མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་བཅས་ཀྱིས2025ལོའི་འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བའི་བྱེད་སྒོར་ཞུགས་པའི་སྐོར་གྱི་དྲན་སྐུལ་དང་བསླབ་བྱ་ཡི་གེ
ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བའི་བྱེད་སྒོའི་ནང་ཞུགས་པའི་ཁེ་ལས་དང་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ།
2025ལོའི་ཟླ1པའི་ཚེས1ཉིན་མཚོ་སྔོན་ཞིང་ཆེན་གྱིས་འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བའི་བྱེད་སྒོ་སྤེལ་བ་ནས་བཟུང་རྒྱ་ཆེའི་བྱེད་སྒོའི་ནང་ཞུགས་པའི་ཁེ་ལས་དང་འཛད་སྤྱོད་པ་ཧུར་ཐག་ཞུགས་པས་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ནུས་ལྡན་ངང་སྐུལ་སྤེལ་བཏང་ཡོད། འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བའི་བྱེད་སྒོ་སྔར་བས་ཚད་ལྡན་དུ་བཏང་སྟེ། ཁ་གསབ་སྐོར་ནས་མགོ་གཡོག་མགོ་སྐོར་གཏོང་བ་དང་། རིན་གོང་ཐད་ནས་མགོ་སྐོར་གཏོང་བ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་སྣ་ཚོགས་སྔོན་འགོག་བྱ་ཆེད། ད་ལྟ་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བའི་བྱེད་སྒོར་ཞུགས་པའི་ཁེ་ལས་དང་འཛད་སྤྱོད་པ་རྣམས་ལ་དྲན་སྐུལ་དང་བསླབ་བྱ་གནང་བ་གཤམ་གསལ།
གཅིག ཁྲིམས་མཐུན་གཉེར་སྐྱོང་གི་མ་མཐའི་ཚད་ཐིག་ལ་བརྩི་སྲུང་ནན་པོ་བྱས་ཏེ། འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བའི་བྱེད་སྒོའི་ནང་ཞུགས་པའི་ཁེ་ལས(བསྡུས་མིང་ལ་“ནང་ཞུགས་ཁེ་ལས”ཟེར)དང་རྒྱ་ཆེའི་འཛད་སྤྱོད་པས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》《ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》《རིན་གོང་གསལ་པོར་འགོད་རྒྱུ་དང་རིན་གོང་མགོ་སྐོར་གཏོང་མི་ཆོག་པའི་གཏན་འབེབས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛིན་ཡིག་དོ་དམ་བྱེད་ཐབས》དང་དེ་བཞིན་ལག་བསྟར་ཞིབ་སྲོལ་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ། མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བའི་བྱ་བའི་གཏན་འབེབས་བཅས་ལ་བརྩི་སྲུང་ནན་པོ་བྱས་ཏེ། ཁྲིམས་ལྟར་ཡིད་རྟོན་ངང་གཉེར་སྐྱོང་དང་དྲང་གཞག་དང་ཁྲིམས་མཐུན་ཉོ་ཚོང་བྱེད་པའི་འདུ་ཤེས་འཛུགས་དགོས། དེའི་ནང་ཞུགས་པའི་ཁེ་ལས་ཀྱིས་ཁ་གསབ་གཟིགས་སྐྱོང་བྱེད་ཐབས་ལག་བསྟར་བྱེད་པ་སོགས་ཀྱི་བརྒྱུད་རིམ་ཁྲོད། ལུགས་མཐུན་མིན་པའི་གྲོན་བསྡུའི་རྣམ་གྲངས་ཁ་སྣོན་བྱ་མི་ཆོག་པ་དང་། ཁྲལ་དངུལ་འཛད་སྤྱོད་པར་བརྒྱུད་སྤྲོད་བྱ་མི་ཆོག་པ། འཛད་སྤྱོད་མ་གནས་རྣམ་པ་བསྒྱུར་ནས་ཇེ་མཐོར་གཏང་མི་ཆོག་པ། སྤུས་ཞན་པ་དེ་བཟང་པོ་བྱས་ནས་ཁ་གསབ་གཡོ་ལེན་བྱས་མི་ཆོག སྒྲིག་འགལ་གྱིས་འཛིན་ཤོག་སྤྲད་མི་ཆོག་པ། འཛིན་ཤོག་བཤུག་སྤྲོད་དང་བསྒྱུར་གཡར་བྱས་མི་ཆོག “ཚོང་ཟོག་ཕྱིར་སློག་ནས་ཁ་གསབ་མི་སློག”དང་། “འཕྲུལ་ཆས་གཅིག་མང་པོ་བཙོང་བ”སོགས་ཀྱིས་ཁ་གསབ་གཡོ་ལེན་བྱས་མི་ཆོག་པ་གཏན་འབེབས་བྱས་ཡོད་དོ། །
