ཟླ6པའི་ཚེས17ཉིན་བར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གིས“གྲོང་ཚོ་སྟོབས་ཆེའི་འཆད་ཁང”དང་ཁྲ་ལ་བུད་མེད་སྒྲོག་འགྲེལ་ཚོགས་པ་བརྒྱུད་སྒྲོག་འགྲེལ་ཐེངས18སྤེལ་བ་དང་། རོང་འབྲོག་པའི་ཏང་ཡོན་སོགས་ཚོགས་སྤྱིར་དམིགས་ནས་ཁྱིམ་དུ་སློབ་ཁྲིད་ཐེངས119བྱས་ཤིང་། དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་སོགས་ཀྱི་བྱ་ཐབས་བརྒྱུད་ཉེན་བརྡའི་སློབ་གསོ་སྤེལ་ནས་ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་བསམ་བློ་སྤྱོད་ཚུལ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བར་སྐུལ་འདེད་བཏང་།
ད་ལོ་ནས་བཟུང་ཁྲི་འདུ་རྫོང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དེ་སྤྱོད་ཚུལ་འཛུགས་སྐྱོང་གི་ལྟེ་བའི་སྒུལ་ཤུགས་སུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ།“བསམ་བློའི་བླ་སྲོག་བཟོ་བ་དང་། ལམ་སྲོལ་གྱི་ནུས་པ་འདོན་པ། དངོས་སྒྲུབ་ཕན་འབྲས་ཐོན་པ”བཅས་ཐབས་ལམ་དུ་བྱས་ནས། སྤྱོད་ཚུལ་འཛུགས་སྐྱོང་དེ་བློ་ལ་ངེས་བ་དང་སེམས་ལ་གཤགས་སུ་བཅུག་སྟེ། ནུས་ཤུགས་ཡོད་རྒུས་དུས་རབས་གསར་པའི་དངོས་སྒྲུབ་འགན་འཁུར་ལས་བྱེད་པའི་དཔུང་ཁག་བསྐྲུན་ཡོད། རྫོང་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་གིས“གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་དང་རྫོང་རིམ་པའི་མགོ་ཁྲིད་ཀྱིས་སྦྲེལ་ཚེག་དང་ཟུང་འབྲེལ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“བརྟོལ་ཐབས”བརྟག་དཔྱད་ཞིབ་འཇུག་ཐེངས70བྱས་ནས་གནད་དོན93རྒྱུས་ལོན་བྱས། མང་ཚོགས་ཀྱི་བློ་ཡིད་ཚིམ་པ་རྩ་བའི་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འབྲེལ་ཐག་ཡོངས་ཀྱི་ལྟ་སྐུལ་མ་ལག་འཛུགས་པ་དང་།“ཁྲི་འདུ་ཏང་འཛུགས་སྐྱོང”གི་སྐད་འཕྲིན་སྤྱི་དམངས་ཨང་གྲངས་བརྒྱུད་དྲ་ཐོག་འདྲི་ཤོག་ཁྱབ་བསྒྲགས་དང་། ཐེར་འདོན་ཐད་སྦྲེལ་ཁ་པར་ཁྱབ་བསྒྲགས་བྱེད་པ། ཞང་དང་གྲོང་རྡལ་གྱི་བསམ་འཆར་སྒམ་འཛུགས་པ་སོགས་ཀྱི་ཐབས་ལམ་བརྒྱུད་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ84རྒྱ་ཁྱབ་ཏུ་བསྡུ་རུབ་བྱས་ཤིང་། གནད་དོན་ལ་རྩིས་ཐོ་རྣམ་པའི་ཨང་གྲངས་ཕྱིར་འཐེན་དོ་དམ་ལག་བསྟར་བྱས་ནས། ལྟ་སྐུལ་ལ་ལྐོག་གནས་མེད་པ་དང་བཅོས་སྒྲིག་ལ་ཕན་འབྲས་དངོས་ཐོན་ཐུབ་པར་འགན་ལེན་བྱས། “སྤྱོད་ཚུལ་བསྒྱུར་བ་དང་། དོན་དག་དངོས་སྒྲུབ་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་དམིགས་འབེན་ལ་དམིགས་ནས། ཁྲི་འདུ་རྫོང་གི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས8རིམ་སྤོར་བསྒྱུར་བཀོད་དང་། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྐྱོང་རྟེན་གཞི་དང་སྐྱེ་ཁམས་འབྲོག་ལས་མཉམ་ལས་ཁང་གི་ཞིང་འབྲོག་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་འཛུགས་བསྐྲུན་བྱེད་པ། རྫོང་ལྟེ་གནས་རྒན་གསོ་ཁང་བསྐྲུན་པ། འདམ་རའི་སྤྱི་གླིང་རིམ་སྤོར་བསྒྱུར་བཀོད་སོགས་དམངས་ཕན་ལས་གཞི་མང་པོ་ལག་བསྟར་བྱས་ཏེ། དོན་དངོས་ཀྱི་ཕན་འབྲས་ལ་བརྟེན་ནས་མང་ཚོགས་ལ་སྤྱོད་ཚུལ་འགྱུར་ལྡོག་ལས་བྱུང་བའི་འགྱུར་ལྡོག་གསར་པ་དང་བདེ་སྐྱིད་གསར་པ་ཚོར་དུ་བཅུག