ཉེ་ལམ《རང་བྱུང》དུས་དེབ་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ལོ40ལྷག་ལ་སོན་པའི་ཨོ་སི་ཁྲུ་ལི་ཡའི་སྐྱེས་པ་ཞིག་ཐའེ(钛)རྒྱུ་ལས་བཟོས་པའི་སྙིང་ལ་བརྟེན་ནས་སྨན་ཁང་ལས་ཕྱིར་བུད་པའི་འཛམ་གླིང་ཡོངས་ཀྱི་མི་ཐོག་མ་རུ་གྱུར། དེ་ནི་སྙིང་གི་བྱེད་ནུས་ཡོངས་སུ་ཉམས་པའི་ནད་པ་གཤགས་བཅོས་ཀྱི་དུས་ལ་སྙིང་གནང་སྦྱིན་མཁན་མ་བྱུང་བར་ངང་སྒུག་གི་དུས་སུ་སྙིང་གི་ཚབ་ཏུ་གནས་སྐབས་ཐའེ་བཟོས་སྙིང་སྤྱད་དེ་སྙིང་གི་བྱེད་ནུས་འདོན་པ་ཞིག་རེད།
ཐེངས་འདིར་སྨན་ཁང་ལས་ཕྱིར་བུད་པའི་སྐྱེས་པ་དེས་ཐའེ(钛)རྒྱུ་ལས་བཟོས་པའི་སྙིང་ལ་བརྟེན་ནས་ཟླ་བ་གསུམ་ལྷག་གི་རིང་ལ་འཚོ་ཐུབ་པར་བྱུང་བ་མ་ཟད། སྙིང་སྦྱིན་མཁན་བྱུང་བ་ནས་སྤོ་འཛུགས་ཀྱི་བར་དུ་ཚེ་བསྲིངས་ཐུབ་ཡོད། ཐེངས་འདིའི་གཤག་བཅོས་བྱེད་མཁན་སྨན་ཁང་ཨོ་སི་ཁྲུ་ལི་ཡའི་ཞི་ནེའི་སེན་ཝན་སེན་ཐེ(Saint Vincent)སྨན་ཁང་གི་གསལ་འདེབས་ལྟར་ན། སྐྱེས་པ་དེ་གཤག་བཅོས་བྱས་རྗེས་ནད་སོས་ཚུལ་ལེགས་ཅེས་བཤད་ཡོད།
ཨོ་སི་ཁྲུ་ལི་ཡའི་ནད་པ་དེ་ནི་མིང་ལBiVACORཞེས་པའི་སྒྲིག་ཆས་འདི་སྤྱོད་མཁན་འཛམ་གླིང་གི་མི་དྲུག་པ་དེ་རེད་ལ། སྒྲིག་ཆས་དེ་སྤྱད་དེ་འཛམ་གླིང་སྟེང་ཚེ་ཡན་ཟླ་བ་གཅིག་གི་ཡན་ལ་བསྲིངས་བའི་ནད་པ་ཐོག་མ་ཡང་རེད།
BiVACOR
ཨོ་སི་ཁྲུ་ལི་ཡའི་མེན་ན་ཧྲི་སློབ་ཆེན་ཝའེ་ཏའོ་ལི་ཡ་སྙིང་ཞིབ་འཇུག་ཁང་གི་སྙིང་གི་ཕྱི་ནད་ཚན་ཁགང་གི་སྨན་པ་ལྗོ་ལེ་ཡ·སི་མེ་སི(Julian Smith )ཡིས། དེ་ནི་ལས་རིགས་འདིའི་ཁྱབ་ཁོངས་ཀྱི་ཡར་རྒྱས་གལ་ཆེན་ཞིག་རེད་ཟེར།