ཟླ4ཚེས24ཉིན། བྲག་གཡའ་མར་མཐའ་མཇུག་གི་འགད་གཏོར་བྱས་པ་དང་བསྟུན་ནསG109ལས་འགག་དོག་མོའི(ཝང་ཅ་སྡེ་བ་ནས་ཁུ་ནུའི་ལམ་མཚམས་ཀྱི) བསྐྱར་སྐྲུན་རྣམ་གྲངས་ཚོད་འཛིན་རང་བཞིན་གྱི་ས་གཞི་སྟེ། ཐང་བོད་ཕུག་ལམ་གྱི་ཕར་ཚུན་འགྲོ་འོང་གི་ཕུག་ལམ་ལས་མཐའ་མའི་འགག་སྒོ་ཡོངས་སུ་བརྟོལ་ཚར་ལ། དེས་ཟི་ལིང་དང་མཚོ་ཤར་གཉིས་སྦྲེལ་བའི་འགྲིམ་འགྲུལ“མིད་པ”ཡོངས་སུ་ཕྱེས་པ་མཚོན་པས། ལམ་ཡོངས་ཀྱི་རླངས་འཁོར་ཤར་བསྐྱོད་ལ་རྨང་གཞི་བརྟན་པོ་བཏིངས།
ཐང་བོད་ཕུག་ལམ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་འབྲེལ་མཚམས་འགག་དོག་མོ་ན་ཡོད་ཅིང་། ཕུག་ལམ་གྱི་རིང་ཚད་ལ་སྨི3279ཡོད་པ་དང་། ད་སྔར་མཚོ་སྔོན་ཞིང་ཆེན་དུ་བསྐྲུན་བཞིན་པའི་ཕར་ཚུར་རྒྱུ་ལམ་དྲུག་ཅན་གྱི་ལམ་ཐག་ཆེས་རིང་བའི་ཕུག་ལམ་ཞིག་ཡིན། ཨར་ལས་ཁོར་ཡུག་ཧ་ཅང་རྙོག་འཛིང་ཆེ་སྟེ། སྨད་དུ་ཟི་ལིང་ནས་ཧི་ཐིན་བར་གྱི་མྱུར་ལམ་སྟེང་གི་ཡང་ལུང་ཝན་ལ་བརྒལ་དགོས་པ་མ་ཟད། ས་གཤིས་ཆག་གྲུག་རྒྱུད་ལ་ཡང་བརྒལ་དགོས་པས་ས་གཤིས་ཀྱི་དཀའ་ཁག་མང་པོ་ཞིག་སེལ་དགོས་པ་རེད།ད་སྔG109ལས་མཚོ་སྔོན་མཚམས་ཀྱི་རིམ་སྤར་བསྐྱར་སྐྲུན་ལས་གཞི་དེ་མགྱོགས་པོར་སྐུལ་འདེད་བྱེད་སྒང་ན་ཡོད་ཅིང་། ཐང་བོད་ཕུག་ལམ་གྱི་ཟུར་གཏོགས་ལས་གཞི་དང་། ལམ་ངོས་སུ་ཨར་འདམ་འདིང་བ་ལ་སོགས་ལས་ཀ་སོ་སོ་བདེ་བླག་ངང་སྒྲུབ་བཞིན་ཡོད། ཕུག་ལམ་དེ་ཤར་གཏོང་བྱས་རྗེས། མཚོ་སྔོན་ཤར་རྒྱུད་ཀྱི་དཔལ་འབྱོར་འཁྱམས་ར་དང་ཟི་ལིང་ནས་མཚོ་ཤར་གྱི་གྲོང་ཁྱེར་ཚོགས་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཐད་ལ་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ངེས་རེད།