“གསེར་དངུལ་ཐང་དུ་བསྐྱོད་པའི་གསར་བརྗེའི་ཞིབ་སློབ་ཆེད་གཏོང་མེ་འཁོར”ཐོག་མ་གཏོང་མགོ་ཚུགས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 

ཟླ4པའི་ཚེས6ཉིན།"གསེར་དངུལ་ཐང་དུ་བསྐྱོད་པའི་གསར་བརྗེའི་ཞིབ་སློབ་ཆེད་གཏོང་མེ་འཁོར"ཐོག་མ་གཏོང་མགོ་ཚུགས་པའི་མཛད་སྒོ་ཟི་ལིང་མེ་འཁོར་ས་ཚིགས་སུ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། ཚེ་རིང་རྒྱ་མཚོ། རྡོ་རྗེ་སྐྱིད། )"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དར་སྤེལ་དང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གི་འགྲིམ་འགྲུལ་དང་ཡུལ་སྐོར། སློབ་གསོ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གསར་བརྗེའི་ཞིབ་སློབ་མཚན་སྙན་ཧུར་ཐག་གིས་བསྐྲུན་ཏེ། མདའ་བཞི་རྫོང་གི་གསར་བརྗེའི་རིག་གནས་ཀྱི་ཤུགས་རྐྱེན་ནུས་པ་མཐོར་འདེགས་སུ་གཏོང་ཆེད། ཟླ4པའི་ཚེས6ཉིན། "གསེར་དངུལ་ཐང་དུ་བསྐྱོད་པའི་གསར་བརྗེའི་ཞིབ་སློབ་ཆེད་གཏོང་མེ་འཁོར"ཐོག་མ་གཏོང་མགོ་ཚུགས་པའི་མཛད་སྒོ་ཟི་ལིང་མེ་འཁོར་ས་ཚིགས་སུ་སྤེལ།

"གསེར་དངུལ་ཐང་དུ་བསྐྱོད་པའི་གསར་བརྗེའི་ཞིབ་སློབ་ཆེད་གཏོང་མེ་འཁོར"ནི་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དང་། རྒྱལ་ཁབ་ལ་བཅངས་པའི་བརྩེ་འདང་སྐྲུན་པའི་རྟེན་གཞི་གལ་ཆེན་དེ་ཡིན་ལ། མཚོ་བྱང་ཁུལ་དང་མདའ་བཞི་རྫོང་གི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་པའི་ལག་ལེན་དངོས་ཀྱང་ཡིན་པས། ཐེངས་འདིའི་ཞིབ་སློབ་བྱེད་སྒོ་ནི་མདའ་བཞི་རྫོང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན། མཚོ་སྔོན་ཉེན་རྟོག་དཔོན་ལས་རིགས་ལག་རྩལ་སློབ་གླིང་། མཚོ་སྔོན་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་བཅས་ཀྱི་དགེ་སློབ600ལྷག་ཞུགས་ཏེ། མདའ་བཞི་རྫོང་གི་རྡུལ་ཕྲན་གྲོང་རྗེས་དྲན་ཁང་སོགས་གསར་བརྗེའི་གནས་རྙིང་གསུམ་ལ་ཞིབ་འཇུག་དང་སློབ་སྦྱོང་། ལྟ་སྐོར་བཅས་བྱེད་དུ་སོང་།  དམིགས་ཡུལ་ནི་མདའ་བཞི་རྫོང་གི་གསར་བརྗེའི་གནས་སྙིང་སྐོར་ཁག་ལ་དངོས་སུ་སོང་སྟེ་ཉམས་སྣང་སློབ་ཁྲིད་དང་མཉམ་རོལ། བསམ་བློ་བརྗེ་རེས། ལག་ལེན་བཅས་བྱས་པ་བརྒྱུད་དེ་ན་ཆུང་སློབ་བུ་ཚོས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ལ་ཤེས་རྟོགས་ཟབ་མོ་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་འདང་རང་རྒྱུད་ལ་སྐྱེས་སུ་བཅུག་སྟེ་གསར་བརྗེའི་སློབ་གསོའི་གྲུབ་འབྲས་ངེས་པ་དོན་གྱིས་འགྱུར་མེད་ཀྱི་ཕུགས་འདུན་བརྟན་པོ་དང་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བའི་ལང་ཚོའི་སྒུལ་ཤུགས་སུ་བསྒྱུར་རྒྱུ་དེ་རེད།

ཐེངས་འདིར་གསར་བརྗེའི་ཞིབ་སློབ་ཆེད་གཏོང་མེ་འཁོར་ཐོག་མ་ཤར་གཏོང་བྱས་པ་དེས་མདའ་བཞི་རྫོང་གི་ལྕགས་ལམ་དང་ཞིབ་སློབ་ཟུང་འབྲེལ་གྱི་རྣམ་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད་ལ། གསར་བརྗེའི་གཞི་རྒྱུ་དར་སྤེལ་དང་གསར་བརྗེའི་མེ་སོན་བརྒྱུད་འཛིན་ཐད་བགྲོད་ལམ་ཞིག་གསར་སྐྲུན་བྱས་པའང་མཚོན་ཡོད། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།