ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་མགྱོགས་མྱུར་སྒོས་གོ་ལ་ཧྲིལ་བོའི་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་སྐྲུན་གྱི་མཐོ་ས་འཛུགས་སྐྲུན་བྱེད་དགོས་པར་བསྟན།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་མགྱོགས་མྱུར་སྒོས་གོ་ལ་ཧྲིལ་བོའི་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་སྐྲུན་གྱི་མཐོ་ས་འཛུགས་སྐྲུན་བྱེད་དགོས་པར་བསྟན། 

ཚའེ་ཆི་ཡིས་རྟོག་ཞིབ་གནང་རོགས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས29ཉིན་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཧྲང་ཧའེ་ཡིས་རྒྱལ་སྤྱིའི་ཚན་རྩལ་གསར་སྐྲུན་ལྟེ་གནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ཡོད་པས། གོ་སྐབས་དམ་འཛིན་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་སྣེ་ཁྲིད་དུ་བཟུང་སྟེ། མུ་མཐུད་དུ་ཚན་རྩལ་གསར་སྐྲུན་གྱི་སྲིད་ཇུས་མགོ་ཁུངས་བྱེད་ནུས་དང་མཐོ་རིམ་ཐོན་ལས་སྣེ་ཁྲིད་བྱེད་ནུས་ཇེ་ཆེར་བཏང་ནས། མགྱོགས་མྱུར་ངང་གོ་ལ་ཧྲིལ་བོའི་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་སྐྲུན་གྱི་མཐོ་ས་འཛུགས་སྐྲུན་བྱེད་དགོས།

ཚེས29ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཅི་ཉིང་དང་ཧྲི་ཀྲང་ཀུང་ཀྲིན་གྱིས་ཕེབས་རོགས་འོག ཞུས་ཧུའེ་ཆུས་སུ་ཡོད་པའི་དཔེ་དབྱིབས་ཆེན་མོའི་གསར་སྐྲུན་སྐྱེ་ཁམས་གཞིས་ཁུལ་དུ་རྟོག་ཞིབ་གནང་།

ཟླ4པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཞུས་ཧུའེ་ཆུས་སུ་ཡོད་པའི་དཔེ་དབྱིབས་ཆེན་མོའི་གསར་སྐྲུན་སྐྱེ་ཁམས་གཞིས་ཁུལ་དུ་རྟོག་ཞིབ་གནང་བའི་ཚུལ་རེད།

ཞི་ཅིན་ཕིང་ཞུས་ཧུའེ་ཆུས་སུ་ཡོད་པའི་དཔེ་དབྱིབས་ཆེན་མོའི་གསར་སྐྲུན་སྐྱེ་ཁམས་གཞིས་ཁུལ་དུ་ཕེབས་ནས། བརྙན་ཐུང་བརྒྱུད་དེ་ཧྲང་ཧའེ་གྲོང་ཁྱེར་གྱི་མི་ཐབས་རིག་ནུས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་། གཙོ་གནད་གསོ་སྐྱོང་ཁེ་ལས་ཀྱི་དཔེ་དབྱིབས་ཆེན་མོའི་ཐོན་རྫས་འགྲེམ་སྟོན་ལ་གཟིགས་ཤིང་། འབྲེལ་ཡོད་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁེ་ལས་ཐོན་སྐྱེད་བདག་གཉེར་གྱི་མཚམས་སྦྱོར་ལ་མཉན། ཞི་ཅིན་ཕིང་གིས་ཧྲང་ཧའེ་ཡིས་ཧུར་ཐག་གིས་མི་ཐབས་རིག་ནུས་འཕེལ་རྒྱས་ཐད་དངོས་ཕན་བསྐྲུན་པར་ཁས་ལེན་གདེང་འཇོག་གནང་། ཁོང་གིས་བསྟན་དོན། མི་ཐབས་རིག་ནུས་ལག་རྩལ་མགྱོགས་མྱུར་ངང་གསར་བརྗེ་རིམ་སྤར་བྱེད་པར་འབར་གས་རྣམ་པའི་འཕེལ་རྒྱས་བྱུང་བཞིན་ཡོད་པ་དང་། ཧྲང་ཧའེ་ཡིས་དཔེ་དབྱིབས་ཆེན་མོའི་ཐོན་ལས་སྐྱེ་ཁམས་མ་ལག་གི་མི་ཐབས་རིག་ནུས་ཐོན་ལས་གསོ་སྐྱོང་སོགས་ཀྱི་རྒྱལ་ཁའི་ཉམས་མྱོང་སྤྱི་སྡོམ་གང་ལེགས་བྱས་ཏེ། འཚོལ་ཞིབ་བྱེད་ཤུགས་ཇེ་ཆེར་བཏང་ནས། མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་ཕྱོགས་སོ་སོ་མདུན་གྲལ་དུ་བསྐྱོད་པར་བརྩོན་ལེན་བྱས་ནས་དཔེ་སྟོན་གྱི་ཕན་ནུས་འདོན་དགོས།

ཟླ4པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཞུས་ཧུའེ་ཆུས་སུ་ཡོད་པའི་དཔེ་དབྱིབས་ཆེན་མོའི་གསར་སྐྲུན་སྐྱེ་ཁམས་གཞིས་ཁུལ་དུ་རྟོག་ཞིབ་གནང་བའི་ཚུལ་རེད། 

