མཚོ་སྔོན་གྱིས་ཁྱད་ཆོས་ལྡན་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་སྤུས་རྟགས་སྔར་ལས་མང་པོ་གཏོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཟླ3པའི་ཚེས24ཉིན། ཞིང་ཆེན་ཏང་ཨུས་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་ཁྲིམས་སྐྱོང་ཨུ་ཡོན་ལྷན་ཁང་ཁྲིམས་སྲུང་ཁྲིམས་ལུགས་ཁྱབ་གདལ་མཐུན་སྦྱོར་ཚོགས་ཆུང་དང་། ཞིང་ཆེན་ཁྲིམས་འཛིན་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི2025ལོའི་ལོ་འཁོར་གྱི་ཁྲིམས་ལུགས་ཁྱབ་གདལ་ཁྲིམས་ལྟར་བཅོས་སྐྱོང་བྱ་བའི་གཙོ་གནད》(གཤམ་ནས་བསྡུས་མིང་ལ《གཙོ་གནད》ཅེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་ཕྱོགས5ཡི་ཞིབ་ཕྲའི་ནང་དོན21ཐོག་ནས་ལོ་འཁོར་གྱི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་ཕྱོགས་ཡོངས་ནས་གཅིག་གྱུར་འཆར་འགོད་བཟོས་ནས་བཀོད་སྒྲིག་བྱས།     

《གཙོ་གནད》ནང་འདི་སྐད།   ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་དང་།    “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་ལག་བསྟར་གྱི་ལོ་ཡིན་ལ།    “ལོ་ལྔའི་འཆར་གཞི་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་མཇུག་སྒྲིལ་བའི་ཚོད་སྐོར་ལ་ཕྱོགས་བསྡོམས་བྱེད་པའི་ལོ་ཡང་ཡིན།    “ལེགས་བཅོས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་”གཙོ་བོར་བཟུང་སྟེ།    “ལོ་ལྔའི་འཆར་གཞི་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་མཇུག་འགྲིལ་བ་འགག་རྩར་བརྩིས་ནས།    ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་ལ་ཞབས་འདེགས་ཞུ་བར་འགན་སྲུང་དང་།    ཆུ་ཚད་མཐོ་ཞིང་བདེ་འཇགས་ཡིན་པའི་མཚོ་སྔོན་འཛུགས་སྐྲུན་བྱ་བ་སྔོན་འགྲོའི་ཆ་རྐྱེན་དུ་བཞག་ནས་ ཡིད་ཆེས་བརྟན་པོ་དང་ལས་ཀ་དངོས་ཀྱིས་སྔོན་ལ་བརྩོན་ལེན་དང་།     དམངས་ཡོངས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་རྒྱུན་མཐུད་གཏོང་ཤུགས་ཆེ་རུ་བཏང་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཁྲིམས་ལུགས་ཁྱབ་གདལ་སྤུས་རྟགས་སྔར་ལས་མང་བའི་བསྐྲུན་ཐོག   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མཚོ་སྔོན་གྱི་ལེའུ་ཧུར་ཐག་འབྲི་ཆེད་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་བསྟན།     

《གཙོ་གནད》བཀོད་སྒྲིག་གཞིར་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་དེ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་རྒྱུན་མཐུད་ཞབས་འདེགས་དུ་སྤེལ་རྒྱུ་དང་།    ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དྲིལ་སྒྲོག་ལག་བསྟར་དང་།    རྩ་ཁྲིམས་དྲིལ་སྒྲོག་སློབ་གསོ་དམངས་དོན་ཁྲིམས་གཞུང་གི་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་དང་།    ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་།    ཆེད་དམིགས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དང་།    གཞོན་ནུའི་ཁྲིམས་སྐྱོང་སློབ་གསོ་།    མི་རིགས་ཆོས་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན།    དེ་མིན“བདེ་འཇགས་མཚོ་སྔོན”དང་།    “མཛེས་པའི་མཚོ་སྔོན”འཛུགས་སྐྲུན་སོགས་མངའ་ཁོངས་ཀྱི་ཕྱོགས་ཡོངས་ལ་ཁྱབ་པའི་སྣ་མང་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་སྤེལ་བ་དང་། ཁྲིམས་ལུགས་ཁྱབ་གདལ་གྱི་དམིགས་ས་རང་བཞིན་དང་ཕན་ནུས་རང་བཞིན་རྒྱུན་ཆད་མེད་པར་ཆེ་བསྐྱེད།  སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་སྔར་བས་ཇེ་མཐོར་བཅས་བཏང་བ་རེད།     དེ་དང་ཆབས་ཅིག་ད་དུང་གསར་དར་མངའ་ཁོངས་ཀྱི་ཆེད་དམིགས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དང་།    ཕྱི་འབྲེལ་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་དང་།    ཁྲིམས་སྐྱོང་གི་རིག་གནས་ཐོན་ཁུངས་དམར་པོ་སྔོག་འདོན་དང་བེད་སྤྱོད།    སྨྱན་སྦྱོར་གསར་པའི་ལག་རྩལ་གསར་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་ཆུ་ཚད་མཐོར་འདེགས་གཏོང་བ།    ཁྲིམས་ལུགས་ཁྱབ་གདལ་ལས་དོན་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྱོང་དང་།    “བཅའ་ཁྲིམས་ཤེས་པ”ལས་དོན་ཁང“སྤུས་རྟགས་འདུམ་སྒྲིག་ཁང་”འཛུགས་སྐྱོང་དང་འདྲེས་པར་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་གསར་གཏོད་བྱེད་ཐབས་གནད་འཁེལ་ཤུགས་འདོན་བྱས་ནས། ཁྲིམས་སྐྱོང་དྲིལ་སྒྲོག་གི་སློབ་གསོ་ལ་འགག་སྒྲོལ་གསར་པ་དང་ལེགས་བཅོས་གསར་པ་ཡོང་བར་སྐུལ་འདེད་གཏང་རྒྱུ་རེད།     

《བླང་བྱ》ཡི་ནང་ད་དུང“ལོ་ལྔའི་འཆར་གཞི་བརྒྱད་པའི་”ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འཆར་འགོད་ཀྱི་ཚོད་སྐོར་ཕྱོགས་བསྡོམས་དང་།    “ལོ་ལྔའི་འཆར་གཞི་དགུ་པའི་”ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འཆར་འགོད་འཆར་ཟིན་བཀོད་དེ།    ལག་བསྟར་ལས་དོན་སྤེལ་འགོ་འཛུགས་པའི་བྱ་བ་བཀོད་སྒྲིག་བྱས་ཡོད་དོ།     

རྩོམ་སྒྲིག་པ། : ཁོན་ཐར་འཚོ།