ཟླ5བའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་ཞེ་ལྔ་པ་འཚོགས་པ་དང་། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅིའི་འབྲེལ་ཡོད་གསུང་བཤད་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་སློབ་གསོ་ཀྱི་འབྲེལ་ཡོད་ཡིག་ཆ་དགོངས་དོན་སློབ་སྦྱོང་བྱེད་པ་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ། ཀྲུའུ་རེན་གཞོན་པ་ཝང་ལི་མིང་གིས་ཚོགས་འདུར་མགོ་འཛིན་བྱས་ཤིང་། ཉི་མ་སྒྲོལ་མ་དང་ཝང་ཅིང་ཀྲའེ། ཁྲེན་ཏུང་ཁྲང་བཅས་ཞུགས་པ་དང་། ལིའུ་ཐུང་ཏེ་ཟུར་ཞུགས་བྱས།
ཚོགས་འདུས་བསྟན་དོན། རང་རྒྱལ་གྱི་མི་ཐབས་རིག་ནུས་དང་བཟོ་ཚོགས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་དུ་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་གྱི་མཐོ་ས་མགྱོགས་མྱུར་ངང་བསྐྲུན་པ། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཆར་འགོད་ཡག་པོ་བྱེད་པ། གཉིས་སྐྱོར་ལས་དོན་དང་བདེ་འཇགས་ཐོན་སྐྱེད་སོགས་ལས་དོན་གལ་ཆེན་གྱི་བླང་བྱ་ལེགས་པར་བསྒྲུབས་པར་ཁ་ཕྱོགས་ཏེ། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་ལག་བསྟར་དང་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་དགོས།
ཚོགས་འདུས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཁྲིད་སྟོན་དུ་བྱས་ནས་དམངས་ཆེན་ལས་དོན་གྱི་ཟུང་འབྲེལ་བྱེད་ས་དང་། འཇུག་སྒོ། ཤུགས་འདོན་ས་བཅས་ཡང་དག་པར་བཙལ་ནས། དཔལ་འབྱོར་བསྐྱར་འཕར་ཇེ་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་སྲ་བརྟན་དུ་གཏོང་བར་རྒྱུན་ཆད་མེད་པར་རོགས་རམ་བྱེད་དགོས་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་མངའ་ཁོངས་དང་། གཙོ་གནད་གནས་ཡུལ་དང་ཞན་ཆ་བཅས་ལ་དོ་སྣང་དམ་ཟབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་འཛུགས་སྐྲུན་གྱི་སྲོལ་ཡིག ཁྲིམས་འཛུགས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། བདེ་འཇགས་མཚོ་སྔོན་གྱི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་བསྣན་ནས། སྤྱི་ཚོགས་ཀྱི་བཅོས་སྐྱོང་ཕན་ནུས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ། ས་ཁོངས་ལས་བརྒལ་བའི་མཐུན་སྦྱོར་ཁྲིམས་འཛུགས་སྤེལ་བའམ་ཡང་ན་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀྱི་གཟིགས་ཞིབ་དང་ཆེད་དོན་བརྟག་ཞིབ་གཅིག་གྱུར་བཀོད་སྒྲིག་དང་རྩ་འཛུགས་བྱེད་པ་སོགས་འབྲེལ་ཡོད་གཏན་འབེབས་དང་བརྡ་ཐོའི་བླང་བྱ་ནན་ཏན་སྒོས་ལག་བསྟར་བྱེད་དགོས།
ཚོགས་འདུའི་སྟེང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཏང་ཙུའུ་ཡིས2025ལོའི་ལོ་འཁོར་དུ་ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བའི་གཙོ་འགན་དོན་འཁྱོལ་བྱེད་པའི་གཙོ་གནད་བྱ་བའི་ལས་འགན་ཞིབ་ཐོ་དང་། 《མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་དམངས་ཆེན་གྱི་འཐུས་མིས་འགན་འཁྲི་ལག་བསྟར་བྱས་ཚུལ་སྙན་སེང་ཞུ་ཐབས》ཚོད་ལྟའི་ཁྱབ་སྤེལ་གཏོང་བའི་འབྲེལ་ཡོད་གནས་ཚུལ་སོགས་སྐོར་གྱི་སྙན་ཞུར་ཉན། །