འབའ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱིས་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཡུན་ཕན་ལམ་ལུགས་དོན་འཁྱོལ་ལ་འགན་ལེན་བྱས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ད་ལོ་ནས་བཟུང་། འབའ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ཁྲིད་སྟོན་དུ་འཛིན་པ་དང་གྲོང་ཁྱེར་གྱི་ཞིབ་ཚགས་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ་དམིགས་སུ་བཟུང་སྟེ། གྲོང་ཁྱེར་གྱི་རྣམ་པ་བཅོས་སྐྱོང་དང་ཁྲོམ་རའི་སྒྲིག་ལམ་ཚད་ལྡན། འགྲིམ་འགྲུལ་སྐྱེལ་འདྲེན་ལྟ་སྐུལ། ངལ་རྩོལ་ཁེ་དབང་འགན་སྲུང་སོགས་ཀྱི་ཐད་ལ་རྡུང་རྡེག་དྲག་པོ་བཏང་སྟེ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་བླངས།  ཟླ་དང་པོ་ནས་བཞི་པའི་བར།  ཐུན་ཏེ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱིས་རྒྱུན་གཏན་གྱི་སྐོར་ཞིབ་ཐེངས168སྤེལ་བ་དང་ཆེད་དོན་ཁྲིམས་བསྟར་འགུལ་སྐྱོད་ཐེངས12སྤེལ་ཏེ།  གྱོད་གཞི་སྣ་ཚོགས་བརྒྱ་ལྷག་ཐག་གཅོད་བྱས་པས་མཁར་གྲོང་གི་སྣང་བརྙན་ནུས་ལྡན་ངང་མཐོ་རུ་ཕྱིན་པ་དང་། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཕྱིན་ཡོད།

མཁར་གྲོང་དོ་དམ་ནི་མཁར་གྲོང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་གལ་ཆེའི་བྱ་བ་ཞིག་ཡིན། ཐུན་ཏེ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱིས་ནུས་ཤུགས་ཡོད་རྒུས་མཁར་གྲོང་དོ་དམ་ཞིབ་ཚགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། དེ་ལས་གཞན་ད་དུང་སྒོ་མདུན་གྱི་འགན་སྲུང་ལྔའི་འགན་འཁྲིའི་ལམ་ལུགས་ལ་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་ཚོང་ཁང976གིས་སྒོ་མདུན་གྱི་འགན་སྲུང་ལྔའི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དང་། ཚོང་པའི་འགན་འཁྲི་གསལ་བོ་བྱ་རྒྱུ་དང་ཚོང་པ་རྣམས་ཀྱིས་རང་རྟོགས་ངང་མཁར་གྲོང་གི་རྣམ་པ་དང་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱས་ཏེ། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

རིག་གནས་ཁྲོམ་ར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བ་དེ་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་དང་འབྲེལ་ཡོད། ཐུན་ཏེ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱིས་རིག་གནས་ཁྲོམ་རའི་ཁྲིམས་བསྟར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཟླ་དང་པོ་ནས་བཞི་པའི་བར་ཆེད་དོན་ཞིབ་བཤེར་ཐེངས6སྤེལ་བ་དང་། རོལ་རྩེད་ཁང་དང་དཔེ་ཁང་། དྲ་ཁང་སོགས་ཁེ་ལས65ལ་ཞིབ་བཤེར་བྱས་ཏེ། ཁྲིམས་འགལ་སྒྲིག་འགལ་གྱི་གཉེར་སྐྱོང་བྱ་སྤྱོད་སྣ་ཚོགས་གཙོ་གནད་དུ་བཟུང་སྟེ་རྡུང་རྡེག་བྱས་པས་རིག་གནས་ཁྲོམ་རའི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཡོད།

ངལ་རྩོལ་ལྟ་ཞིབ་ཁྲིམས་བསྟར་ནི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་སྐྱོང་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཡིན། ཐུན་ཏེ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱིས་ཧུར་ཐག་གིས་ངལ་རྩོལ་ལྟ་ཞིབ་འགན་འཁྲི་ལེགས་པོར་བསྒྲུབས་ནས། ཟླ་དང་པོ་ནས་ཟླ་བཞི་པའི་བར་ཁྱོན་བསྡོམས་མི125དང་འབྲེལ་བ་ཡོད་པའི་ཞུ་གཏུག་གྱོད་གཞི52ཐག་གཅོད་བྱས་པ་དང་ཆད་འགྱངས་གླ་ཕོགས་སྒོར་འབུམ་དགུ་ཁྲི་ལྔ་སྟོང་གཅིག་དགུ་བརྒྱ་ཐག་གཅོད་བྱས་ནས། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་བཏང་།

འགྲིམ་འགྲུལ་སྐྱེལ་འདྲེན་ཁྲིམས་བསྟར་ནི་མི་དམངས་མང་ཚོགས་ཀྱི་འགྲོ་སྐྱོད་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་དང་འབྲེལ་ཡོད། ཐུན་ཏེ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་དང་འགྲོ་འོང་འགན་ལེན་བྱ་རྒྱུ་དམིགས་འབེན་དུ་བཟུང་སྟེ། ཟླ་དང་པོ་ནས་བཞི་པའི་བར་རིམ་རྩིས་བྱས་ན་ཆེད་དོན་ཞིབ་བཤེར་ཐེངས5སྤེལ་བ་དང་། རླངས་འཁོར131ལ་ཞིབ་བཤེར་བྱས་ཏེ། ཚད་བརྒལ་རླངས་འཁོར་དང་ཡི་གེ་མེད་པའི་རླངས་འཁོར། གླ་གཏོང་རླངས་འཁོར་བཅས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གཉེར་སྐྱོང་བྱ་སྤྱོད་གཙོ་གནད་དུ་བཟུང་སྟེ་རྡུང་རྡེག་བཏང་བས་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོབ་ནུས་ལྡན་བྱས། 

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་མགོ་ཚུགས་པ་ནས་བཟུང་། ཐུན་ཏེ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱིས་རིམ་རྩིས་བྱས་ན་ཁྲིམས་བསྟར་འགུལ་སྐྱོད་ཐེངས200ལྷག་སྤེལ་བ་དང་། གནད་དོན300ལྷག་བཅོས་སྐྱོང་བྱས། ཁྲིམས་འགལ་གྱིས་རྡོ་ཟེགས་སྔོག་པའི་གྱོད་གཞི4དང་ཞུ་གཏུག་གྱོད་གཞི14། ཞིང་པ་ཞོར་ལས་པ59ཡི་ཆད་འགྱངས་གླ་ཕོགས་སྒོར་འབུམ་བཞི་ཁྲི་བརྒྱད་བརྒྱ་ལྷག་ཞིབ་བཤེར་དང་ཐག་གཅོད་བྱས་ཏེ། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།