ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེའི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིའང་ཆང་དང་མཉམ་དུ་ཀྲུང་ཡོ་མི་དམངས་མཉམ་སྤྲོ་ཆེན་མོའི་བྱ་འགུལ་གྱི་འཐུས་མིར་ཐུག་འཕྲད་གནང་། འདི་ནི་ཞི་ཅིན་ཕིང་གིས་ཁ་བྱང་ལ《ཁྱིམ་མཚེས་མཛའ་མཐུན་གྱི་བརྗོད་དོན་གཙོ་བོ་དམིགས་ནས། ཐུན་མོང་ཐོག་ལས་དབང་གཅིག་མཐུན་གྱི་ལེའུ་གསར་བ་རྩོམ་དགོས》ཞེས་པའི་ཤིས་ཚིག་འབུལ་བའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེའི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིའང་ཆང་དང་མཉམ་དུ་ཀྲུང་ཡོ་མི་དམངས་མཉམ་སྤྲོ་ཆེན་མོའི་བྱ་འགུལ་གྱི་འཐུས་མིར་ཐུག་འཕྲད་གནང་།
ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་མཉམ་དུ་ཚོགས་རར་ཞུགས་སྐབས། ཀྲུང་ཡོ་ལས་རིགས་སོ་སོའི་མཛའ་མཐུན་མི་སྣས་སྤྲོ་སེམས་འཁོལ་བའི་ངང་ཐལ་མོ་བརྡེབས།
ཞི་ཅིན་ཕིང་གིས་ཁ་བྱང་ལ《ཁྱིམ་མཚེས་མཛའ་མཐུན་གྱི་བརྗོད་དོན་གཙོ་བོ་དམིགས་ནས། ཐུན་མོང་ཐོག་ལས་དབང་གཅིག་མཐུན་གྱི་ལེའུ་གསར་བ་རྩོམ་དགོས》ཞེས་པའི་ཤིས་ཚིག་ཕུལ།
ཞི་ཅིན་ཕིང་གིས་བྱེད་སྒོར་ཞུགས་མཁན་རྒྱལ་ཁབ་གཉིས་ཀྱི་འཐུས་མི་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་འབྲེལ་བའི་རྨང་གཞི་ནི་མི་དམངས་དང་། ཁྲག་རྩ་ནི་མི་དམངས་ཡིན་ལ། སྟོབས་ཤུགས་ཀྱང་མི་དམངས་བཅས་ཡིན། དུས་ཡུན་རིང་པོའི་རིང་ལ། ལག་གདང་སྦྲེལ་ནས་རྒྱལ་སྐྱོབ་གསོན་ཐབས་ཁྲོད་གསར་བརྗེའི་མེ་སོན་བཏབ་ནས། དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱས་ཏེ་རྒྱལ་ཁབ་ཀྱི་རང་ཚུགས་དང་མི་རིགས་བཅིངས་འགྲོལ་མངོན་འགྱུར་བྱས་པ་དང་། དེ་ནས་ཐུན་མོང་ཐོག་དེང་རབས་ཅན་གྱི་བགྲོད་ལམ་སྟེང་བསྐྱོད་པའི་བར། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་དཀའ་ངལ་མཉམ་སེལ་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། ཀྲུང་གོ་དང་ཡོ་ནན་གྱི་མཛའ་མཐུན་ལོ་རྒྱུས་ཀྱི་ལེའུ་མཉམ་དུ་བྲིས་ཡོད།
ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེའི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིའང་ཆང་དང་མཉམ་དུ་ཀྲུང་ཡོ་མི་དམངས་མཉམ་སྤྲོ་ཆེན་མོའི་བྱ་འགུལ་གྱི་འཐུས་མིར་ཐུག་འཕྲད་གནང་། འདི་ནི་ཞི་ཅིན་ཕིང་གིས་ཁ་བྱང་ལ《ཁྱིམ་མཚེས་མཛའ་མཐུན་གྱི་བརྗོད་དོན་གཙོ་བོ་དམིགས་ནས། ཐུན་མོང་ཐོག་ལས་དབང་གཅིག་མཐུན་གྱི་ལེའུ་གསར་བ་རྩོམ་དགོས》ཞེས་པའི་ཤིས་ཚིག་འབུལ་བའི་ཚུལ་རེད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་གྱི་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཕན་ཚུན་རོགས་རེས་ཁྲོད་དུ་རྩ་ལག་རྒྱས་པ་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་རང་ཚུགས་དང་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་དྲང་བདེན་གྱི་ལས་དོན་བྱ་གཞག་ཁྲོད་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱས་པས། “བློ་མཐུན་དང་སྤུན་ཟླའི”མཛའ་བརྩེ་ཟབ་མོ་དེས་མཛའ་མཐུན་གྱི་ལོ་རྒྱུས་དམར་པོ་ཞིག་བྲིས་ཡོད། ཀྲུང་གོ་དང་ཡོ་ནན་གྱི་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཐུན་སྒྲིལ་མཉམ་ལས་ཁྲོད་མེ་ཏོག་བཞད་ནས་འབྲས་བུ་ཐོན་པ་དང་། ཕྱོགས་གཉིས་ཀྱིས“སྔར་ལས་ལྷག་པ་དྲུག”གི་སྤྱིའི་དམིགས་ཚད་གཏན་འཁེལ་བྱས་ནས། རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