གཉིས། རང་གཅུན་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་རིན་གོང་བྱེད་སྒོར་ཞུགས་པའི་ཁེ་ལས་ཀྱིས་རིན་གོང་བྱ་སྤྱོད་ཀྱི་སྒྲིག་སྲོལ་དང་མཐུན་པའི་ཁས་ལེན་ཡི་གེ་འཇོག་དགོས། བྱེད་སྒོའི་ཚོང་ཟོག་གི་རིན་གོང་ཡོངས་བསྒྲགས་ལས་དོན་ནན་པོ་བྱས་ཏེ་བྱེད་སྒོའི་མཚོན་རྟགས་སྦྱར་ནས་རིན་གོང་གསལ་པོ་དང་མཚོན་རྟགས་གསལ་པོ་ཡོང་བར་འགན་སྲུང་བྱེད་དགོས་པས། བྱེད་སྒོར་ཁ་གཡར་ནས་ཚོང་ཟོག་གི་རིན་གོང་ཇེ་མཐོར་གཏོང་མི་ཆོག “དུས་བཀག་ནང་འཚོང་པ། ” “སྲིད་གཞུང་གི་རིན་གོང་གཏན་འཁེལ་”སོགས་ཀྱི་སྐད་ཆའི་ཐབས་ལ་བརྟེན་ནས་འཛད་སྤྱོད་པར་གོ་ནོར་གཏོང་མི་ཆོག “སྔོན་ལ་རིན་གོང་ཇེ་མཐོར་བཏང་སྟེ་རྗེས་སུ་ཁ་གསབ་བྱ་རྒྱུ”དང་“ཁ་གསབ་དངུལ་གྲངས་རྟོག་བཟོ་བྱེད་རྒྱུ”སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འཛད་སྤྱོད་པར་གོ་ནོར་གཏོང་མི་ཆོག བསྡམས་ནས་ཕྱིར་ཚོང་བྱེད་པ་དང་བཙན་ཤེད་ཀྱིས་སྡེབ་ཚོང་བྱེད་པ་སོགས་རྣམ་པར་བསྒྱུར་བའི་རིན་གོང་འཕར་བའི་བྱ་སྤྱོད་གཏན་འགོག་བྱེད་དགོས། ལུགས་མཐུན་གྱི་རྒྱུ་མཚན་མེད་པར་རིན་གོང་ཁས་ལེན་ལག་བསྟར་དང་ལེན་མི་བྱེད་པའམ་ཡང་ན་ཡོངས་སུ་ལག་བསྟར་མི་བྱེད་པ་སོགས་རིན་གོང་མགོ་སྐོར་གཏོང་བའི་བྱ་སྤྱོད་སྤེལ་མི་ཆོག
གསུམ། བྱེད་སྒོའི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་བྱས་ཏེ་བྱེད་སྒོའི་ནང་ཞུགས་པའི་ཁེ་ལས་ཀྱིས་ཕྱིར་འཚོང་རྩིས་ཐོ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་དང་། རིན་གོང་བྱང་བུའི་ཆ་འཕྲིན་དང་དངུལ་བསྡུ་བའི་མ་ལག་དུས་ཐོག་ཏུ་གོམ་མཉམ་དུ་བཅུག་ནས། ཕྱིར་འཚོང་འཛིན་ཡིག་དང་། གཏོང་སྤྲོད་འཛིན་ཡིག ཚོང་ཟོག་སྐྱེལ་སྤྲོད་འཛིན་ཡིག འཛིན་ཤོག ནོར་དོན་སྙན་ཐོའི་རེའུ་མིག་སོགས་ཀྱི་ཆ་འཕྲིན་གཅིག་མཐུན་ཡོང་བར་འགན་སྲུང་བྱ་དགོས་པ་མ་ཟད། བྱེད་སྒོའི་ནང་ཞུགས་པའི་ཚོང་ཟོག་གི་འབྲེལ་ཡོད་ཆ་འཕྲིན་ཇི་མ་ཇི་བཞིན་འབྲི་དགོས། དེའི་ནང་ཞུགས་པའི་ཁེ་ལས་དང་འཛད་སྤྱོད་པས་བྱེད་སྒོའི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་བྱེད་དགོས་པ་དང་། པར་རིས་རྫུན་བཟོ་བྱེད་པའམ་ཡང་ན་ཆ་འཕྲིན་རྫུན་མ་མཁོ་འདོན་བྱས་ནས་ཁ་གསབ་མ་དངུལ་གཡོ་ལེན་བྱེད་མི་ཆོག་པ་དང་། ངན་འབྲེལ་བྱས་ནས་འཛིན་ཡིག་རྫུན་བཟོ་བྱས་ནས་ཁ་གསབ་རེ་ཞུ་བྱེད་པའི་ཚད་གཞི་ཇེ་མཐོར་གཏོང་མི་ཆོག