ལུའོ་ཏུང་ཁྲོན་གྱིས་ཧྥང་ཏ་སྡེ་ཚོགས་རྐང་གཉེར་ཅུའུ་ཡི་ཀྲུའུ་ཞི་ཧྥང་ཝེ་ལ་ཐུག་འཕྲད་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ6པའི་ཚེས19ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ལེའོ་ཉིང་ཧྥང་ཏ་སྡེ་ཚོགས་ཁེ་ལས་ཚད་ཡོད་ཀུང་ཟི་རྐང་གཉེར་ཅུའུ་ཡི་ཀྲུའུ་ཞི་ཧྥང་ཝེ་ལ་ཐུག་འཕྲད་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཧྥང་ཝེ་སོགས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཤུགས་གཅིག་སྡུད་བྱས་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་བཅས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། ལྷད་མེད་རྩིས་ནུས་དང་གློག་ཤུགས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལོ་རྒྱུས་སྟེང་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཧྥང་ཏ་སྡེ་ཚོགས་ཀྱིས་སྣ་མང་གཉེར་སྐྱོང་དང་རྒྱ་ཆེ་བའི་ཁྲོམ་རའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྨན་བཅོས་བདེ་ཐང་དང་མཁའ་འགྲུལ་སྐྱེལ་འདྲེན། ཚོང་ལས་དངོས་ཟོག་སྐྱེལ་འདྲེན། སྐྱེ་ཁམས་ཡུལ་སྐོར་སོགས་ཁྱབ་ཁོངས་ལ་དམ་པོར་དམིགས་ནས། མཚོ་སྔོན་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་འཚོལ་ཞིབ་བྱས་ཏེ། མཚོ་སྔོན་དུ་ཐོན་ལས་བཀོད་སྒྲིག་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ཟབ་སྤེལ་གཏོང་བ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་གང་ལེགས་བཅས་བྱ་རྒྱུའི་རེ་ལྟོས་ཆེ། མཚོ་སྔོན་གྱིས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་དུ་བསྐྲུན་ནས། དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འདྲ་མཉམ་སྒོས་སྲུང་སྐྱོབ་བྱས་ཏེ།  ཁེ་ལས་འཕེལ་རྒྱས་ལ་ཞབས་ཞུའི་འགན་ལེན་ཡག་པོ་བྱ་རྒྱུ་ཡིན།

ཧྥང་ཝེ་ཡིས་མཚོ་སྔོན་ཞིང་ཆེན་གྱིས་ཧྥང་ཏ་སྡེ་ཚོགས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པརཐུགས་རྗེ་ཆེ་ཞུས། ཁོས་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་རྗེས། ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་ཁྲོད་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱེད་པ་དང་། འབྲེལ་གཏུག་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། ལས་གཞི་ལག་བསྟར་ལ་སྐུལ་འདེད་ནུས་ལྡན་བཏང་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་ཤུགས་ཅི་ཡོད་འབུལ་རྒྱུ་ཡིན་ཞེས་བཤད།

ཀྲང་ཅིན་ཀང་དང་ལིའུ་ཁྲའོ་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།