ཀྲའོ་ཞིན་ཐུང་གིས་འཛམ་གླིང་སི་ནོ་ཁེ་སྟེགས་གྲུག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ5པའི་ཚེས5ཉིན། དབྱིན་ཇིའི་ཞེ་ཧྥེར་ཏེ་རུ་འཚོགས་པའི2025ལོའི་སི་ནོ་ཁེ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཁྲོད། ཀྲུང་གོའི་འགྲན་ཞུགས་པ་ཀྲའོ་ཞིན་ཐུང་ཝེར་ཧྲིའི་འགྲན་ཞུགས་པ་ཝེ་ལེན་མུའུ་སི་ལས་རྣམ་པར་རྒྱལ་ཏེ་བྱ་དགའ་ཨང་དང་པོ་བླངས། ཀྲའོ་ཞིན་ཐུང་ནི་སི་ནོ་ཁེ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ལས་ཨང་དང་པོ་ཐོབ་མཁན་གྱི་ཀྲུང་གོའི་འགྲན་ཞུགས་པ་ཐོག་མ་ཡིན་པར་མ་ཟད་ཨེ་ཤ་ཡའི་འགྲན་ཞུགས་པ་ཐོག་མའང་ཡིན་པ་རེད། 

ཀྲུང་གོའི་འགྲན་ཞུགས་པ་ཀྲའོ་ཞིན་ཐུང་དང་ཝེར་ཧྲིའི་འགྲན་ཞུགས་པ་ཝེ་ལེན་མུའུ་སི།
བྱ་དགའི་རྟགས་མ་བླངས་ནས་རྟེན་འབྲེལ་གྱི་པར་བསྐྱོན་པ།
རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།