བྱེད་སྒོའི་ནང་ཞུགས་པའི་ཁེ་ལས་ཀྱིས་དུས་ཐོག་ཏུ་བྱེད་སྒོའི་བརྒྱུད་རིམ་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པར་གཞོགས་འདེགས་བྱས་ཏེ། ཁ་གསབ་མ་དངུལ་དུས་ཐོག་ཏུ་འཛད་སྤྱོད་པར་ཐད་ཀར་འབྱོར་་པ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་གང་ལེགས་བྱེད་དགོས།
བཞི། ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། ཚོང་དོན་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་ལས་ཁུངས་ཀྱིས་རྙིང་བརྗེ་གསབ་དངུལ་གྱི་བྱེད་སྒོར་མཉམ་འབྲེལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གལ་ཏེ་ཚུལ་མཐུན་མིན་པའི་འགྲན་རྩོད་དང་གསབ་དངུལ་གཡོ་ལེན་སོགས་ཁྲིམས་འགལ་དང་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་ན། ཁེ་ལས་ཀྱི་རྙིང་བརྗེ་གསར་བརྗེ་བྱེད་སྒོར་ཞུགས་པའི་ཐོབ་ཐང་འཕྲལ་མར་མེད་པར་བཟོས་ནས་ཁ་གསབ་མ་དངུལ་ཚང་མ་ཚུར་བསྡུ་བྱ་རྒྱུ་མ་ཟད། བྱ་སྤྱོད་ངན་པའི་ཐོ་འགོད་ཀྱི་མིང་ཐོ་ནག་པོའི་ནང་བཅུག་ནས་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་འཛད་སྤྱོད་ཁ་གསབ་རིགས་ཀྱི་བྱེད་སྒོར་ཞུགས་མི་ཆོག དུས་མཚུངས་སུ་ཁྲིམས་འགལ་དང་སྒྲིག་འགལ་གྱི་ཆ་འཕྲིན་འབྲེལ་ཡོད་ལས་ཁུངས་ལ་བརྒྱུད་སྤྲོད་བྱས་ཏེ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱ་དགོས།
རྒྱ་ཆེའི་འཛད་སྤྱོད་པ་དང་སྤྱི་ཚོགས་ལས་རིགས་ཁག་གིས་ལྟ་སྐུལ་བྱ་རྒྱུར་སྐུལ་ལྕག་བྱེད་དགོས། གལ་ཏེ་བྱེད་སྒོའི་ནང་ཞུགས་པའི་ཁེ་ལས་དང་འཛད་སྤྱོད་པར་གོང་གསལ་གྱི་ཁྲིམས་འགལ་དང་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་པ་རྒྱུས་ལོན་བྱུང་ཚེ། ཞིང་ཆེན་ཚོང་དོན་ཐིང་གིས་ཁྱབ་བསྒྲགས་བྱས་པའི་འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བའི་རླངས་འཁོར་དང་། གློག་སྒུལ་ལྕགས་རྟ། ཁྱིམ་ཆས་དང་ཨང་ཀིའི་ཐོན་རྫས་བཅས་ཀྱི་བློ་འདྲི་ཁ་པར0971-6108124དང་། 6335368དང་། ཡང་ན་ཁྱིམ་ཆས་དང་ཁྱིམ་རྒྱན་གྱི་བློ་འདྲི་ཁ་པར0971-8261544དང་། 8261732ལ་སྙན་སེང་ཞུ་དགོས། (ལས་ཉིན་གྱི08:30ནས12:00བར། 14:30ནས18:00བར། ) ཡང་ན12315(འཛད་སྤྱོད་པའི་ཞུ་གཏུག་ཐད་སྦྲེལ་སྐུད་ལམ)ལ་ཁ་པར་བཏང་ནས་ཐེར་འདོན་བྱེད་དགོས།
མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་།
མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ།
མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ།
2025ལོའི་ཟླ3ཚེས13ཉིན།