ཀྲུང་དབྱང་གི་མཐའ་སྐོར་བྱ་བའི་ཚོགས་འདུ་པེ་ཅིན་དུ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ4པའི་ཚེས8ཉིན་ནས་ཚེས9ཉིན་བར། ཀྲུང་དབྱང་གི་མཐའ་སྐོར་བྱ་བའི་ཚོགས་འདུ་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུ་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གི་མཐའ་སྐོར་བྱ་བའི་ཚོགས་འདུ་ཟླ4པའི་ཚེས8ཉིན་ནས་ཚེས9ཉིན་བར་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུ་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་བཅས་ཚོགས་འདུ་ལ་ཞུགས།

ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཁྲོད་དུས་རབས་གསར་བའི་ཚུན་གྱི་རང་རྒྱལ་གྱི་མཐའ་སྐོར་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་ལ་མ་ལག་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་བྱས་པ་དང་། གནས་བབ་ལ་ཚན་རིག་དང་མཐུན་པར་དབྱེ་ཞིབ་བྱས་ཏེ། རྗེས་ཕྱོགས་དུས་སྐབས་ཤིག་གི་མཐའ་སྐོར་བྱ་བའི་དམིགས་འབེན་ལས་འགན་དང་བསམ་ཕྱོགས་བྱེད་ཐབས་ལ་གསལ་རྟོགས་བྱས་ཏེ། མཐའ་སྐོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་དམིགས་ནས། མཐའ་སྐོར་བྱ་བའི་རྣམ་པ་གསར་བ་ཧུར་ཐག་གིས་གསར་སྐྲུན་བྱེད་དགོས་པར་ནན་གྱིས་བསྟན། ལི་ཆང་གིས་ཚོགས་འདུ་ལ་མགོ་འཛིན་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱས་ཏེ། མཐའ་སྐོར་བྱ་བའི་ལས་འགན་སོ་སོ་དོན་འཁྱོལ་བྱེད་པར་ཏན་ཏན་ཏིག་ཏིག་གིས་དམ་འཛིན་བྱེད་དགོས། 

ཚོགས་འདུ་ལས་བསྟན་དོན། རང་རྒྱལ་གྱི་རྒྱ་ཁྱོན་ཡངས་ཤིང་རྒྱ་ཆེ་བ་དང་ས་མཚམས་རིང་བས། མཐའ་སྐོར་ནི་འཕེལ་རྒྱས་དར་ཞིང་རྒྱས་པའི་རྨང་གཞི་གཙོ་བོ་དང་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་གཙོ་གནད། ཕྱི་འབྲེལ་སྤྱི་ཡོངས་ཇུས་འགོད་བྱེད་པའི་དགོས་གལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གི་གནད་འགག་བཅས་ཡིན། རྒྱལ་སྤྱིའི་མཐོང་རྒྱ་ཡིས་མཐའ་སྐོར་ལ་ཞིབ་གཟིགས་བྱེད་དགོས་ཤིང་། མཐའ་སྐོར་བྱ་བའི་ལེགས་པོར་བསྒྲུབ་པའི་འགན་འཁྲིའི་ཁུར་སེམས་དང་འཁྲི་འགན་སྒྲུབ་སེམས་ལ་ཤུགས་སྣོན་བྱེད་དགོས།

