མཚོ་སྔོན་ཞིང་ཆེན་གྱི་སྐྱེས་མའི་སློབ་ཆེན་པའི་ལས་ཞུགས་ལས་སྐྲུན་སྒྲོག་བཤད་མཐོ་རིམ་སློབ་གྲྭར་བསྐྱོད་པའི་བྱ་འགུལ་སྤེལ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ4པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་སློབ་གསོ་ཐིང་གཉིས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་སྐྱེས་མའི་སློབ་ཆེན་པའི་ལས་ཞུགས་ལས་སྐྲུན་སྒྲོག་བཤད་མཐོ་རིམ་སློབ་གྲྭར་བསྐྱོད་པའི་བྱ་འགུལ་དེ་མཚོ་སྔོན་སློབ་ཆེན་དུ་སྤེལ། 

བྱ་འགུལ་གྱིས“ལས་གནས་ཀྱིས་མ་འོངས་པ་དང་ལང་ཚོའི་ཕུགས་འདུན་བསྐྲུན”ཞེས་པ་བརྗོད་དོན་དུ་བྱས་ཤིང་། ཕུལ་བྱུང་སྐྱེས་མའི་འཐུས་ཚབ་པ་དང་། སྐྱེས་མའི་སློབ་ཆེན་སློབ་མའི་ལས་ཞུགས་ལས་སྐྲུན་མཛུབ་སྟོན་ཚོགས་པའི་ཁོངས་མི། ནུབ་རྒྱུད་འཆར་འགོད་དང་བླངས་པས་དཔེ་མཚོན་སྒྲོག་བཤད་དང་ཉམས་མྱོང་མྱོང་རོལ་བཅས་བྱེད་པ་དང་། “ཉེ་འགྲམ་གྱི་མིའི་ཉེ་འགྲམ་གྱི་ལས་དོན་བརྗོད”པའི་རྣམ་པས། ན་གཞོན་སློབ་མར་མིག་དཔེ་བཞག་པ་དང་། ན་གཞོན་སློབ་མར་ཡང་དག་པའི་ལས་ཞུགས་བདམས་གསེས་ལྟ་བ་ཆགས་པར་སྐུལ་འདེད་བཏང་བ་དང་། ཁོ་མོ་ཚོས་གཞི་རིམ་དུ་རྐང་ཟུག་པ་དང་། མཚོ་སྔོན་དུ་རྐང་ཟུག་པར་སྐུལ་ལྕག་བྱས་ཏེ། འབད་བརྩོན་ཁྲོད་མི་ཚེའི་རིན་ཐང་མངོན་འགྱུར་བྱུང་བར་སྐུལ་འདེད་བཏང་། 

དུས་མཚུངས་སུ། ཀྲང་ཅིན་མའེ་དང་། ཁྲིན་ཡུས་ཞིའུ། ཐུང་ཞིན། བང་ལི་ཞ་སོགས་གསར་དུ་བསྐོས་པའི་སྐྱེས་མའི་སློབ་ཆེན་སློབ་མའི་ལས་ཞུགས་ལས་སྐྲུན་མཛུབ་སྟོན་ཚོགས་པའི་ཁོངས་མིར་གདན་ཞུ་ཡི་གེ་གནང་། གདན་ཞུ་ཐོབ་པའི་མཛུབ་སྟོན་དགེ་རྒན་གྱིས་རྣམ་པ་མང་པོའི་བརྗོད་དོན་སློབ་གསོ་སྤེལ་བ་དང་། སྐྱེས་མའི་སློབ་ཆེན་སློབ་མར་ཡང་དག་པའི་ལས་ཞུགས་ལྟ་བ་དང་། ཆེད་ལས་ལྟ་བ། འཇོན་མིའི་ལྟ་བ་ཆགས་པར་ཁྲིད་སྟོན་བྱས།

སྐྱེས་མའི་སློབ་ཆེན་པའི་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་འགུལ་ཞབས་ཞུའི་ལྟེ་གནས་སྤྱི་ཡོངས་ཁྲོད་འདྲེས་སུ་བཅུག་ཏེ། “སྐྱེས་མའི་བདེ་སྲུང་འཆར་འགོད”ལག་བསྟར་བྱས་ནས། མཚོ་སྔོན་སྐྱེས་མའི་སློབ་ཆེན་སློབ་མའི་ལས་ཞུགས་ལས་སྐྲུན་གྱི་རྨང་མཐུག་པོར་བཏང་སྟེ། “སྐྱེས་མའི་སློབ་ཆེན་སློབ་མའི་ལས་ཞུགས་ཆེད་དོན་བསྡུ་ལེན་ཚོགས་འདུ”དང་། ལག་རྩལ་ཁང་། མཐོ་སྒང“སྐྱེས་མའི་དངུལ་བུན”གཏོང་བ་སོགས་ཀྱི་ཟོང་རྟགས་གསར་སྐྲུན་བྱས་ཏེ། སློབ་གྲྭ་དང་ཁེ་ལས་སྦྲེལ་མཐུད་དང་། སྐྱེས་མའི་སློབ་ཆེན་སློབ་མའི་དངོས་སྦྱོང་ལས་གནས་སོགས་སྒྲིག་འཛུགས་བྱས་ཏེ། སྐྱེས་མའི་སློབ་ཆེན་སློབ་མར་ཡང་དག་པའི་ལས་ཞུགས་ལྟ་བ་ཆགས་པར་ཁྲིད་སྟོན་བྱེད་པ་དང་། ལས་ཞུགས་ལས་སྐྲུན་གྱི་སྤུས་ཚད་མཐོར་འདེགས། ལས་གནས་བརྡ་འཕྲིན་སྦྲེལ་མཐུད་སྟེགས་བུ་འཛུགས་སྒྲུབ། ལས་སྐྲུན་སྲིད་ཇུས་དང་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་ཏེ། དངོས་གཉེར་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ། རྒྱ་ཆེའི་སྐྱེས་མའི་སློབ་ཆེན་སློབ་མའི“ལས་སྐྲུན་ལ་སྟེགས་བུ་ཡོད་པ་དང་། གསར་སྐྲུན་ལ་རྒྱབ་སྐྱོར་ཡོད་པ། ལས་ཞུགས་ལ་འགན་སྲུང་ཡོད་པ། འཚོ་བར་དྲོད་ཁོལ་ཡོད་པ། འཕེལ་རྒྱས་ལ་སྔོན་དཔག་ཡོད་པར”བྱས། ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།