ཟླ4པའི་ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་དང་ཞིང་ཆེན་མི་ཤུགས་དང་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་བཅས་ཀྱིས་མཉམ་འབྲེལ་ངང་སྤེལ་བའི“སེ་འབྲུ་དམར་པོའི་ལས་ཞུགས་འགུལ་སྐྱོད”ལས་དོན་དེ་ཚོད་ལྟའི་ས་ཁུལ་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོར་ཁེབས་སུ་བཅུག་པ་དང་། བསྡོམས་པས་ཅང་སུའུ་སོགས་ཤར་ཕྱོགས་ས་ཁུལ་དུ་ངལ་ལས་པ་ཕྱིར་འདྲེན་བྱེད་ཚད་མི600 ཡས་མས་རེད།
“སེ་འབྲུ་དམར་པོའི་ལས་ཞུགས་འགུལ་སྐྱོད”ལས་དོན་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ནང་འདྲེན་དང་ཕྱིར་འདྲེན། སྲིད་གཞུང་གི་གསོ་སྐྱོང་དང་ཁེ་ལས་གསབ་སྦྱོང་། ཞབས་འདེགས་ལ་ཤུགས་སྣོན་པ་དང་མིང་བྱང་སྐྲུན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཤར་ནུབ་མཐུན་སྦྱོར་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། བསྡོམས་པས་ཅང་སུའུ་སོགས་ཤར་ཕྱོགས་ས་ཁུལ་དུ་ངལ་ལས་པ་མི་ཁྲི2ཙམ་ཕྱིར་འདྲེན་བྱས་པས “སེ་འབྲུ་དམར་པོའི་ལས་ཞུགས་འགུལ་སྐྱོད”ལས་དོན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་རེད།
ད་ལོར་མཚོ་སྔོན་ཞིང་ཆེན་གྱིས“སེ་འབྲུ་དམར་པོའི་ལས་ཞུགས་འགུལ་སྐྱོད”ཀྱི་མཚན་སྙན་སྔར་བས་ཇེ་མཐོར་གཏོང་བ་དང་། ལས་ཞུགས་གསོ་སྦྱོང་གི་ཞབས་འདེགས་དང་འགན་སྲུང་སྒྲིག་སྲོལ་ཇེ་ལེགས་སུ་གཏོང་བ། ཤར་ནུབ་ངལ་ལས་མཐུན་སྦྱོར་སྒྲིག་སྲོལ་ལ་ཤུགས་སྣོན་པ་སོགས་ཀྱི་ཕྱོགས་ནས“སེ་འབྲུ་དམར་པོའི་ལས་ཞུགས་འགུལ་སྐྱོད”ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་དོན་དངོས་གྲུབ་འབྲས་ལེན་དགོས། རིམ་པ་སོ་སོ་དང་རིགས་སོ་སོའི་སྨྱན་སྦྱོར་དང་དྲིལ་སྒྲོག་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྔོན་ཐོན་དཔེ་མཚོན་རང་བཞིན་དང་དཔེ་མཚོན་གྱོད་དཔེ་སྔོག་འདོན་གཏིང་ཟབ་བྱས་ཏེ། “སེ་འབྲུ་དམར་པོའི་ལས་ཞུགས་འགུལ་སྐྱོད”ལས་དོན་གྱི་མཚན་སྙན་དང་ཤུགས་རྐྱེན་མཐོར་འདེགས་སུ་བཏང་ཞིང་། སྤྱི་ཚོགས་ཡོངས་རྒྱ་ཆེར་ཞུགས་པ་དང་རྒྱབ་སྐྱོར་གང་ལེགས་བྱེད་དུ་འཇུག་དགོས།
མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་རེ་འདུན་དང་ནང་འདྲེན་བྱ་ཡུལ་གྱི་ཁེ་ལས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱེད་པའི་ལས་ཞུགས་རྩལ་ནུས་གསོ་སྦྱོང་གི་སློབ་ཚན་མ་ལག་འཛུགས་པར་ཉམས་ཞིབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་རིགས་དང་ཡི་གེ མི་རིགས་སྲིད་ཇུས་དང་སྒྲིག་སྲོལ་སོགས་གསོ་སྦྱོང་གི་ནང་དོན་དུ་བཞག་སྟེ། “སྲིད་གཞུང་གི་གསོ་སྦྱོང+ཁེ་ལས་ཀྱི་གསབ་སྦྱོང”དང“ངལ་ལས་ཀུང་སི+གསོ་སྦྱོང་སྡེ་ཁག”བཅས་ཟུང་འབྲེལ་བྱེད་པའི་རྣམ་པར་བརྟེན་ནས་རྩིས་ཐོ་རང་བཞིན་དང་ཕྱིར་འདྲེན་རང་བཞིན་གྱི་ལས་ཞུགས་གསོ་སྦྱོང་སྤེལ་ཏེ། ཕྱིར་སྐྱོད་ངལ་ལས་པའི་ལས་རིགས་ལག་རྩལ་གྱི་ཆུ་ཚད་དང་མི་སྒེར་གྱི་བྱང་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ། ཁ་གཏད་རོགས་སྐྱོར་གྲོང་ཁྱེར་ལ་ཤུགས་སྣོན་པ་དང་ངལ་ལས་ཕྱིར་འདྲེན་གཅིག་བསྡུས་རང་བཞིན་གྱི་ས་ཁུལ་དང་བསམ་བློ་བརྗེ་རེས་བྱེད་པ། ལས་གནས་གཏན་འཇགས་དང་མི་ཤུགས་ཐོན་ཁུངས་མཐུན་སྦྱོར་ལ་ཤུགས་སྣོན་པའི་ཐད་རྩིས་ཐོ་རང་བཞིན་དང་གཏན་འཁེལ་རང་བཞིན་གྱིས་གསོ་སྦྱོང་བྱས་ནས་ལས་ཞུགས་རྟེན་གཞི་མཉམ་བསྐྲུན་བྱ་རྒྱུ་ཡིན་པ་དང་། “གསོ་སྦྱོང་དང་སྐྱེལ་འདྲེན། ལས་གཏན”བཅས་ཟུང་འབྲེལ་བྱེད་པའི་ངལ་ལས་མཐུན་སྦྱོར་བྱ་བའི་སྦྲེལ་ཐག་འཛུགས་རྒྱུ་རེད། སྲིད་གཞུང་དང་ཁྲོམ་ར། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ། སྲོལ་རྒྱུན་བཟོ་རྩལ་སྔོག་འདོན་གང་ལེགས་བྱེད་པ་དང་གསར་དར་ཐོན་ལས་ལ་ཕྱོགས་གཅིག་ཏུ་དམིགས་པ། ནང་འདྲེན་ས་ཁུལ་གྱི་ཁྲོམ་རའི་དགོས་མཁོར་དམིགས་ཏེ་ངལ་ལས་ཕྱིར་འདྲེན་བྱས་ནས་ཁྱབ་ཁོངས་བགོས་ཏེ། མིང་དུ་གྲགས་པའི་ངལ་ལས་མིང་བྱང་ཞིག་གསོ་སྦྱོང་བྱས་ནས་ངལ་ལས་ཀྱི་མཚན་སྙན་དང་ཁས་ལེན་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད། །