ཞི་ཅིན་ཕིང་གིས་ཀོས་ཀྲོའུ་རུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།
སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱིས་སྤྱི་ཡོངས་གཅིག་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀོས་ཀྲོའུ་ཡི་རྣམ་པ་གསར་པ་མངོན་དགོས།
ཚའེ་ཆི་ཡིས་རྟོག་ཞིབ་ལ་འགྲོ་རོགས་བྱས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཀོས་ཀྲོའུ་རུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཀོས་ཀྲོའུ་ཡིས་ཀྲུང་དབྱང་གི་ནུབ་རྒྱུད་གསར་སྤེལ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བའི་སྐོར་གྱི་འཐབ་ཇུས་དང་བཀོད་སྒྲིག་གཟབ་ནན་གྱིས་དངོས་འབེབས་བྱེད་པ་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱིས་སྤྱི་ཡོངས་གཅིག་འདོམས་བྱེད་པ་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་སྔར་བས་ཁྱོན་ཡོངས་སུ་ཟབ་སྤེལ་གཏོང་བ་སྒུལ་ཤུགས་སུ་བརྩི་བ། ཡིད་ཆེས་ཇེ་བརྟན་དང་དཀའ་སྒྲུབ་དངོས་སྒྲུབ་བྱེད་པ། བརྟན་ཐོག་ཡར་འཕེལ་དང་སྒྲུབ་མཁས་འགྲུབ་མཁས་ཀྱིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀོས་ཀྲོའི་ཡི་རྣམ་པ་གསར་པ་མངོན་དགོས།
ཟླ3པའི་ཚེས17ནས18ཉིན་བར། ཞི་ཅིན་ཕིང་ཀོས་ཀྲོའི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞུས་ལིན་དང་ཧྲེང་ཀྲང་ལི་པིན་ཅུན་གྱིས་འགྲོ་རོགས་འོག སྔ་གཞུག་ཏུ་ཀོས་ཀྲོའི་ཆན་ཏུང་ནན་མེའོ་རིགས་ཏུང་རིགས་རང་སྐྱོང་ཁུལ་དང་ཀུའེ་དབྱང་གྲོང་ཁྱེར་སོགས་སུ་ཕེབས་ཏེ་རྟོག་ཞིབ་གནང་།
ཚེས18ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཀོས་ཀྲོའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་ཏེ། ཀོས་ཀྲོའུ་ཡིས་ཕྱོགས་སོ་སོར་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་མ་ཟད། རྗེས་ཕྱོགས་ཀྱི་བྱ་བར་བླང་བྱ་བཏོན།
ཞི་ཅིན་ཕིང་གིས་བསྟན་དོན། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྡོག་མེད་བླང་བྱ་ཞིག་ཡིན། ཀོས་ཀྲོའི་ཡིས་སེམས་ཐག་བཅད་ནས་འཚོལ་ཞིབ་བྱེད་པ་དང་། དངོས་གཟུགས་དཔལ་འབྱོར་རྨང་གཞིར་འཛིན་པ་རྒྱུན་འཁྱོངས་བྱེད་པ། གསར་གཏོད་སྒུལ་ནུས་ཇེ་དྲག་ཏུ་གཏོང་བ། སྒུལ་ནུས་གསར་རྙིང་རིགས་བསྒྱུར་བྱེད་པར་གཅིག་འདོམས་བྱེད་པ། སྲོལ་རྒྱུན་ཐོན་ལས་རིགས་བསྒྱུར་རིམ་སྤར་ཇེ་མགྱོགས་སུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཧུར་ཐག་གིས་འཕེལ་རྒྱས་བཏང་སྟེ། གྲངས་ཀའི་དཔལ་འབྱོར་དང་ནུས་ཁུངས་གསར་པ་སོགས་ཀྱི་ཐོན་ལས་ཇེ་ལེགས་ཇེ་རྒྱས་སུ་གཏོང་དགོས། ངེས་ཤུགས་དང་ངང་རྒྱུད་རིང་མོ་སྲུང་འཛིན་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པ་དང་གནད་འཁེལ་གྱིས་ཇུས་བསྟར་བྱེད་པ། འགྲོས་ཚད་དང་ཕན་ནུས་ཀྱི་འབྲེལ་བ་ཐག་བཅད་དེ། སྤུས་ཀའི་ཐད་ནས་ནུས་ལྡན་གྱིས་མཐོར་འདེགས་དང་གྲངས་ཀའི་ཐད་ནས་ལུགས་མཐུན་ངང་འཕར་བ་མངོན་འགྱུར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ། སྐྱེ་ཁམས་ཀྱི་དགེ་མཚན་ཧུར་ཐག་གིས་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ས་གནས་ཞིག་གི་འཕེལ་རྒྱས་ཀྱི་གསོན་ཤུགས་དེ་ཚོང་གཉེར་ཁོར་ཡུག་དང་དམ་དུ་འབྲེལ་ཡོད། ཀོས་ཀྲོའུ་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་མོའི་ནང་ཧུར་ཐག་གིས་ཞུགས་པ་དང་། ས་གནས་ཀྱིས་སྲུང་སྐྱོབ་དང་ཚོང་རས་བཅད་བཟུང་། "ནང་བསྒྲིལ་རྣམ་པའི"འགྲན་རྩོད་མཐའ་གཅིག་ཏུ་གཏོར་ཏེ། སྤྱི་ཚོགས་ཡོངས་ཀྱི་ལས་བཏོད་གསར་གཏོད་ལ་བརྟན་བརླིང་དྲང་གཞག་དང་ཁ་གསལ་སྔོན་དཔག་ཆོག་པའི་ཁོར་ཡུག་ཅིག་བསྐྲུན་དགོས། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པར་ཕྱོགས་གཅིག་ནས་བཅོས་བསྒྱུར་དམ་འཛིན་བྱས་ཏེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཚོད་འཛིན་གྱི་འགག་གནད་བསལ་དགོས། ཕྱོགས་གཅིག་ནས་ལས་བྱེད་པའི་སློབ་གསོ་དང་དོ་དམ་དམ་འཛིན་བྱས་ཏེ། ལས་བྱེད་པའི་སྤྱི་ཡོངས་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས། ཡིད་རྟོན་འདུ་ཤེས། སྤྱོད་གཙང་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་དགོས། སྒོ་འབྱེད་ཀྱང་ཚོང་གཉེར་ཁོར་ཡུག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན། ཀོས་ཀྲོའུ་ཡིས་ནུབ་རྒྱུད་ཀྱི་སྐམ་ས་དང་མཚོ་ཐོག་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་པའི་གོ་སྐབས་བེད་སྤྱོད་པ་དང་། ཡུའེ་ཀང་ཨའོ་ཡི་མཚོ་ཁུགས་ཆེན་མོ་དང་ཁྲེང་ཁྲུང་ས་ཁུལ་གྱི་མཁར་གྲོང་གཉིས་ཀྱི་དཔལ་འབྱོར་ཚོམས་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་མཐུད་སྦྲེལ་བྱས་ཏེ། སྐམ་མཚོ་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ལ་ཕན་པའི་ཁྱོན་ཡོངས་སྒོ་འབྱེད་བཀོད་སྟངས་ཁྲོད་རང་འགུལ་གྱིས་ཞུགས་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀོས་ཀྲོའུ་ཡིས་རང་སྟེང་གི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། རྫོང་མཁར་ཐེག་བྱེད་གལ་ཆེན་དུ་བརྩིས་ནས་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་པར་ཏན་ཏིག་གིས་སྐུལ་འདེད་བྱས་ཏེ། ལས་དར་དང་རྫོང་དར་དང་དམངས་ཕྱུག་བཅས་གཞི་གཅིན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྫོང་ཁོངས་ཀྱི་ཐོན་ལས་རྨང་གཞིར་རྐང་འཛུགས་པ་དང་། ལས་བགོ་མཉམ་ལས་ལ་དོ་སྣང་བྱས་ཏེ། རེས་མོས་འཕེལ་རྒྱས་འབྱུང་བ་དང་ཕྲེང་འབྲེལ་གྱི་རྣམ་པ་གྲུབ་པར་བྱེད་དགོས། ཡུལ་བབ་དང་བསྟུན་ནས་དེང་རབས་རི་ཁུལ་གྱི་ཁྱད་ལྡན་ནུས་མཐོ་ཞིང་ལས་འཕེལ་རྒྱས་སུ་བཏང་སྟེ། ཡུན་རིང་གི་ཚོང་རའི་འགྲན་རྩོད་ནུས་པ་ལྡན་པའི་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་གསོ་སྐྱོང་བྱེད་དགོས། ཁེ་ཕན་མཉམ་འབྲེལ་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། ཐོན་ལས་འཕེལ་རྒྱས་ཁྲོད་མང་ཚོགས་ཀྱི་ཡོང་སྤར་ཕྱུག་བསྒྱུར་ལ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཡོང་སྒོ་དམའ་བའི་མི་གྲངས་ལ་གཅིག་གྱུར་ལྟ་ཞིབ་དང་རིགས་དབྱེ་རོགས་སྐྱོར་གྱི་ནང་རྐྱེན་བཙུགས་ནས། དམངས་འཚོའི་ཚད་མཐའ་བརྟན་སྲུང་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀོས་ཀྲོའུ་ཡི་ལོ་རྒྱུས་ཀྱི་རྨང་གཞི་སྟུག་ཅིང་གསར་བརྗེ་རིག་གནས་ཕུན་སུམ་ཚོགས་ལ། མི་རིགས་རིག་གནས་ལ་ཁྱད་ཆོས་ལྡན་པས། དགེ་མཚན་དེ་དག་བེད་སྤྱད་ཅིང་། རིག་གནས་ཀྱི་རང་རྟོན་ཇེ་དྲག་ཏུ་གཏོང་བ་དང་རིག་གནས་སྣང་ཚུལ་བཟང་བོར་བརྟེན་ནས་མི་བསྐྱངས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རོགས་སྐུལ་བྱེད་དགོས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྡེ་བ་དང་སྲོལ་རྒྱུན་སྡེ་བ། ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་དང་སྡེ་བ་མིང་གྲགས་ཅན། གསར་བརྗེ་དམག་འཁྲུག་སྐབས་ཀྱི་གསར་བརྗེའི་གནས་རྙིང་བཅས་ལ་མ་ལག་རང་བཞིན་གྱིས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས། ཡུལ་སྲོལ་ལུགས་བསྒྱུར་རྒྱུན་འཁྱོངས་བྱས་ཏེ། དཔལ་ཡོན་གྱི་དར་སྲོལ་གསར་པ་གསོ་སྐྱོང་བྱེད་དགོས། རིག་གནས་ཡུལ་སྐོར་དང་ལུས་རྩལ་མཉམ་བསྲེས་ཟབ་མོ་བྱེད་པ་དང་། ཡུལ་སྐོར་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། "ཚོན་ལྡན་ཀོས་ཀྲོའུ"ཡི་རིག་གནས་ཡུལ་སྐོར་གྱི་ཟོང་རྟགས་གསར་པ་བསྐྲུན་དགོས། ཞི་ཅིན་ཕིང་གིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པར་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་ཐག་བཅད་པ་དང་། དེ་ནི་ད་ལོའི་ཏང་འཛུགས་སྐྲུན་བྱ་བའི་ལས་འགན་གཙོ་བོ་ཡིན་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་དང་ལག་བསྟར་ཞིབ་མོ་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པས་ངེས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་གོམས་ལོབས་སུ་འགྲོ་བར་སྐུལ་འདེད་བྱས་ཏེ། སྤྱོད་ཚུལ་བཟང་བོས་སེམས་ཤུགས་གཅིག་བསྒྲིལ་དང་ལས་སྒྲུབ་ལས་གཏོད་བྱེད་དགོས། ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་མཉམ་དུ་དམ་འཛིན་བྱེད་པ་དང་སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་གཉིས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། རུལ་སུངས་འབྱུང་བའི་ཆ་རྐྱེན་མེད་པར་བཟོ་བའི་སྟེང་དམ་འཛིན་ལྷོད་མེད་བྱེད་དགོས། རྒྱང་སྐྱོད་ཀྱི་སྙིང་སྟོབས་ཆེན་པོ་དང་ཙུན་དབྱི་གྲོས་ཚོགས་ཀྱི་དགོངས་དོན་དར་སྤེལ་བཏང་སྟེ། སྤོབས་པ་ཆེན་པོས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་དུ་ལེགས་པོར་བསྐྱོད་དགོས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཡིས་རྟོག་ཞིབ་ལ་འགྲོ་རོགས་བྱས། ཧོ་ལི་ཧྥེང་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་ལ་འགྲོ་རོགས་བྱས། །