ཟླ3པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་ཆེས་གསར་བའི་གཞི་གྲངས་ལྟར་ན། ད་ལྟའི་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ལོ60ཡན་གྱི་ལོ་ལོན་རྒན་པའི་མི་གྲངས་ཁྲི92ལ་སླེབས་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི15.5%ཟིན། མཚོ་སྔོན་ཞིང་ཆེན་གྱིས་རིགས་སོ་སོའི་རྒན་གསོ་སྡེ་ཁག་དང་ཞབས་ཞུ་སྒྲིག་ཆས1868འཛུགས་སྐྲུན་བྱས་པ་དང་། ཉལ་ཁྲི23470དང་བདག་སྐྱོང་རིགས་ཀྱི་ནད་ཁྲིའི་བསྡུར་ཚད58%ལ་སླེབས། རྒན་གསོ་ཁྱབ་ཁོངས་ཀྱི་ཕྱོགས་སོ་སོའི“མེད་པ་ནས་ཡོད་པའི”ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་ཞིང་། སྟེང་གི་བཀོད་པ་དང་། རྨང་གཞི་འཛུགས་སྐྲུན། བཅོས་བསྒྱུར་གསར་སྐྲུན་དང་ཞབས་ཞུའི་ཕན་འབྲས་ཐད་དུས་རིམ་རང་བཞིན་གྱི་བྱ་བའི་ཕན་འབྲས་བླངས་ཤིང་། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁྱབ་ཁོངས་ཀྱིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྒན་གསོའི་ཞབས་ཞུའི་མཚོ་སྔོན་མ་དཔེ་གསར་སྐྲུན་བྱེད་པར་འབད་བཞིན་ཡོད།
“ཉེ་བའི་ལོ5རིང་། རང་ཞིང་གིས་རྒྱུ་མང་ཅན་གྱི་རྒན་གསོའི་ཞབས་ཞུའི་འདོན་སྤྲོད་རྣམ་པ་གྲུབ། མ་མཐའི་འཚོ་བའི་འགན་སྲུང་ྱ་ཡུལ་ཁྲི8.8དང་། དམིགས་བསལ་དཀའ་ཁག་ཡོད་པའི་ལོ་ལོན་གྱི་སྲིད་གཞུང་རོགས་སྐྱོར་སྒྲིག་སྲོལ་གྱི་རྨང་གཞིའི་སྟེང་། ཞིང་ཆེན་རིམ་པའི་ནོར་སྲིད་སྒོར་ཁྲི58986བརྩོན་ལེན་བྱས་ཏེ། ས་གནས་སོ་སོའི་དཔལ་འབྱོར་དཀའ་ཁག་ཡོད་པའི་ལོ་ལོན་ཁྲི12དང་། ལོ80ཡན་གྱི་རྒན་པར་གཞི་རྩའི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་མཁོ་འདོན་ལ་རྒྱབ་སྐྱོར་བྱས། གྲོང་ཁྱེར་དང་ཞིང་སྡེ། འབྲོག་ཁུལ་བཅས་རིམ་པ་གསུམ་གྱི་ངོས་ནས་ཁྱིམ་སྡོད་གཞིས་ཁུལ་རྒན་གསོའི་ཞབས་ཞུའི་ནུས་ལྡན་གྱི་རྣམ་པ་འཚོལ་ཞིབ་དང་། དཔེ་མཚོན་ཅན་གྱི་དཔེ་སྟོན་སྣེ་ཁྲིད་བརྒྱུད། མཁར་ཤང་གཅིག་གྱུར་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་རྫོང་རིམ་པའི་སྲིད་འཛིན་ས་ཁོངས་ཡོངས་སུ་ཁེབས་པ་རིམ་བཞིན་མངོན་འགྱུར་བྱུང”ཞེས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་རྒན་གསོ་ཁྲུའུ་ཡི་འགན་ཁུར་བའི་མཚམས་སྦྱོར་བྱས།
དུས་མཚུངས་སུ། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་གཞི་གཅིག་ཅན་གྱི་ཞབས་ཞུའི་འགན་སྲུང་དྲ་རྒྱ་སྒྲིག་འཛུགས་བྱས་ཏེ། རྒན་གསོའི་སྡེ་ཁག་གི་སྤུས་ཚད་མཐོར་འདེགས་བྱ་འགུལ་ལག་བསྟར་བྱས་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར15.8བཏང་ནས། རྒན་གསོའི་རྨང་གཞི་སྒྲིག་ཆས717གསར་སྐྲུན་དང་། རྒྱ་བསྐྱེད། ནུས་ཤུགས་མཐོར་འདེགས་བཅས་ཀྱི་ བྱ་འགུལ་སྤེལ།
དེ་མིན། སྡེ་ཁུལ་རྒན་གསོའི་ཞབས་ཞུའི་སྒྲིག་ཆས་དང་། ཞིང་སྡེའི་རྒན་གསོའི་ཞབས་ཞུ་ས་ཚིགས་སམ། རོགས་རེས་བྱེད་སར་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་བཏང་བ་དང་། གྲོང་ཁྱེར་གྱི“སྐར་མ་གཅིག་གི་རྒན་གསོའི་ཞབས་ཞུ་ཁུལ”དང་ཞིང་སྡེའི“རོགས་རེས་རྒན་གསོའི་ཞབས་ཞུ་ཁུལ”གཏན་འཇགས་ངང་འཛུགས་སྐྲུན་བྱས། གྲོང་ཁྱེར་གྱི་གཞིས་ཁུལ་རྒན་གསོའི་བཟའ་བཏུང་བྱེད་ས217དང་། སྡེ་བ538རུ་བཟའ་བཏུང་རོགས་རེས་ཞབས་ཞུ་བྱ་བ་སྤེལ་ནས། ལོ་ལོན་རྒན་པ་ཁྲི10ལ་ཕན་ཁེ་སྐྲུན། །