ཟླ6པའི་ཚེས19ཉིན། ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཁྱབ་ཁོངས་དབྱེ་ནས་རིག་གནས་བསམ་བློ་དྲིལ་བསྒྲགས་དང་། སློབ་གསོ། འགྲིམ་འགྲུལ། ཆུ་བེད་བཅས་ཀྱི་ཐད་ནས་གཅིག་བསྡུས་ཚུར་ལྡོག་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་མེ་ཕིན་གྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་ཆེད་དོན་གྲོས་ཚོགས་སྟེང་སྐོར་ཐེངས་བདུན་པའི་སྐོར་ཞིབ་གནས་ཚུལ་སྙན་ཞུར་གསན་སྐབས་ཀྱི་གཏམ་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། བཅོས་སྒྲིག་དམ་འཛིན་བྱེད་པའི་ཐད་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་ཁྲིན་ཅི་ཝེ་བཅས་སོ་སོར་ཚོགས་འདུར་ཞུགས་པར་མ་ཟད་དོ་དམ་ཁྱབ་ཁོངས་ཁྲོད་བཅོས་སྒྲིག་དམ་འཛིན་ཡག་པོ་བྱེད་པའི་ཐད་ཞིབ་ཕྲའི་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་ཚན་གཙོ་སོ་སོས་སྐོར་ཞིབ་བསམ་འཆར་ཚུར་ལྡོག་བྱས།
ཚོགས་འདུ་ལས་སྐོར་ཞིབ་བྱས་པའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བཅོས་སྒྲིག་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་དགོས་ལ། སྐོར་ཞིབ་བཅོས་སྒྲིག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པའི་འདུ་ཤེས་བརྟན་པོར་བཙུགས་ནས། སྐོར་ཞིབ་བཅོས་སྒྲིག་གི་ཆབ་སྲིད་འགན་འཁྲི་གཟབ་ནན་གྱིས་ལག་བསྟར་བྱེད་པ་དང་། འགོ་ཁྲིད་དང་པོས་བཅོས་སྒྲིག་ལ་སྤྱི་འགན་འཁུར་བ། སྣེ་ཁྲིད་ནས་གཙོ་གནད་དཀའ་ཁག་དང་གནད་དོན་ཐག་གཅོད་བྱེད་པ། འགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་པས་ལས་རྐང་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་ནན་ཏན་བྱེད་པ། ཁག་བགོས་ཁྱབ་ཁོངས་ཀྱིས་བཅོས་སྒྲིག་ལས་འགན་དོན་འཁྱོལ་བྱས་ཏེ། བཅོས་སྒྲིག་ངོ་མ་དང་ཁྱོན་ཡོངས་ནས་བཅོས་སྒྲིག་བྱེད་པར་འགན་སྲུང་བྱེད་པ་དང་། སྐོར་ཞིབ་བཅོས་སྒྲིག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་གིས་རང་འགུལ་ངང་སྐོར་ཞིབ་བཅོས་སྒྲིག་གི་ལྟ་སྐུལ་འགན་འཁྲི་ཕྲག་ཏུ་འཁུར་ནས་བཅོས་སྒྲིག་བྱེད་པའི་བརྒྱུད་རིམ་ཡོངས་ལ་མཛུབ་ཁྲིད་ལྟ་སྐུལ་དང་རྗེས་འདེད་ལྟ་སྐུལ་བྱེད་པར་ཤུགས་སྣོན་པ་དང་། འགན་འཁྲི་རྩད་གཅོད་ནན་མོ་བྱས་ནས་བཅོས་སྒྲིག་འགན་འཁྲི་རྒྱུན་མཐུད་ངང་གཟབ་ནན་ཏུ་གཏོང་དགོས་པའི་བླང་བྱ་བཏོན།
སྐོར་ཞིབ་བྱས་པའི་ཏང་རྩ་འཛུགས་ཀྱི་འགན་ཁུར་བ་གཙོ་བོས་ཚུར་ལྡོག་ཚོགས་འདུའི་སྟེང་གཏམ་བཤད།