ཟླ4བའི་ཚེས14ཉིན། དུས་ཡུན་ལོ་གཉིས་ལ་རྩོམ་སྒྲིག་བྱས་པའི《ཡུས་ཧྲུའུ་ཡི་ས་ཡོམ་གནོད་ཕྱིའི་བསྐྱར་བསྐྲུན་གྱི་ལོ་རྒྱུས》ཞེས་པའི་དཔེ་ཆ་ཟླ4བའི་ཚེས14ཉིན་དཔེ་སྐྲུན་བྱས་ཏེ་དངོས་སུ་འགྲེམས་སྤེལ་བྱས།
མཚམས་སྦྱོར་བྱས་པ་ལྟར་ན། བསྐྱར་བསྐྲུན་གྱི་ལོ་རྒྱུས་དེབ་དེ《ཡུས་ཧྲུའུ་ཁུལ་གྱི“4·14”ས་ཡོམ་ཀྱི་ཡོམ་འགོག་རྒུད་སྐྱོར་གྱི་ལོ་རྒྱུས》རྒྱུན་མཐུད་བཟོ་བཅོས་བྱས་པའི་ལེའུ་ཞིག་ཡིན་པའི་ཆ་ནས། གཞི་གྲངས་ངོ་མ་དང་ཕུན་སུམ་ཚོགས་པའི་པར་རིས་དང་ཡི་གེ་སོགས་ལོ་རྒྱུས་ཀྱི་དཔེ་དེབ་ཞིག་གི་ཚད་གཞིར་ལ་བརྟེན་ནས། ཡུས་ཧྲུའུ་ཁུལ་གྱི“4·14”ས་ཡོམ་གནོད་ཕྱིའི་བསྐྱར་བསྐྲུན་གྱི་རྣམ་པ་མངོན་པ་དང་། དཔེ་དེབ་དེ་ནི་ཡུས་ཧྲུའུ་ཁུལ་གྱི་ས་ཡོམ་གནོད་ཕྱིའི་བསྐྱར་བསྐྲུན་ཀྱི་ཡིག་ཚགས་རང་བཞིན་གྱི་དཔྱད་གཞི་དཔེ་ཆ་ཡིན་ལ། དེབ་ཧྲིལ་པོར་སྟོད་སྨད་ཆ་གཉིས་ཡོད་ལ། ཡིག་འབྲུ་ཁྲི106དང་པར་རིས200ལྷག་གི་གཞི་ཁྱོན་སྟེང་དུ། 2010ལོ་ནས2015ལོའི་ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་བསྐྲུན་ཀྱི་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་གོ་རིམ་ལྡན་པའི་ངང་ཟིན་ཐོར་བཀོད་ཡོད།
དེབ་དེའི་རྩོམ་སྒྲིག་ལས་དོན་དེ2023ལོའི་ཟླ5པ་ནས་མགོ་ཚུགས་པ་དང་། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་འོག སྡེ་ཁག70ལྷག་ཞུགས་པ་དང་། བསྡོམས་པས་དཔྱད་ཡིག་འཚོལ་སྡུད་ཁྲི་ལྷག་དང་ཡིག་འབྲི་ཁྲི་ལྷག་འཚོལ་བསྡུ་བྱས་ཏེ། ཡིག་འབྲི་ཁྲི137ཡི་མ་ཟིན་ཐོག་མར་གྲུབ་པ་ཡིན། དག་བཅོས་གཏན་འཁེལ་ཐེངས་མང་པོར་བརྒྱུད། ཆེད་མཁས་པས་དཔྱད་ཞིབ་དང་འདྲི་ཞིབ་ཐེངས་གསུམ་བཅས་བརྒྱུད་མཐར་ཀྲུང་གོ་རིག་གནས་ལོ་རྒྱུས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས། དེབ་ཡོངས་སུ་ལེའུ་གསུམ་གྱི་བགོས་ཡོད་ལ། དེའི་ནང་བསྐྱར་བསྐྲུན་འཆར་འགོད་དང་དམངས་འཚོའི་བཟོ་འགོད། སྐྱེ་ཁམས་ཞིག་གསོ། ཁ་གཏད་རོགས་སྐྱོར་སོགས་ཀྱི་ནང་དོན་ཚུད་ཡོད་པ་མ་ཟད། “བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན”དང“སྤྱི་ཚོགས་ཀྱི་རྒྱབ་སྐྱོར”སོགས་ཁྱད་ཆོས་ལྡན་པའི་ཆེད་དོན་ཁ་སྣོན་བྱས་ནས་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་དང་དུས་རབས་ཀྱི་ཁྱད་ཆོས་གཉིས་ལྡན།
བསྐྱར་བསྐྲུན་ལོ་རྒྱུས་ཀྱི་རགས་བཤད་དང་པོ་དང་དོན་ཆེན་ཟིན་བྲིས་ཀྱི་རྩ་གནད་གནད་བསྡུས། ད་དུང་ཀྲུང་དབྱང་གི་ཐབས་ཇུས་མཛུབ་ཁྲིད་དང་མཚོ་སྔོན་ཞིང་ཆེན་གྱི་བཀོད་སྒྲིག་བཀོད་འདོམས། ཡུས་ཧྲུའུ་ཁུལ་གྱི་རྩ་འཛུགས་ལག་བསྟར། བསྐྱར་བསྐྲུན་འཆར་འགོད་སྒྲིག་བཟོ། སྲིད་ཇུས་བྱེད་ཐབས་གཙོ་གནད་དང་གཞི་རྩའི་འགན་སྲུང་། ལས་དོན་གཙོ་བོའི་བྱེད་ཐབས་སོགས་བརྗོད་པ་སྟེ། སྲོལ་རྒྱུན་གྱི་ས་གནས་ལོ་རྒྱུས་ཀྱི་སྒྲོམ་གཞི་རྒྱུད་འཛིན་བྱས་ཡོད་པ་མ་ཟད། “མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་འདེམས་སྤེལ ”དང“དཔྱད་གླེང་དྲིལ་སྒྲོག”།“བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན ”། “གནོད་ཕྱིའི་བསྐྱར་བསྐྲུན་ཐད་ཀྱི་ཁ་གཏད་རོགས་སྐྱོར”།“སྤྱི་ཚོགས་ཀྱི་རྒྱབ་སྐྱོར”སོགས་ཆེད་དོན་ཁ་སྣོན་བྱས་ཏེ། གནོད་ཕྱིའི་བསྐྱར་བསྐྲུན་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་རེད། །