་པས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད། ཀྲུང་གོ་དང་ཡོ་ནན་གྱི་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཐུན་མོང་བརྩོན་ལེན་བྱེད་པའི་ཁྲོད་རྒྱུན་འཛིན་དང་ཡར་རྒྱས་སུ་ཕྱིན་པ་དང་། ཕྱོགས་གཉིས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་གཞི་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་གཞི། གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་གཞི་བཅས་ཧུར་ཐག་ལག་བསྟར་བྱས་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བརྟན་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་དུས་རབས་ཡར་ཐོན་གྱི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་ནས། ཨེ་ཤེ་ཡ་དང་འཛམ་གླིང་ལ་སྔར་ལས་མང་བའི་དྲང་ནུས་འདོན་སྤྲོད་བྱས་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ནི་ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པའི་སྲ་བརྟན་གྱི་རྨང་གཞི་ཡིན། ན་གཞོན་ནི་བྱ་གཞག་གི་མ་འོངས་པ་དང་རེ་བ་ཡིན། ཀྲུང་གོ་ཕྱོགས་གྱིས་སླད་ཕྱིན་ལོ་གསུམ་ནང་ཡོ་ནན་གྱི་ན་གཞོན་ཀྲུང་གོར་གདན་འདྲེན་ཞུས་ནས“དམར་པོའི་ཞིབ་འཇུག་སློབ་སྦྱོང་གི་འགྲུལ་བཞུད”སྤེལ་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་རྒན་རབས་ཀྱི་གསར་བརྗེའི་བཞུད་ལམ་དེད་དེ། ཀྲུང་གོ་དང་ཡོ་ནན་གྱི་མཛའ་གྲོགས་ཀྱི་དམར་པོའི་སྙིང་སྟོབས་འཚོལ་ཞིབ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱི་འགྱུར་ལྡོག་སྣ་ཚོགས་ལ་རོལ་མྱོང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་རང་སོ་སོའི་སྤྱི་ཚོགས་རིང་ལུགས་ལས་དོན་བྱ་གཞག་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་ལང་ཚོའི་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ་ཡིན།
སུའུ་ལིན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་ཀྲུའུ་ཞིདང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོ་ནན་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་དང་། རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་ཐོག་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པ་དང་མི་ཆོས་རིག་གནས་བརྗེ་རེས་ལོ་ལ་རྟེན་འབྲེལ་ཞུ་བའི་སྐབས་འདིར། ཀྲུང་གོ་དང་ཡོ་ནན་མི་དམངས་ཀྱི་མཉམ་སྤྲོ་ཆེན་མོ་འཚོག་པར་དོན་སྙིང་གལ་ཆེན་ལྡན་ཡོད། མཛའ་མཐུན་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་ཡོ་ནན་དང་ཀྲུང་གོའི་འབྲེལ་བའི་གཙོ་རྒྱུན་ཡིན་པ་དང་། ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ཡོ་ནན་གྱི་མི་རིགས་རང་ཚུགས་དང་རྒྱལ་ཁབ་གཅིག་གྱུར། འཛུགས་སྐྲུན་འཕེལ་རིམ་ཁྲོད་སྒེར་སེམས་མེད་པའི་རོགས་རམ་གནང་བར་ཡོ་ནན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ཡོད། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ནས་ཡོ་ནན་དང་ཀྲུང་གོའི་འབྲེལ་བ་དུས་རིམ་གསར་པར་བསྐྱོད་རྒྱུར་སྣེ་ཁྲིད་བྱས་ན། མིའི་རིགས་འཕེལ་རྒྱས་དང་ཡར་ཐོན་ལ་ལེགས་སྐྱེས་གལ་ཆེན་འབུལ་ཐུབ་ངེས་རེད། ན་གཞོན་ནི་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་རེ་བ་ཡིན། ཡོ་ནན་དང་ཀྲུང་གོའི་ན་གཞོན་ཚོས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས། མི་རབས་ནས་མི་རབས་བར་གྱི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་དངོས་སུ་གསར་གཏོད་དང་གསོ་སྐྱོང་བྱས་པའི་སྲོལ་རྒྱུན་གྱི་མཛའ་གྲོགས་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། ཡོ་ནན་གྱི་ན་གཞོན་ཀྲུང་གོར་བསྐྱོད་ནས“དམར་པོའི་ཞིབ་འཇུག་སློབ་སྦྱོང་གི་འགྲུལ་བཞུད”བྱེད་སྒོ་ཡག་པོར་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི“བློ་མཐུན་དང་སྤུན་ཟླའི”མཛའ་བརྩེ་གཏིང་ཟབ་ཏུ་གཏོང་དགོས། གསར་སྐྲུན་གསར་གཏོད་དང་། མཐུན་སྒྲིལ་མཉམ་ལས། མཉམ་ཇུས་འཕེལ་རྒྱས་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་དེང་རབས་ཅན་མངོན་འགྱུར་བྱེད་པར་གཙོ་ཤུགས་དམག་དཔུང་གི་ནུས་པ་འདོན་སྤེལ་བྱ་དགོས།
ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེའི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིའང་ཆང་དང་མཉམ་དུ་ཀྲུང་ཡོ་མི་དམངས་མཉམ་སྤྲོ་ཆེན་མོའི་བྱ་འགུལ་གྱི་འཐུས་མིར་ཐུག་འཕྲད་གནང་། འདི་ནི་སུའུ་ལིན་དང་ལིའང་ཆང་གིས་ཕེབས་རོགས་འོག ཞི་ཅིན་ཕིང་གིས་ཀྲུང་ཡོ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་པར་རིས་འགྲེམ་སྟོན་ལ་གཟིགས་བཞིན་པའི་ཚུལ་རེད།
བྱ་འགུལ་སྔོན་དུ། ཞི་ཅིན་ཕིང་གིས་སུའུ་ལིན་དང་ལིའང་ཆང་གིས་ཕེབས་རོགས་འོག ཀྲུང་ཡོ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་པར་རིས་འགྲེམ་སྟོན་ལ་གཟིགས་པ་དང་། ཀྲུང་ཡོ་ཕྱོགས་གཉིས་ཀྱི་མཛའ་མཐུན་འགྲོ་འོང་གི་རྩ་ཆེའི་ལོ་རྒྱུས་ལ་ཕྱིར་དྲན་བྱས།
ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེའི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིའང་ཆང་དང་མཉམ་དུ་ཀྲུང་ཡོ་མི་དམངས་མཉམ་སྤྲོ་ཆེན་མོའི་བྱ་འགུལ་གྱི་འཐུས་མིར་ཐུག་འཕྲད་གནང་། འདི་ནི་བྱ་འགུལ་རྗེས་སུ་ཞི་ཅིན་ཕིང་དང་སུའུ་ལིན། ལིའང་ཆང་བཅས་ཀྱིས་མཉམ་དུ“དམར་པོའི་ཞིབ་འཇུག་སློབ་སྦྱོང་གི་འགྲུལ་བཞུད”ཀྱི་རྣམ་གྲངས་མགོ་རྩོམ་པའི་ཚུལ་རེད།
ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེའི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིའང་ཆང་དང་མཉམ་དུ་ཀྲུང་ཡོ་མི་དམངས་མཉམ་སྤྲོ་ཆེན་མོའི་བྱ་འགུལ་གྱི་འཐུས་མིར་ཐུག་འཕྲད་གནང་། འདི་ནི་བྱ་འགུལ་རྗེས་སུ་ཞི་ཅིན་ཕིང་དང་སུའུ་ལིན། ལིའང་ཆང་བཅས་ཀྱིས་མཉམ་དུ་ཀྲུང་ཡོ་ལྕགས་ལམ་མཉམ་ལས་ལམ་སྲོལ་གྱི་མགོ་རྩོམ་པར་བདེན་དཔང་གནང་བའི་ཚུལ་རེད།
ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེའི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིའང་ཆང་དང་མཉམ་དུ་ཀྲུང་ཡོ་མི་དམངས་མཉམ་སྤྲོ་ཆེན་མོའི་བྱ་འགུལ་གྱི་འཐུས་མིར་ཐུག་འཕྲད་གནང་། འདི་ནི་བྱ་འགུལ་རྗེས་སུ་ཞི་ཅིན་ཕིང་དང་སུའུ་ལིན། ལིའང་ཆང་བཅས་ཀྱིས་མཉམ་དུ་ཀྲུང་ཡོ་ལྕགས་ལམ་མཉམ་ལས་ལམ་སྲོལ་གྱི་མགོ་རྩོམ་པར་བདེན་དཔང་གནང་བའི་ཚུལ་རེད།
བྱ་འགུལ་རྗེས་སུ། ཞི་ཅིན་ཕིང་དང་སུའུ་ལིན། ལིའང་ཆང་བཅས་ཀྱིས་མཉམ་དུ“དམར་པོའི་ཞིབ་འཇུག་སློབ་སྦྱོང་གི་འགྲུལ་བཞུད”ཀྱི་རྣམ་གྲངས་མགོ་བརྩམས། ཞི་ཅིན་ཕིང་གིས་སུའུ་ལིན། ལིའང་ཆང་བཅས་དང་མཉམ་དུ་ཀྲུང་ཡོ་ལྕགས་ལམ་མཉམ་ལས་ལམ་སྲོལ་གྱི་མགོ་རྩོམ་མཛད་སྒོར་བདེན་དཔང་གནང་།
ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱ་འགུལ་ལ་ཞུགས། །