ཟླ5པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཀྲུང་གོའི་ཆུ་ཐོན་ཚན་རིག་ཞིབ་འཇུག་ཁང་འབྲི་ཆུའི་ཆུ་ཐོན་དངོས་རྫས་ཞིབ་འཇུག་ཁང་གིས་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་དང་ཧྲང་ཧའེ་གྲོང་ཁྱེར་ཆུ་སྐྱེས་རྒོད་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་བརྟག་དཔྱད་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ་ཉེ་ཆར་རང་ཞིང་གི་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་སྨར་ཁོག་གཙང་པོར་ཁྲོན་ཧྲན་ཉ་ཀྲེ་ལུའོ་ཀུའེ་ལ་བརྟག་དཔྱད་བྱས། ཁོར་ཡུགDNAདང་། སྐྱེ་ཁམས་མཁའ་བརྟག ། རྒྱུག་རའི་ཚད་འཇལ། འདྲི་རྩད་བརྟག་དཔྱད་སོགས་ཀྱི་བྱེད་ཐབས་བརྒྱུད་ཁྲོན་ཧྲན་ཉ་ཀྲེ་ལུའོ་ཀུའེ་རང་བྱུང་སྐྱེ་འཕེལ་གྱི་དཔང་རྟགས་བརྙན་པར་རྒྱུ་ཆ་དང་ཁོར་ཡུགDNAཡི་གྲངས་གཞི་ཐོབ་པ་དང་། མཚོ་སྔོན་སྨར་ཁོག་གཙང་པོའི་གདོད་མའི་འཚོ་སྡོད་ཁུལ་དུ་རྒོད་སྐྱེས་ཁྱུ་ཚོགས་ཡོད་པ་ར་སྤྲོད་བྱས།
ཤེས་གསལ་ལྟར་ན། རང་ཞིང་གིས2022ལོ་ནས2024ལོའི་བར་སྔ་རྗེས་སུ་སི་ཁྲོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་དང་མཉམ་འབྲེལ་ཐོག་ཁྲོན་ཧྲན་ཉ་ཀྲེ་ལུའོ་ཀུའེ་འཚོ་ཡུལ་བསྐྱར་སྐྲུན་བྱེད་སྒོ་ཐེངས་གཉིས་སྤེལ་བ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་སྨར་ཁོག་གཙང་པོའི་གདོད་མའི་འཚོ་གནས་སུ་ཁྲོན་ཧྲན་ཉ་ཀྲེ་ལུའོ་ཀུའེ40གློད་གཏོང་བྱས་པ་དང་། གཞི་ཁྱོན་ཆེ་བའི་སྒོ་ནས་ཉ་རེ་རེ་བཞིན་གློད་གཏོང་བྱས་པར་བརྟེན་ཁྲོན་ཧྲན་ཉ་ཀྲེ་ལུའོ་ཀུའེ་ཁྱུ་ཚོགས་བསྐྱར་སྐྲུན་བྱ་རྒྱུའི་རེ་བ་བྱས་པ་རེད། དེ་དང་ཆབས་ཅིག རང་ཞིང་གིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་དང་ཟུང་འབྲེལ་བྱས་ཏེ་སྨར་ཁོག་གཙང་པོའི་འབབ་རྒྱུད་ཀྱི་རིན་ཆེན་སྒང་གློག་འདོན་ས་ཚིགས་བཤིག་ནས་ཆུ་ལམ་གྱི་འབྲེལ་མཐུད་རང་བཞིན་སླར་གསོ་བྱས་ཏེ་སྟོད་སྨད་རྒྱུན་མཐུད་ངང་རྒྱུག་པར་བྱས་ནས་ཆུ་བོའི་སྐྱེ་ཁམས་མ་ལག་གི་བདེ་ཐང་བརྟན་ལྷིང་འགན་ལེན་བྱས།
ཐེངས་འདིའི་བརྟག་དཔྱད་བྱས་འབྲས་ཀྱིས་བདེན་དཔང་བྱས་པ་ལྟར་ན། རང་ཞིང་གིས་ཞིང་ཆེན་ལས་བརྒལ་ནས་ནང་འདྲེན་བྱས་པའི་ཁྲོན་ཧྲན་ཉ་ཀྲེ་ལུའོ་ཀུའེ་དེ་གདོད་མའི་འཚོ་གནས་སུ་འཚོ་གནས་དང་སྐྱེ་འཕེལ་ཐུབ་པ་དེས་རང་ཞིང་གི་སྲུང་སྐྱོང་ལས་དོན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བ་དང་སླད་ཕྱིན་ཁྱུ་ཚོགས་འཚོ་གནས་ཁུལ་བསྐྱར་སྐྲུན་ལས་དོན་ལ་རྨང་གཞི་བཟང་པོ་བཏིང་ཡོད་པ་མཚོན་ཡོད། །