བོད་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དེ་དངོས་སུ་རྒྱལ་ཁབ་རིམ་པའི་རིག་གནས་སྲུང་སྐྱོང་ཁུལ་དུ་གཏན་འཁེལ་བྱས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ6པའི་ཚེས16ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ནས་ཤེས་གསལ་ལྟར་ན། ཉིན་འགའི་སྔོན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་ཀྱི་རྒྱལ་ཁབ་རིམ་པའི་རིག་དངོས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་བརྡ་ཁྱབ་ཁྲོད། མཚོ་སྔོན་ཞིང་ཆེན་བོད་རིགས་རིག་གནས(ཡུས་ཧྲུའུ)སྐྱེ་ཁམས་སྲུང་སྐྱོང་ཁུལ་དེའི་ཁྲོད་བདམས་ཐོན་བྱུང་།

བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་ནི་ཡུས་ཧྲུའུ་ཁུལ་གྱི་མངའ་ཁོངས་སུ་ཡོད་པ་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས11ཡོད་པས། མཚོ་སྔོན་ཞིང་ཆེན་གྱི་རེབ་གོང་དང་གེ་སར་རྗེས་ཀྱི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གསུམ་པ་རེད། སྲུང་སྐྱོང་ཁུལ་གྱིས་འཛམ་གླིང་ཡང་རྩེའི་ཐུན་མིན་གྱི་རིག་གནས་གཞི་རྒྱུ་ཉར་ཚགས་དང་། བོད་རིགས་རིག་གནས་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་རྒྱུན་འཁྱོངས། སྲོལ་རྒྱུན་རིག་གནས་དང་དེང་རབས་འཕེལ་རྒྱས་མཉམ་འདྲེས་དམ་ཟབ་བཅས་ལ་སྐུལ་འདེད་བཏང་སྟེ།  མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རིག་གནས་འདེགས་སྐྱོར་མཁོ་འདོན་བྱས། ཐེངས་འདིའི་བདམས་ཐོན་བྱས་པ་བརྒྱུད། ཡུས་ཧྲུའ་ཁུལ་གྱི་མི་རིགས་ཤུལ་བཞག་རིག་གནས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱེད་པར་ཤུགས་བསྣན་པ་དང་། ཡུས་ཧྲུའུ་ཁུལ་གྱི་གཟུགས་འདས་ཤུལ་བཞག་རྣམ་གྲངས་སོ་སོས་རྒྱུན་འཛིན་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཡུས་ཧྲུས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ་དང་། གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྐྱེ་ཁམས་དང་རིག་གནས་སྐྱེ་ཁམས་འཆམ་མཐུན་སྒོས་འཕེལ་རྒྱས་འགྲོ་བར་དོན་སྙིང་གལ་ཆེན་ལྡན།

ལོ་མང་རིང་། ཡུས་ཧྲུའུ་ཁུལ་གྱིས“གཙམ་གསུམ་རིག་གནས”ཀྱི་རྩ་བ་སྲུང་སྐྱོང་བྱ་རྒྱུར་ལས་འགན་དུ་བརྩིས་ནས། སྐྱེ་ཁམས་རྨང་གཞིའི་སྲུང་སྐྱོང་དང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན། རིག་གནས་བར་སྟོང་བསྐྲུན་རྒྱུ་སོགས་ཐད་བྱས་རྗེས་བཞག  རྟ་རྒྱུག་དུས་ཆེན་ནས་རྩམ་པའི་རིག་གནས་དུས་ཆེན་བར་གྱི་དམངས་སྲོལ་ཚོགས་འདུ་གཟབ་རྒྱས་དང་། བོད་རིགས་གྱོན་ཆས་ཀྱི་བཟོ་རྩལ་བརྟན་སྲུང་བྱེད་པ་ནས་གྱི་བྲོའི་རྒྱུན་འཛིན་བྱས་ཏེ། “རི་ཆུ་མཉམ་འདྲེས་དང་མི་ཆོས་མཉམ་གནས”ཀྱི་རིག་གནས་སྐྱེ་ཁམས་དེ་མཇུག་མཐར་རྒྱལ་ཁབ་ཀྱིས་ཁས་ལེན་བྱེད་པའི་སྲུང་སྐྱོབ་དཔེ་མཚོན་དུ་གྱུར་ཡོད། ཡུས་ཧྲུའུ་ཁུལ་གྱིས་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་སྟེགས་བུར་བྱས་ཏེ། “རིག་གནས་སྲུང་སྐྱོང་དང་སྐྱེ་ཁམས་འཕེལ་རྒྱས། དམངས་འཚོ་བདེ་སྐྱིད་བཅས་ཀྱི་མཉམ་འདྲེས་ལེའུ་གསར་པ་མུ་མཐུད་དུ་འབྲི་རྒྱུ་དང་། བོད་རིགས་རིག་གནས་དེ་གཙང་གསུམ་འབྱུང་ཡུལ་ཡུས་ཧྲུའུ་རུ་འོད་སྟོང་ལྡན་པར་བྱས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།