ཉེ་བའི་ལོ་འགའི་རིང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས“ལེགས་བཅོས་དྲུག”གི་ཏང་ཀྲི་པུའུ་འཛུགས་སྐྲུན་བྱེད་རྒྱུ་སྤྱིའི་དམིག་འབེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་མཉམ་འདྲེས་ཀྱིས་འཇོན་ཐང་འཕེལ་བ་དང་སློབ་ཆེན་སློབ་མའི་སྡེ་བ་རུ་ལས་འགན་ཁུར་བ་སོགས་མཐུན་སྦྱོར་འདེགས་སྐྱོར་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་རྨང་གཞི་ཕྱོགས་ཡོངས་ནས་ཇེ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ཐད་རྒྱུན་ཆད་མེད་པར་ལེའུ་གསར་བ་འབྲི་དགོས།
“ཞིབ་དཔྱད་གཅིག་དང་སྤྱི་འདོམས་གཅིག”མཐའ་འཁྱོངས་བྱས་ཏེ་ཀྱིས་གྲོང་གསེབ་དར་རྒྱས་ཀྱི“སྒུལ་ཤུགས་གཙོ་བོ”གཏོད་དགོས། སྡེ་བའི་ཏང་ཀྲི་པུའུ་ཡིས“ལེགས་བཅོས་དྲུག”གི་འཛུགས་སྐྲུན་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། རོང་འབྲོག་པའི་ཏང་ཡོན་གྱི་ཡིག་ཚགས་གནད་དོན་གྲལ་བཤེར་བཅོས་སྒྲིག་ལ“ཕྱིར་མིག་བལྟ་བའི”ལས་དོན་ཏན་ཏིག་སྤེལ་བ། ནུས་མེད་ཟབ་ཟོབ་ཀྱི་སྡེ་བའི་ཏང་རྩ་འཛུགས་ལ་རྒྱུན་རྣམ་ཅན་གྱི་གྲལ་བཤེར་བཅོས་སྒྲིག་བྱེད་དགོས། “སྡེ་བ་གཅིག་ལ་ལས་རོགས་གཅིག”གི་རྐྱེན་སྲོལ་གྱི་ཇུས་གཞི་བཟོས་ནས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱེད་པ། སྤུས་རྟགས་གཏོད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁྲོམ་རའི་དཔལ་འབྱོར་གྱི་དགོས་མཁོ་དང་འཚམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཏན་ཏིག་བཏོད་ཡོད།
“ཕྱོགས་གཉིས་སྐུལ་སྤེལ”བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི“འདེགས་སྐྱོར་ནུས་ལྡན”སྲ་བརྟན་དུ་གཏོང་དགོས། “གནད་འགག་ཉུང་ཤས”དམ་འཛིན་མཐའ་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་མཉམ་འདྲེས་ཀྱིས་རྫོང་དང་། ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ཁེ་ལས་ཀྱི་བདག་པོའི་འགན་འཁྲི་སྤྲོད་པ་དང་། སྡེ་སྡོད་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གལ་ལེགས་བྱས་ཏེ། ཐོན་ལས་སྦྲེལ་མཐུད་མཉམ་འབྲེལ་བྱས་པ་རྒྱུད་ཏང་འཛུགས་སྐྱོང་མཉམ་འབྲེལ་གྱི་སྒྲིག་གཞི་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “སྡེ་བ་རེ་རེར་ལས་རོགས་པ་རེ་མངགས་པའི”ལམ་སྲོལ་ཕྱོགས་ཡོངས་ནས་འཛུགས་པ་དང་། ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མའི་ཁྲོད་ནས་སྡེ་བ་རིམ་པའི་ལས་དོན་ལ་རམ་འདེགས་བྱེད་པའི་མི་སྣ་འདེམས་སྒྲུག་དང་གདན་ཞུ་བྱེད་པར་ཤུགས་རྒྱག་དགོས། ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ580ཡིས“སྡེ་བ་རེ་རེར་ལས་རོགས་པ་རེའི་”ལམ་སྲོལ་ལ་བརྟེན་ནས་ཕ་ཡུལ་ལ་དྲིན་ལན་འཇལ་བ་དང་། ཕུལ་བྱུང་གི་ལས་རོགས་པ396སྡེ་བ་རིམ་པའི་རྗེས་གྲབས་ཤེས་ལྡན་མི་སྣའི་མཛོད་དུ་བཞག་ཡོད།
“ཁུལ་ཁོངས་ཧྲིལ་པོའི་མཉམ་ལས”ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་གཏོང་བའི“མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི”ཕྱོགས་སུ་བསྐྱོད་དགོས། དངོས་གཉེར་ལ་མཐོང་ཆེན་དང་། གྲུབ་འབྲས་དངོས་ལ་མཐོང་ཆེན། ཕན་འབྲས་དངོས་ལ་མཐོང་ཆེན་བཅས་བྱེད་པའི་མི་འདེམས་སྤྱོད་ཀྱི་ཁྲིད་ཕྱོགས་བརྟན་པོར་བཙུགས་པ་དང་། ལས་བྱེད་པ་འདེམས་སྒྲུག་བཀོད་སྤྱོད་བྱ་རྒྱུ་དེ་དཀའ་ཚེགས་ཆེ་བའི་ས་ཁུལ་དང་། འགན་འཁྲི་ལྕི་བའི་ལས་གནས། གཞི་རིམ་གྱི་ལས་ཡུལ་དང་པོ་བཅས་སུ་གཟིགས་སྐྱོང་བྱེད་པར་མཐོང་ཆེན་བྱས་པས། ལས་བྱེད་མི་སྣའི་ལས་བྱེད་ཀྱི་སྤྲོ་སེམས་འཕེལ་བར་སྐུལ་སྤེལ་གང་ལེགས་བྱས། སྡེ་བའི་སློབ་ཁང་གི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ཁུལ་དང་རྫོང་གི་ཏང་གི་སློབ་གྲྭ་སོགས་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རོང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་གཙོ་གནད་དུ་བཟུང་ནས་སྤྱོད་པར་ཤུགས་བསྣན་ནས། རོང་འབྲོག་ལས་ཤེས་པ་དང་རོང་འབྲོག་ཁུལ་ལ་དགའ་བ། རོང་འབྲོག་མང་ཚོགས་ལ་དགའ་བ་བཅས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་དཔུང་ཁག་གཙོ་བོ་དངོས་གནས་བསྐྲུན་ཡོད།