀྱིས་མཉམ་དུ་ཁོངས་མི་མངགས་ནས་དཔུང་སྡེ་སྒྲིག་འཛུགས་བྱས་ཏེ་ཐུན་མོང་དོ་དམ་དང་གཉེར་སྐྱོང་གི་རྣམ་པ་གསར་བ་འཚོལ་ཞིབ་བྱ་རྒྱུ་ཡིན། སྨན་ཁང་གི་ནད་བརྟག་སྨན་བཅོས་བྱེད་མགོ་ཚུགས་པ་ནི་མཉམ་ལས་མཉམ་སྐྲུན་གྱི་གྲུབ་འབྲས་ལ་དུས་མཚམས་རང་བཞིན་གྱི་ཞིབ་དཔྱད་བྱས་པ་ཡིན་ལ། སྨན་ཁང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཀྱི་རྐང་འཛུགས་ས་གསར་བའང་ཡིན་ཞེས་བཤད། 

པར་འདི་ནི་བོད་རང་སྐྱོང་ལྗོངས་སྨན་ཁང(སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་བོད་ལྗོངས་སྨན་ཁང)གི་སྒོ་བསྟེན་ཕྱོགས་བསྡུས་ཚོམས་ཆེན་གྱི་རྣམ་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་སྨན་ཁང(སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་བོད་ལྗོངས་སྨན་ཁང)ནི་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་བཟོ་ལས་སྡེ་ཚོགས་ཀྱིས་སྒྲུབ་འགན་འཁུར་བ་ཡིན། སྨན་ཁང་འདི2018ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་འཚོའི་ལས་གཞི་གལ་ཆེན་དུ་གཏན་འཁེལ་བྱས་ཤིང་། 2022ལོར་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་གྱི་སྡེ་ཚན་ནང་བཅུག །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།