ཞི་ཅིན་ཕིང་གི་གསུང་རྩོམ་དེབ་འདིའི་སི་ཕེན་ཡི་གེའི་དཔར་མ་ཐོན་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི་ཞི་ཅིན་ཕིང་གི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྣམ་བཤད་བཏུས་བསྒྲིགས་ཞེས་པའི་དེབ་དེའི་སི་ཕེན་ཡི་གེའི་དཔར་མ་ཉེ་དུས་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་རྒྱལ་ཁབ་ཕྱི་ནང་ལ་འགྲེམ་སྤེལ་བྱས་ཡོད། 

ཞི་ཅིན་ཕིང་གི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྣམ་བཤད་བཏུས་བསྒྲིགས་ཞེས་པ་དེ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་དང་། དེབ་དེའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བསྡུས་ཡོད། དེབ་དེའི་སེ་ཕེན་ཡི་གེའི་དཔར་མ་དང་དེའི་གོང་དུ་དཔེ་སྐྲུན་བྱས་པའི་དབྱིན་ཡིག་དང་། ཧྥ་རན་སིའི་ཡི་གེ ཨུ་རུ་སུའི་ཡི་གེ ཨ་རབ་ཡི་གེ ལྗར་པན་ཡི་གེ་བཅས་ཀྱི་དཔར་མ་ནི། རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རིགས་གཞུང་མ་ལག་དང་ལག་ལེན་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལམ་བུའི་ཐོག་ལེགས་པར་བསྐྱོད་པ་དང་། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་པ། དེང་རབས་ཅན་གྱི་དཔེ་རྣམ་གསར་པ་མངོན་པར་བྱེད་པ་བཅས་ལ་གོ་བ་གཏིང་ཟབ་ལེན་པ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ལག་གདང་དཔུང་སྦྲེལ་གྱིས་དེང་རབས་ཅན་གྱི་ལམ་བུའི་ཐོག་གོམ་པ་མཉམ་བགྲོད་བྱས་ཏེ། ཞི་བདེ་གོང་འཕེལ་དང་གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་གི་དེང་རབས་ཅན་མངོན་འགྱུར་ཡོང་བར་བྱེད་པའི་ཐུན་མོང་གི་ངོས་འཛིན་ཤུགས་ཆེར་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།