ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས《ཀྲུང་གོའི་དྲ་རྒྱའི་ཁྲིམས་སྐྱོང་གི་འཕེལ་རྒྱས་སྙན་ཞུ(2024ལོ)》ཁྱབ་བསྒྲགས་བྱས།
རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་བསྟན་དོན། 《ཀྲུང་གོའི་དྲ་རྒྱའི་ཁྲིམས་སྐྱོང་གི་འཕེལ་རྒྱས་སྙན་ཞུ(2024ལོ)》ནི་རྒྱལ་ཁབ་ལས་ཁུངས་ཀྱི་ངོས་ཐད་ནས་ཁྱབ་བསྒྲགས་བྱས་པའི་དྲ་རྒྱའི་ཁྲིམས་སྐྱོང་ཕྱོགས་བསྡུས་རང་བཞིན་གྱི་ལོ་འཁོར་སྙན་ཞུ་ཐོག་མ་ཡིན་ཞིང་། དེ་ནི《ཀྲུང་གོའི་དྲ་རྒྱའི་ཁྲིམས་སྐྱོང་ལོ་ངོ་སུམ་ཅུ》སྙན་ཞུའི་རྩོམ་མཐུད་མ་ཡིན་ལ། ཀྲུང་གོའི་དྲ་རྒྱའི་ཁྲིམས་སྐྱོང་འཕེལ་རྒྱས་ཀྱི་ལོ་འཁོར་སྙན་ཞུའི་གླེང་གཞིའང་ཡིན།
ངོ་སྤྲོད་བྱས་པ་ལྟར་ན། 《སྙན་ཞུའི》ལ་བསྡོམས་པས་ཡིག་འབྲུ་ཁྲི5ལྷག་ཡོད་པ་དང་། གཞུང་དངོས་དང་ཟུར་བཀོད་གཉིས་སུ་དབྱེ་ཡོད། གཞུང་དངོས་ལ་ཁྱོན་ལེའུ7ཡོད་དེ། 2024ལོའི་ཀྲུང་གོའི་དྲ་རྒྱའི་ཁྲིམས་སྐྱོང་འཕེལ་རྒྱས་སྐོར་གྱི་མདོར་བསྡུས་དང་། དྲ་རྒྱའི་ཁྲིམས་འཛུགས་ཇེ་མགྱོགས་སུ་གཏོང་བ། དྲ་རྒྱའི་ཁྲིམས་བསྟར་སྤུས་འདེགས་ནུས་སྤེལ་བྱེད་པ། དྲ་རྒྱའི་ཁྲིམས་འཛིན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། དྲ་རྒྱའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གསར་གཏོད་འཕེལ་རྒྱས། ཕྱི་འབྲེལ་དྲ་རྒྱའི་ཁྲིམས་སྐྱོང་བརྟན་བརླིང་སྒོས་སྐུལ་འདེད་གཏོང་བ། དྲ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་དུས་བབ་དང་རྒྱང་ལྟ་བཅས་ཕྱོགས7འདུས་ཤིང་། 2024ལོའི་རང་རྒྱལ་གྱི་དྲ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འདུ་ཤེས་དང་། གྲུབ་འབྲས། ཉམས་མྱོང་བཅས་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་དང་ཕྱོགས་བསྡོམས་བྱས་ཡོད། ཟུར་བཀོད་ཁྲོད་དོན་ཆེན་ཟིན་བྲིས་ཀྱི་རྣམ་པས2024ལོའི་ཀྲུང་དབྱང་དང་ས་གནས་ཀྱིས་དྲ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཙོ་གནད་དང་ཁྱད་ཆོས་སོགས་བསྡུ་ལེན་བྱས་ཡོད། །