2025ལོའི་ཟླ7པའི་སྤྱིར་བཏང་མཐོ་འབྲིང་བསླབ་བྱའི་ཆུ་ཚད་ཚད་ལྡན་རང་བཞིན་གྱི་རྒྱུགས་སྤྲོད་ཐོ་འགོད་བྱ་བ་མི་འགྱངས་པར་མགོ་རྩོམ་རྒྱུ་རེད།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

གསར་འགོད་པས་ཟླ4པའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་སློབ་གསོའི་སློབ་བསྡུ་རྒྱུགས་སྤྲོད་གླིང་ནས་ཤེས་གསལ་བྱུང་བ་ལྟར་ན། 2025ལོའི་ཟླ7པར་སྤྱིར་བཏང་མཐོ་འབྲིང་བསླབ་བྱའི་ཆུ་ཚད་ཚད་ལྡན་རང་བཞིན་གྱི་རྒྱུགས་སྤྲོད(གཤམ་དུ“ཚད་ལྡན་རང་བཞིན་གྱི་རྒྱུགས་སྤྲོད”)ཐོ་འགོད་བྱ་བ་དེ་ཟླ5པའི་ཚེས12ཉིན་ནས་བཟུང་མགོ་རྩོམ་རྒྱུ་ཡིན་པ་དང་། ཐོ་འགོད་དུས་ཚོད་ནི2025ལོའི་ཟླ5པའི་ཚེས12ཉིན་ནས་ཚེས18ཉིན་བར་ཡིན། 

ཐོ་འགོད་བྱ་ཡུལ། གཅིག གཤམ་གྱི་ཆ་རྐྱེན་དང་འཚམས་པའི་རྒྱུགས་སྤྲོད་སློབ་མས་རྒྱུགས་སྤྲོད་རེ་ཞུ་བྱས་ཆོག 1.རང་ཞིང་གི་ཚད་ལྡན་རང་བཞིན་གྱི་རྒྱུགས་སྤྲོད་ཐེམ་ཐོ་ཡོད་པ་དང་། ཐེམ་ཐོ་དེ“རྒྱུན་ལྡན་སློབ་གྲྭར་གནས”པའི་སྤྱིར་བཏང་མཐོ་འབྲིང་སློབ་མའི་སློབ་གྲྭ་དང་། ཆེད་ལས་འབྲིང་རིམ་ཕྱོགས་བསྡུས་མཐོ་འབྲིང་ཚོད་ལྟའི་འཛིན་གྲྭའི་མཐོ་གཅིག་གི་རྒྱུགས་སྤྲོད་སློབ་མ། 2. ཐེམ་ཐོ་རང་ཞིང་དུ་ཡོད་པ་དང་། ཐེམ་ཐོ་ཞིང་ཆེན་ཕྱིར་གནས་སྤོར་བྱས་པའི་རྗེས་ཤུལ་མེད་པ། དམའ་འབྲིང་གི་བསླབ་བྱ་ལེགས་འགྲུབ་བྱས་པ་མ་ཟད། མཐར་ཕྱིན་འཛིན་ཡིག་ཡོད་པའི་སྤྱི་ཚོགས་རྒྱུགས་སྤྲོད་སློབ་མ། 3. ལོ་སྔོན་མའི་རྒྱུགས་སྤྲོད་སྐར་གྲངས་ཚད་ལྡན་མིན་པའི་རྒྱུགས་སྤྲོད་སློབ་མ། གཉིས། གཤམ་གྱི་རྒྱུགས་སྤྲོད་སློབ་མས་རྒྱུགས་སྤྲོད་ཐོ་འགོད་བྱས་མི་ཆོག 1.ཚད་ལྡན་རང་བཞིན་གྱི་རྒྱུགས་སྤྲོད་ཁྲོད་ཞུགས་པ་མ་ཟད། བསླབ་ཚན་གྱི་སྐར་གྲངས་ཚད་ལྡན་ཡིན་པའི་སློབ་མ། 2.ཚད་ལྡན་རང་བཞིན་གྱི་རྒྱུགས་སྤྲོད་ཀྱི་ཐེམ་ཐོ་དེ“སློབ་གསེང་དགོངས་ཞུ”དང་ཡང་ན“སློབ་བྱོལ”སོགས་ཀྱི་རྒྱུགས་སྤྲོད་སློབ་མས་རྒྱུགས་སྤྲོད་བྱས་མི་ཆོག 

རྒྱུགས་སྤྲོད་བསླབ་ཚན། ཚད་ལྡན་རང་བཞིན་གྱི་རྒྱུགས་སྤྲོད་ཀྱི་བསླབ་ཚན་ལ་ལོ་རྒྱུས་དང་། ས་ཁམས། རྫས་འགྱུར། སྐྱེ་དངོས་རིག་པ་བཅས་ཡིན། གྲོང་ཁྱེར་དང་ཁུལ་སོ་སོས་རྫས་འགྱུར་རྩལ་ནུས་ཚོད་ལྟར་འགན་ཁུར་བ་དང་། སྐྱེ་དངོས་རིག་པའི་རྩལ་ནུས་ཚོད་ལྟ་དང་རོལ་མོ། མཛེས་རྩལ། ལུས་རྩལ། བདེ་ཐང་བསླབ་ཚན་གྱི་ཐོ་འགོད་དང་རྒྱུགས་སྤྲོད་བྱ་བར་འགན་ཁུར་བ་ཡིན། 

རྒྱུགས་སྤྲོད་བཀོད་སྒྲིག ཟླ7པའི་ཚེས5ཉིན་གྱི་ཆུ་ཚོད9ནས་ཆུ་ཚོད10:30བར་ལོ་རྒྱུས། ཆུ་ཚོད13:00—14:30བར་ས་ཁམས། ཆུ་ཚོད16:00—17:30བར་སྐྱེ་དངོས་རིག་པ། ཟླ7པའི་ཚེས6ཉིན་གྱི་ཆུ་ཚོད་09:00ནས10:30བར་རྫས་འགྱུར། ཟླ6པའི་ཟླ་མཇུག་སྔོན་དུ་རྫས་འགྱུར་སྒྲིག་བཀོལ་ཚོད་ལྟ། སྐྱེ་དངོས་རིག་པའི་རྩལ་ནུས་ཚོད་ལྟ། རོལ་མོ། མཛེས་རྩལ། ལུས་རྩལ། བདེ་ཐང་བསླབ་ཚན་རྒྱུགས་ལེན་རྒྱུ་ཡིན། དེའི་ཁྲོད། ལོ་རྒྱུས་དང་ས་ཁམས། སྐྱེ་དངོས་རིག་པ། རྫས་འགྱུར་རྒྱུགས་སྤྲོད་ལ་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་རྩ་འཛུགས་ལག་བསྟར་དང་། རྫས་འགྱུར་རྩལ་ནུས་སྒྲིག་བཀོལ་ཚོད་ལྟ་དང་། སྐྱེ་དངོས་རིག་པའི་རྩལ་ནུས་སྒྲིག་བཀོལ་ཚོད་ལྟ། རོལ་མོ། མཛེས་རྩལ། ལུས་རྩལ་དང་བདེ་ཐང་བསླབ་ཚན་རྒྱུགས་སྤྲོད་ལ་གྲོང་ཁྱེར་དང་ཁུལ་སོ་སོའི་རྩ་འཛུགས་ལག་བསྟར་བྱེད་རྒྱུ་ཡིན། ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།