ཚོགས་འདུ་ལས་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ང་ཚོས་ལྷག་བསམ་རྣམ་དག་གིས་མཐའ་སྐོར་གྱི་ཕྱི་འབྲེལ་འདུ་ཤེས་དར་སྤེལ་དང་། མཐའ་སྐོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། གཙོ་བདག་ཕྱི་འབྲེལ་གྱིས་སྣེ་ཁྲིད་བྱས་ཏེ། མཐའ་སྐོར་རྒྱལ་ཁབ་སོ་སོ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ཟབ་སྤེལ་དང་། ཁྱབ་ཁོངས་སོ་སོའི་སྤེལ་རེས་ལ་ཤུགས་སྣོན། ཞི་བདེ་དང་བརྟན་བརླིང་མཉམ་དུ་སྲུང་སྐྱོང་བཅས་བྱས་ནས། ཕན་འབྲས་ཆེ་བའི་མཐའ་སྐོར་གྱི་བྱ་བའི་གཞི་སྒྲོམ་ཆགས་པར་བྱེད་དགོས་ཤིང་། མཐའ་སྐོར་གྱི་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་གཏོང་དགོས། ལག་ལེན་ཁྲོད་གྲུབ་པའི་ཉམས་མྱོང་ལ་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། མིག་སྔར་རང་རྒྱལ་དང་མཐའ་སྐོར་འབྲེལ་བ་དེ་ཉེ་རབས་ནས་བཟུང་གི་དུས་སྐབས་ཡག་ཤོས་སུ་གནས་པ་དང་། དུས་མཚུངས་སུ་མཐའ་འཁོར་གྱི་གནས་སྟངས་དང་འཛམ་གླིང་གི་འཕོ་འགྱུར་མཉམ་འགུལ་གྱི་དུས་རིམ་གལ་ཆེན་དུ་སླེབས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་རྩེ་གཅིག་ཏུ་དམིགས་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་དང་། འཕེལ་རྒྱས་དང་བདེ་འཇགས་བཅས་ཀྱི་དོན་ཆེན་གཉིས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་དར་ཆ་མཐོན་པོར་བསྒྲེངས་ནས། ཞི་བདེ་དང་། བདེ་འཇགས། དར་རྒྱས། མཛེས་སྡུག། མཛའ་མཐུན་བཅས"ཁྱིམ་གཞིས་ཆེན་པོ་ལྔ"འཛུགས་སྐྲུན་བྱ་རྒྱུ་དེ་ཐུན་མོང་གི་དམིགས་ཡུལ་དུ་བཟུང་ནས། ཁྱིམ་མཚེས་བར་མཛའ་མཐུན་དང་། བདེ་འཇགས། ཕྱུག་འགྱུར། མཛའ་མཐུན། ལྷག་བསམ། ཕན་སྦྱར། ཁོང་ཡངས། ལས་དབང་གཅིག་སྦྲེལ་བཅས་ཀྱི་འདུ་ཤེས་བྱེད་ཕྱོགས་ལ་བརྟེན་ནས། ཞི་བདེ་དང་། མཉམ་ལས། སྒོ་འབྱེད། ཤོངས་ཡངས་བཅས་ཀྱི་ཨེ་ཤ་ཡའི་རིན་ཐང་གི་ལྟ་བ་གཞི་རྩའི་ཆ་ནས་བརྩི་སྲུང་བྱས་ཏེ། སྤུས་ཚད་མཐོ་བའི"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་བྱ་རྒྱུ་དེ་ལས་སྟེགས་གཙོ་བོ་རུ་བྱས་ཏེ། བདེ་སྡུག་མཉམ་མྱོང་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག གྲོས་མོལ་བཅས་བྱེད་པའི་ཨེ་ཤ་ཡའི་བདེ་འཇགས་དཔེ་དབྱིབས་དེ་འཐབ་ཇུས་ཀྱི་འདེགས་སྐྱོར་དུ་བྱས་ཏེ། མཐའ་སྐོར་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བསྐྲུན་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། མཐའ་སྐོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་མཐའ་སྐོར་རྒྱལ་ཁབ་བར་འཐབ་ཇུས་ཐད་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་དགོས་པ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱིས་རང་ཉིད་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བརྟན་བརླིང་ངང་སྐྱོད་པར་རྒྱབ་སྐྱོར་བྱས་ཏེ། འགལ་བ་དང་ཕྱོགས་འགལ་ལ་ལྟ་སྡོམ་འོས་འཚམ་བྱེད་དགོས། འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཆུ་ཚད་མཐོ་བའི་མཉམ་སྦྲེལ་མཉམ་མཐུད་དྲ་རྒྱ་བཙུགས་ཏེ། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་མཉམ་ལས་ལ་ཤུགས་སྣོན་དགོས། ས་ཁུལ་གྱི་བརྟན་བརླིང་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས་པ་དང་། བདེ་འཇགས་དང་ཁྲིམས་བསྟར་མཉམ་ལས་སྤེལ་ཏེ། རིགས་སོ་སོའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་དགོས། འགྲོ་འོང་སྤེལ་རེས་རྒྱ་སྐྱེད་དེ་མི་སྣའི་འགྲོ་འོང་ལ་སྟབས་བདེ་བསྐྲུན་དགོས།

ཚོགས་འདུ་ལས་བསྟན་དོན། མཐའ་སྐོར་བྱ་བ་ལེགས་པོར་བསྒྲུབ་པར་ཏང་ཀྲུང་དབྱང་གི་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། ཕྱོགས་སོ་སོའི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་དགོས། ཁྱོན་ཡོངས་ནས་ལམ་སྲོལ་དང་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཕྱི་འབྲེལ་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་དགོས། ནུས་ཤུགས་དང་རུ་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མཐའ་སྐོར་བྱ་བའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་སྐུལ་འདེད་གཏོང་དགོས།

ཝང་དབྱི་ཡིས་ཕྱོགས་བསྡོམས་གཏམ་བཤད་གནང་། 

ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་དང་འབྲེལ་ཡོད་ཕྱོགས་འགན་འཁུར་བློ་མཐུན་ཚོགས་འདུ་ལ་ཞུགས། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།