མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་ལ་རྒྱལ་ཡོངས་ཀྱི5Aརིམ་པའི་མཛེས་ལྗོངས་ཁུལ་ལས་ཨང34པའི་གཟི་བརྗིད་མཚན་སྙན་ཐོབ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རང་རེའི་དྲ་བའི་འཕྲིན། ཟླ4བའི་ཚེས26ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་བྱུང་བའི་མའེ་ཏེན་དྲ་བའི་གཞི་གྲངས་གསར་བ་ལྟར་ན། 2025ལོའི་ཟླ3པར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་ལ་རྒྱལ་ཡོངས་ཀྱི5Aརིམ་པའི་མཛེས་ལྗོངས་ཁུལ་གྱི་ཨང34པ་དང་། རྒྱལ་ཡོངས་མཚེའུ་རྣམ་པའི་མཛེས་ལྗོངས་ཁུལ་གྱི་ཨང3པ། མཚོ་སྔོན་ཞིང་ཆེན་གྱི་མཛེས་ལྗོངས་ཁུལ་གྱི་ཨང་དང་པོ་བཅས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། མིང་ཐོ་ཆེན་པོ་གསུམ་གྱི་གྲུབ་འབྲས་ལས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་རིན་ཐང་དང་ཁྲོམ་རའི་ཤུགས་རྐྱེན་གྱི་ཚད་བརྒལ་རང་བཞིན་མངོན་ཡོད།

དུས་ཚིགས་དང་པོར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་དགུན་དུས་ཀྱི་འཁྱགས་རོམ་སྔོན་གྱི་ཁྱད་ཆོས་ཐོན་ཁུངས་ལ་དམིགས་ནས། སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་འཁྱགས་རོམ་ལ་ལྟ་བའི་ཆེད་མངགས་བྱ་འགུལ་དངVIPསྤུས་ལེགས་མྱུར་བགྲོད་ཞབས་ཞུ་སྒྲུབ་སྟེ།  ན་གཞོན་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཅིང་ན་གཞོན་ཡུལ་སྐོར་བ་ཚོས་ཟིན་པའི་བསྡུར་ཚད60%ལས་བརྒལ་བ་མངོན་འགྱུར་བྱས། མཚོ་སྔོན་དང་ཀན་སུའུ་ཡི་སྐོར་ལམ་ཆེན་པོའི་མཛེས་ལྗོངས་ཁུལ་མནའ་འབྲེལ་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་བ་བརྒྱུད།  ཚྭ་ཁའི་མཛེས་ལྗོངས་སོགས་དང་འཐབ་ཇུས་མཉམ་ལས་བྱས་ནས་ནུབ་བྱང་ཐོན་ཁུངས་མཉམ་སྤྱོད་ཀྱི་རིག་གནས་ཡུལ་སྐོར་སྐྱེ་ཁམས་མ་ལག་གསར་པ་བཙུགས།  