མཚོ་སྔོན་མདའ་གཞི་རྫོང་གིས་སྔོན་ལ་སྡོད་ཁུལ་གྱི་ཐུན་མོང་དཔལ་འབྱོར་ཞིབ་འཇུག་བྱས་ཏེ་འཕེལ་རྒྱས་བཏང་ནས་རྫོང་ཡོངས་ཀྱི་སྡོད་ཁུལ་བདུན་གྱི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་འབུམ་བཞི་དང་སྟོང་བརྒྱད་ཉིས་བརྒྱ་བླངས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་སྔོན་ལ་ཞིབ་འཇུག་བྱས་ཏེ་ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱེད་པ་དང་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  སྡེ་ཁུལ་གྱི་ཏང་རྩ་འཛུགས་གིས་སྡེ་ཁུལ་གྱི་དཔལ་འབྱོར་རྩ་འཛུགས་ལ་སྣེ་ཁྲིད་བྱས་ཏེ། སྡེ་ཁུལ་གྱི་མང་ཚོགས་ཀྱི་ལས་ཞུགས་ཡོང་འབབ་འཕར་སྣོན་ལ་སྣེ་ཁྲིད་ནས། གཉེར་སྐྱོང་ཡོང་འབབ་ཀྱིས་སྡེ་ཁུལ་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས། ད་ལྟའི་བར་དུ། མདའ་བཞི་རྫོང་གིས་སྡེ་ཁུལ་བདུན་གྱིས་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་འབུམ་བཞི་དང་སྟོང་བརྒྱད་ཉིས་བརྒྱ་བླངས།

མདའ་བཞི་རྫོང་གིས་མ་རྩ་དང་ཞབས་ཞུ། མཉམ་ལས་བཅས་ལ་དམིགས་ནས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་ཡོད་ལ།  བེད་མེད་དུ་བཞག་པའི་ཁང་པ་སོགས་སྤྱི་པའི་བར་སྟོང་གསར་སྤེལ་དང་། སྡེ་ཁུལ་གྱི་ཟ་ཁང་སོགས་རྣམ་གྲངས་བསྐྲུན་པ། བོགས་མར་གཏོང་བ་དང་མཉམ་ལས་གཉེར་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་རྒྱུ་ནོར་གྱི་རིན་ཐང་འཕར་བ་མངོན་འགྱུར་བྱས།   སྡེ་ལས་ཁྱིམ་ལས་ཀུང་སི་དང་ངལ་ལས་མཉམ་ལས་ཁང་བཙུགས་ནས་རྒན་གསོའི་བཅོལ་གསོ་སོགས་དམངས་ལ་སྟབས་བདེ་ཞབས་ཞུ་མཁོ་འདོན་བྱས་ནས་མང་ཚོགས་རྣམས་རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་མངོན་འགྱུར་ཡོང་བར་བྱས།  སྡེ་ཁུལ་གྱི་ཐོན་ཁུངས་ཀྱི་ཞིབ་ཐོ་ལེགས་སྒྲིག་དང་། ཐུན་མོང་ཕྱུག་འགྱུར་འབྱུང་བ། ཚོགས་པའི་ཉོ་སྒྲུབ་སྟེགས་བུ་བཙུགས་ནས་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་རོགས་བྱེད་པ། གྲོང་ཚོ་དང་སྡེ་ཁུལ་མཉམ་འབྲེལ་འཛུགས་སྐྲུན་འཚོལ་ཞིབ་བྱས་ནས་ལེགས་ཆ་ཕན་ཚུན་གསབ་རེས་མངོན་འགྱུར་བཅས་བྱས་།  ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་དངུལ་དང་། ཁེ་ལས་སོགས་ཀྱི་ཞལ་འདེབས་མ་དངུལ་བསྡུ་ལེན་བྱེད་པ་ཧུར་ཐག་གིས་བརྩོན་ལེན་བྱས་ནས།  སྡེ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་དུས་མཚུངས་སུ་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཡོང་འབབ་འཕར་བའི་ཐབས་ལམ་གཞན་དག་འཚོལ་ཞིབ་བྱས། 

དམངས་ཀྱི་གནས་ཚུལ་དངོས་གླེང་བ་སོགས་ལ་བརྟེན་ནས། རྒན་གསོ་བྱིས་སྙོར་དང་ཁོར་ཡུག་མཛེས་བཟོ་སོགས་དམངས་འཚོའི་རེ་འདུན་ཁག་དགུ་བསྡུ་རུབ་དང་ཐག་གཅོད་བྱས་ཏེ།  གྲོས་མོལ་བཞི་དང་ཡོངས་བསྒྲགས་གཉིས་ཀྱི་ཐབས་ཇུས་གོ་རིམ་སྤྱད་དེ།  སྒོར་ཁྲི་དྲུག་དང་སྟོང་ལྔ་བཏང་ནས་སྡེ་ཁུལ་རྙིང་པའི་ཁོར་ཡུག་བཅོས་སྐྱོང་དང་།  སྡེ་ཁུལ་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་བསྒྱུར་བཀོད་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཏེ་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྩིས་ཡོད། གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་སྡེ་ཁུལ་གྱི་ཡོང་འབབ་ལས་དོན་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་།  གཞུང་ཁོངས་ཁེ་ལས་དང་དམངས་དོན་ལས་རིགས།   སྤྱི་ཚོགས་རྩ་འཛུགས་སོགས་སྣ་མང་གཙོ་གཟུགས་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་རྣམ་གྲངས་ལག་བསྟར་དང་མ་དངུལ་དོ་དམ་ལ་མཛུབ་ཁྲིད་བྱེད་དགོས། འགན་འཁྲིའི་འབྲེལ་ཐག་རྒྱུན་ཆད་མེད་པར་དམ་ཟབ་ཏིགབཏང་སྟེ་རྫོང་རིམ་པའི་འཆར་འགོད་དང་། ཞང་གྲོང་གིས་སྐུལ་འདེད། སྡེ་ཁུལ་གྱིས་དོན་འཁྱོལ་བཅས་བྱེད་པའི་རིམ་གསུམ་མཉམ་འགུལ་མ་ལག་ཆགས་པ་དང་། ཚན་རིག་དང་མཐུན་པའི་ལམ་སྲོལ་ལ་བརྟེན་ནས་སྡེ་ཁུལ་གྱི་ཐུན་མོང་དཔལ་འབྱོར་ཚད་ལྡན་དང་ཕན་འབྲས་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྲུང་སྐྱོབ་བྱས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།