མཚོ་སྔོན་གྱི་སྤུས་རྟགས12ཀྲུང་གོའི་ཞིང་ལས་གསར་སྦོལ་སྤུས་རྟགས་དཀར་ཆག་ནང་བདམས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར་རང་ཞིང་གི“ཚྭ་འདམ་གཞོང་ཞིང་ལས་གསར་སྦོལ།” “མོ་ཧོ་རྔ་མོང་ར་བ།” “ཁུ་ནུ་གཙང་གསུམ་ཆུ་འགོ”སོགས་ཞིང་ལས་གསར་སྦོལ་སྤུས་རྟགས12《ཀྲུང་གོའི་ཞིང་ལས་གསར་སྦོལ་སྤུས་རྟགས་དཀར་ཆག》ནང་བདམས་པ་དང་། ཀྲུང་གོ་ཞིང་ལས་གསར་སྦོལ་དཔལ་འབྱོར་འཕེལ་རྒྱས་ལྟེ་གནས་ཀྱིས་སྤྲད་པའི་སྤུས་རྟགས་ལག་ཁྱེར་ཐོབ། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་དཀར་ཆག་དེའི་ནང་བདམས་པའི་སྤུས་རྟགས་ནང་ས་ཁོངས་རང་བཞིན་གྱི་གསར་སྦོལ་ཁུལ་གྱི་སྤྱི་པའི་སྤུས་རྟགས1དང་། ཁེ་ལས་ཀྱི་སྤུས་རྟགས5། ཐོན་རྫས་སྤུས་རྟགས་6བཅས་ཚུད་ཡོད་ཅིང་། དེའི་ནང་ནོར་ནག་དང་། བོད་ལུགས། ནས། པད་ཁ། རྩྭ་རིགས། འཕང་འབྲས་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ཁག་ཚུད་ཡོད།

ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ། ཞིང་ལས་གསར་སྦོལ་“རྒྱལ་ཁབ་རུ་ཁག་”ཀྱི་དཔེ་སྟོན་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་།  མཐོ་སྒང་གི་ཁྱད་ཆོས་ལྡན་པའི་གཙོ་ཁྲིད་ཐོན་ལས་ལ་བརྟེན་ནས་གཞུང་དབང་ཞིང་ལས་གསར་སྦོལ་ཁེ་ལས་ཀྱི་གཙོ་ཁྲིད་ཐོན་ལས་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། “ར་བ་གཅིག་ལས་རིགས་གཅིག”འཕེལ་རྒྱས་གཏོང་སྟངས་གཙོ་བོར་གསོ་སྐྱོང་བྱས་པ་བརྒྱུད་ནོར་ནག་དང་། བོད་ལུག། ནས། པད་ཁ། འཕང་འབྲས། ཐོན་ལས་གྲོང་རྡལ་སྟོབས་ལྡན་འཛུགས་སྐྲུན། དེ་བཞིན་དར་རྒྱས་མེད་པའི་གཞུང་དབང་ཞིང་ར་སྲ་བརྟན་དང་མཐོར་འདེགས་སོགས་རྣམ་གྲངས་གཙོ་བོ་ཁག་ཅིག་བདེ་བླག་ངང་ལག་བསྟར་བྱས་ནས། ཞིང་ལས་གསར་སྦོལ་ཁེ་ལས་ཀྱི་སྤྱི་ཡོངས་ཀྱི་འགྲན་རྩོད་ནུས་པ་དང་སྤུས་རྟགས་ཤུགས་རྐྱེན་ནུས་ལྡན་ངང་ཇེ་ཆེར་ཕྱིན་ཡོད།

མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་ཆུ་འགོ་ཚོགས་པ་དང་། ཚྭ་འདམ་གཞོང་ཞིང་ལས་གསར་སྦོལ་ཚོགས་པ། ན་གོར་མོའི་ཞིང་ལས་གསར་སྦོལ་(ཚོགས་པ)བཅས་རྒྱལ་ཁབ་རིམ་པའི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་གཙོ་བོ3དང་ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས9གསོ་སྐྱོང་བྱས་ཡོད། དེ་དང་ཆབས་ཅིག་ཞིང་ཆེན་གཙང་གསུམ་ཆུ་འགོ་ཚོགས་པ་དང་མཚོ་ནུབ་ཁུལ་མོ་ཧོ་རྔ་མོང་ར་བ་རྒྱལ་ཁབ་རིམ་པའི་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་གླིང་གཉིས་བདེ་བླག་ངང་བཙུགས། ཐོན་རྫས་ཀྱི་སྤུས་ཚད་ཁས་ལེན་ཐད་ཞིང་ལས་ཐོན་རྫས10ལ་ལྗང་མདོག་ཟས་རིགས་ཀྱི་བདེན་དཔང་བྱས་པ་དང་བདེན་དཔང་ཐོབ་པའི་ཐོན་འབོར་གྱི་ཚད་ཏུན3513ཟིན་པ། ཞིང་ལས་ཐོན་རྫས9ལ་སྐྱེ་ལྡན་བཟའ་བཅའི་ཐད་ཀྱི་བདེན་དཔང་ཐོབ་པ་དང་། བདེན་དཔང་ཐོབ་པའི་ཐོན་འབོར་གྱི་ཚད་ཏུན21527ཟིན། ཐོན་རྫས20ལ་ཞིང་ལས་ཐོན་རྫས་ས་ཁམས་མཚོན་རྟགས་ཐོ་འགོད་ཐོབ་པ་དང་། བདེན་དཔང་ཐོབ་པའི་ཐོན་འབོར་གྱི་ཚད་ཏུན313རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།