དེ་དང་མཉམ་དུ་གན་རྒྱ་བཞག་པའི་ཡུལ་སྐོར་ལས་དོན་ཁང700ལས་བརྒལ་ནས་ཁྲོམ་ར་སླར་གསོ་བྱེད་པར་སྒུལ་ཤུགས་ཆེན་པོ་བསྣན།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་གཞི་གྲངས་ཅན་གྱི་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་བཏང་སྟེ། AIརིག་ནུས་མ་ལག་སྔོན་ལ་འཛུགས་པ་ལེགས་གྲུབ་བྱས་ཏེ། ཉེ་ལམ་ལམ་ཐག་འཆར་འགོད་དང་རང་འགུལ་སྤ་སེ་ཉོ་བ། སྐྱེ་ཁམས་འགྲེལ་བཤད་བཅས་ཀྱི་རིག་ནུས་ཞབས་ཞུའི་མ་ལག་དྲ་ཐོག་ཏུ་སྤྱོད་རྒྱུ་རེད།  དེ་དང་མཉམ་དུ་དྲ་ཐོག་ནས་རླངས་འཁོར་དང་གྲུ་གཟིངས་བཀོད་གཏོང་བྱེད་པའི་མ་ལག་གསར་སྤེལ་བྱས་ཏེ། དུས་ཐོག་ཏུ་ཐོན་ཁུངས་སྐྱེལ་འདྲེན་མཐུན་སྦྱོར་བྱས་པ་བརྒྱུད་གཉེར་སྐྱོང་གི་ལས་ཆོད་མངོན་གསལ་གྱིས་མཐོ་རུ་བཏང་སྟེ། ཡུལ་སྐོར་པ་རྣམས་ལ་སྔར་ལས་ སྟབས་བདེ་བའི་ཡུལ་སྐོར་གྱི་ཉམས་ལེན་མཁོ་འདོན་བྱེད་རྒྱུ་རེད།

མཛེས་ལྗོངས་ཁུལ་གྱིས་ཀན་སུའུ་དང་མཚོ་སྔོན་གྱི་སྐོར་ལམ་ཆེན་པོ་སྟོབས་ཆེར་གཏོང་བ་གཙོར་བཟུང་སྟེ།  མཚོ་སྔོན་དང་ཀན་སུའུ་ཡི་གཙོ་གནད་མཛེས་ལྗོངས་ཁུལ་དང་མཉམ་འབྲེལ་གྱིས་སྤུས་རྟགས་མནའ་འབྲེལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ས་ཁོངས་ལས་བརྒལ་བའི་མནའ་འབྲེལ་ཐོན་རྫས་དང་དེ་མིན་སྤུས་ལེགས་ལམ་ཐིག་འདོན་པ། ས་ཁོངས་ཀྱི་མཐུན་སྦྱོར་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། མཚོ་སྔོན་དང་ཀན་སུའུ་ཡི་སྐོར་ལམ་ཆེན་པོའི་མཛེས་ལྗོངས་ཁུལ་གྱི་ས་ཁོངས་ཡོངས་སུ་ཚོང་གཉེར་མཉམ་འབྲེལ་ཇུས་འགོད་བྱས་ཏེ། ལངས་གཟུགས་ཅན་གྱི་ཁྱབ་སྤེལ་དྲ་རྒྱ་དེ་ནུབ་བྱང་གི་ཡུལ་སྐོར་བ་རྣམས་ལ་གནད་ལ་འཁེལ་བའི་སྒོ་ནས་ཁྱབ་པ་མངོན་འགྱུར་བྱས།  ཞིང་ཆེན་ནང་ཁུལ་གྱིAརིམ་པའི་མཛེས་ལྗོངས་ཁུལ་དང་དུས་མཉམ་སྒོས་མཉམ་འགུལ་བྱས་ཏེ། གཟའ་མཇུག་གང་དུ་རྩེ་རུ་འགྲོ་དགོས་པར་མཐའ་འཁོར་གྱི་ཡུལ་སྐོརIPབསྐྲུན་པ་དང་། ཕྲན་གཉིས་འདར་གཅིག་བཅས་ཕྱོགས་ངེས་ཅན་གྱི་ཁྱབ་སྤེལ་ཐབས་ལམ་ལ་བརྟེན་ནས། སྒོར99ཡི་གཟིགས་སྐྱོང་ཡུལ་སྐོར་སྤ་སེ་ཆ་ཚང་དང་། སྤ་སེ་གཅིག་དང་ཉིན་གསུམ་གྱི་ཡུལ་སྐོར་སོགས་ཐོན་རྫས་སྡེབ་སྒྲིག་ལ་ཁྱོན་ཡོངས་ནས་ཡར་སྐུལ་བྱས་ཏེ་འཛད་སྤྱོད་རིམ་སྤོར་ཚུལ་སྒྱུར་ལ་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།