ཟླ4པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཞུས་ཧུའེ་ཆུས་སུ་ཡོད་པའི་དཔེ་དབྱིབས་ཆེན་མོའི་གསར་སྐྲུན་སྐྱེ་ཁམས་གཞིས་ཁུལ་དུ་ན་གཞོན་གསར་སྐྲུན་འཇོན་མི་དང་བྱམས་བརྩེའི་ངང་བརྗེ་རེས་བྱེད་པའི་ཚུལ་རེད།

དཔེ་དབྱིབས་ཆེན་མོའི་གསར་སྐྲུན་གྱི་སྐྱེ་ཁམས་གཞིས་ཁུལ་དུ། ཞི་ཅིན་ཕིང་གིས་ཡུལ་དངོས་སུ་ན་གཞོན་གསར་སྐྲུན་འཇོན་མི་དང་བྱམས་བརྩེའི་ངང་བརྗེ་རེས་གནང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ལ་རུ་ཁག་གིས་མི་ཐབས་རིག་ནུས་ལག་རྩལ་ཞིབ་འཇུག་དང་ཐོན་ལས་བེད་སྤྱོད་ཐད་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་སྙན་ཞུ་བྱས། ཞི་ཅིན་ཕིང་གིས་ཚང་མར་བཤད་རྒྱུར། མི་ཐབས་རིག་ནུས་ནི་གསར་དར་གྱི་ལས་དོན་ཞིག་ཡིན་ལ། ན་གཞོན་པ་ཚོའི་ལས་དོན་ཞིག་ཀྱང་རེད། ང་ཚོས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཀྱི་རླབས་ཆེའི་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་པས། ན་གཞོན་པ་ཚོས་རང་ཉིད་ཀྱི་ཤེས་ཡོན་དང་འཇོན་ཐང་མངོན་པའི་དུས་སྐབས་བཟང་པོར་བསླེབས་ཡོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པར་རེ་བ་ནི་ན་གཞོན་པ་ཚོར་བཅོལ་ཡོད། ཚང་མས་རྒྱལ་གཅེས་ཀྱི་སེམས་པ་བཅངས་ནས། རྒྱལ་ཁབ་ལ་དྲིན་གཟོ་བའི་ཕུགས་འདུན་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་ལག་རྩལ་གྱིས་རང་ཉིད་ཀྱི་འབད་འཐབ་དང་རྒྱལ་ཁབ་ཀྱི་མདུན་ལམ་ལས་དབང་དམ་དུ་སྦྲེལ་ནས། ལོ་རྒྱུས་ཀྱི་རྗེས་ཤུལ་བསྐྱངས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གར་སྟེགས་སྟེང་ལང་ཚོའི་གཟི་དཔལ་མངོན་པར་བྱེད་དགོས།

ཟླ4པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཞུས་ཧུའེ་ཆུས་སུ་ཡོད་པའི་དཔེ་དབྱིབས་ཆེན་མོའི་གསར་སྐྲུན་གྱི་སྐྱེ་ཁམས་གཞིས་ཁུལ་དུ་རྟོག་ཞིབ་གནང་བའི་ཚུལ་རེད།

དེའི་རྗེས་སུ། ཞི་ཅིན་ཕིང་མི་ཐབས་རིག་ནུས་ཐོན་རྫས་རོལ་མྱོང་ཁང་དུ་ཕེབས། ཞི་ཅིན་ཕིང་གིས་ཐོན་རྫས་ཀྱི་བྱེད་ནུས་དང་ཚོང་རའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། སྤྲོ་སེམས་ཆེན་པོས་རིག་ནུས་མིག་ཤེལ་གྱོན་ནས་དངོས་སུ་རོལ་མྱོང་བྱས། ཁོང་གིས་བསྟན་དོན། རང་རྒྱལ་གྱི་གྲངས་ཀའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཐོན་ལས་མ་ལག་འཐུས་ཚང་ཡིན་པས། ཚོང་རའི་བར་སྟོངས་རྒྱ་ཆེན་པོ་ལྡན་ལ། མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་མདུན་ལམ་ཡང་རྒྱ་ཆེན་པོ་ལྡན་པར་བརྟེན། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་འཇོན་མིའི་གསོ་སྐྱོང་ལ་ཤུགས་བསྣན་ནས། ཧུར་ཐག་གིས་སྔར་ལས་བདེ་འཇགས་དང་ཡིད་རྟོན་རུང་བའི་སྤུས་ལེགས་ཐོན་རྫས་གསར་སྤེལ་བྱེད་དགོས།

ཁ་བྲལ་སྐབས། དཔེ་དབྱིབས་ཆེན་མོའི་གསར་སྐྲུན་གྱི་སྐྱེ་ཁམས་གཞིས་ཁུལ་གྱི་ཚན་ཞིབ་མི་སྣས་སྐད་གསེང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅི་ལ་ཁམས་འདྲི་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཡང་བསྐྱར་ཕེབས་པར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་ཡང་ཡང་གནང་ནས། ལྔ་གཅིག་ངལ་རྩོལ་དུས་ཆེན་ལ་འཚམས་འདྲི་གནང་ཞིང་། ཚང་མས་མུ་མཐུད་དུ་གྲུབ་འབྲས་གསར་བ་དང་བྱས་རྗེས་གསར་བ་འཇོག་པར་སྐུལ་ལྕག་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རེན་ཚའེ་ཆི་ཡིས་རྟོག་ཞིབ་ལ་ཕེབས་རོགས་གནང་།

ཧི་ལི་ཧྥིན་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་བྱས། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།