མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའིཚེས26ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་དཔུང་སྡེ་ཁྲིད་ནས་པེ་ཅིན་གྲོང་ཁྱེར་གྱི་ཧྲོ་ཀོང་ཆ་འཕྲིན་ཐོན་ལས་མ་རྐང་ཚད་ཡོད་ཀུང་སི་དང་། ལན་ཞང་སྡེ་ཤོག། ཁི་ཏཱ་ཞུན་ཧྥེ་མ་རྐང་ཚད་ཡོད་ཀུང་སི་སོགས་ཚན་ཀྱི་གསར་གཏོད་ཁེ་ལས་ལ་རྟོག་ཞིབ་བྱས་ནས་འབྲེལ་སྦྱོར་ལ་སྔར་བས་ཤུགས་སྣོན་དང་། ལྗང་མདོག་རྩིས་གློག་དང་མིས་བཟོས་རིག་ནུས་སོགས་མངའ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་།
རྟོག་ཞིབ་བྱེད་རིང་ལུའོ་ཏུང་ཁྲོན་འཁོར་དང་བཅས་པ་མིས་བཟོས་རིག་ནུས་ཁེ་ལས་སུ་བསྐྱོད་དེ་མངའ་ཁོངས་ཀྱི་ལག་རྩལ་རྩེ་གྲ་དང་ཐོན་རྫས་ཞབས་ཞུའི་གནས་ཚུལ་ལ་ལྟ་སྐོར་དང་། རྒྱུས་ལོན་བྱས་པ་མ་ཟད་ད་དུང་མིས་བཟོས་རིག་ནུས་སྣ་ཚོགས་ཀྱི་དཔེ་སྟོན་བཀོལ་སྤྱོད་གནས་ཚུལ་ཉམས་ལེན་བྱས་པ་མ་ཟད། སྔ་གཞུག་ཏུ་ཀྲུང་ཁི་ཧྲུའུ་ཀོང་ཆ་འཕྲིན་ཐོན་ལས་མ་རྐང་ཚད་ཡོད་ཀུང་ཟིའི་མཐོ་རིམ་ཙུང་ཚའེ་གཞོན་པ་ཧྲ་ཁྲའོ་ཆུན་དང་ལེན་ཞང་སྡེ་ཤོག་གི་མཐོ་རིམ་ཙུང་ཚའེ་གཞོན་པ་ཏའེ་ཝེ། ཁི་ཏཱ་ཞུན་ཧྥེའི་རྐང་གཉེར་དབུ་གཙོ་ལིའུ་ཆིན་ཧྥིན་སོགས་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་དང་བཞུགས་མོལ་བརྗེ་རེས་བྱས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་གནང་ཡོད། ན་ནིང་གི་ཟླ6པའི་ནང་ཡང་བསྐྱར་མཚོ་སྔོན་དུ་གཟིགས་ཞིབ་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་དམིགས་འབེན་གས་བ་དང་འགན་འཁྲི་གསར་པ་བསྩལ། ད་སྔར། མཚོ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་འབད་འཐབ་མདུན་སྐྱོད་དང་། ནུས་ཤུགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན། ཡུལ་བབ་དང་བསྟུན་ནས་ལྗང་མདོག་རྩིས་ནུས་སྣེ་ཁྲིད་དུ་བྱས་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཅས་གཏོང་བཞིན་ཡོད། རེ་བ་ལ་ཕྱོགས་སོ་སོའི་བར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་དང་རྩིས་གློག་མཉམ་ལས་ཚོད་ལྟ་སོགས་ཕྱོགས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། རིན་ཐང་ཆེ་བ་དང་བསྐྱར་བཀོལ་བྱེད་ཆོག་པ། ཁྱབ་གདལ་བྱེད་ཆོག་པའི་ལྗང་མདོག་རྩིས་གློག་མཉམ་ལས་ཀྱི་དཔེ་སྟོན་སྣང་ཚུལ་དང་དངོས་སྤྱོད་སྔར་ལས་མང་པོ་གསར་སྐྲུན་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཉིས་མཉམ་བསྲེས་ངང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་ཐུབ་རྒྱུ་དེ་ཡིན་ཟེར། མཚོ་སྔོན་གྱིས་རྒྱུན་མཐུད་ངང་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱིའི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་འཛུགས་སྐྲུན་བྱས་ནས། ཁེ་ལས་མཚོ་སྔོན་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ཆ་རྐྱེན་སྔར་ལས་བཟང་བོ་བསྐྲུན་པ་དང་ཞབས་ཞུ་སྔར་ལས་བཟང་བོ་འདོན་སྤྲོད་བྱ་རྒྱུ་རེད།
ཧྲ་ཁྲའོ་ཆུན་དང་། ཏའེ་ཝེ། ལིའུ་ཆིང་ཧྥུང་བཅས་ཀྱིས་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་འབུར་དུ་ཐོན་པ་དང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བ་དང་མདུན་ལམ་ཆེན་པོ་ཡོད་པ། ནུས་པ་ཆེན་པོ་ལྡན་པས། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་སུ་འདྲེས་ནས་མ་འཇོག་དང་། རྣམ་གྲངས། ཤེས་ལྡན་མི་སྣ་བཅས་སྔར་ལས་མང་བ་མཚོ་སྔོན་ལ་བཀོད་སྒྲིག་བྱེད་པར་ཁྲིད་སྟོན་བྱ་ཐུབ། སྲིད་གཞུང་དང་ཁེ་ལས་མཉམ་ལས་ཀྱི་མངའ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་པ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། མཉམ་ལས་ཀྱི་རིམ་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་དང་ལག་གདང་སྦྲེལ་ནས་སྔར་ལས་མང་བའི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་དཔེ་གཞི་གསར་པ་བཏོད་ནས་ཐུན་མོང་ཐོག་གསར་གཏོད་དང་འབྱུང་འགྱུར་སྤུས་ལེགས་ཡོང་བར་བྱ་རྒྱུ་རེད།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་ཚོགས་འདུར་ཞུགས།