ཟླ3ཚེས17ཉིན་གྱི་སྔ་དྲོར། ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་ཁྲོན་བོད་མཐོ་སྒང་གི་པན་ཡུག་གི་ཕུག་ལམ་དང་པོའི་མཐའ་མཇུག་གི་སྨི་གཅིག་གི་བྲག་ལྡེབས་བདེ་བླག་ངང་བརྟོལ་བ་རེད། དེ་ནི་ཟི་ལིང་ནས་ཁྲེང་ཏུའུ་རུ་འཐེན་བཞིན་པའི་ལྕགས་ལམ་གསར་བ་ལས་སི་ཁྲོན་མཚམས་སུ་བརྟོལ་བའི་ཕུག་ལམ་ཐོག་མ་རེད་ལ། ལམ་ཐག་ཧྲིལ་བོ་ནས་ཕུག་ལམ14བརྟོལ་དགོས་པའི་ཨར་ལས་དེ་འགག་གཏོར་གྱི་དུས་རིམ་གསར་པ་བསླེབས་པ་མཚོན།
པན་ཡུག་ཕུག་ལམ་དང་པོ་དེ་ནི་རྔ་བ་ཁུལ་མཛོད་དགེ་རྫོང་པ་ཞི་གྲོང་རྡལ་གྱི་ཁོངས་སུ་ཡོད་ཅིང་།ཕུག་ལམ་གྱི་རིང་ཚད་ལ་སྨི582ཡོད་པ་དང་། ཆེས་མཐོ་བའི་མྱུར་ཚད་ཆུ་ཚོད་རེར་ལེ་དབར250རྒྱུག་ཐུབ་པ་ཞིག་ཇུས་འགོད་བྱས་ཡོད་པ་རེད།