མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་རྒྱ་སྐྱེད་ཚོགས་འདུ་བསྡུས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ཟླ2པའི་ཚེས24ཉིན་གྱི་སྔོ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་རྒྱ་སྐྱེད་ཚོགས་འདུ་བསྡུས་ཤིང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་ལས་དོན་སྲོལ་ཡིག》(གཤམ་ནས་སྲོལ་ཡིག་ཅེས་བསྡུ་རྒྱུ)ཆེད་དོན་སློབ་སྦྱོང་ལག་བསྟར་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གཉིས་ཚོགས་འདུར་ཞུགས།

ཀྲུང་དབྱང་སྐོར་ཞིབ་ལས་དོན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའམ་རིམ་པ་དང་པོའི་སྐོར་ཞིབ་པ་ལུའོ་ལི་ཕིང་གིས་ཆེད་དོན་ཟུར་ཁྲིད་བྱས་པ་དང་། སྐོར་ཞིབ་ལས་དོན་གྱི་ཁ་ཕྱོགས་དང་ལས་འགན་སོགས་ཀྱི་ཕྱོགས་མང་པོ་ནས་ཟབ་ཅིང་རྒྱུད་ཁུངས་ལྡན་པར་ཀློག་འགྲེལ་བྱས་པར། གཞུང་ལུགས་རང་བཞིན་དང་མཛུབ་སྟོན་རང་བཞིན། ཁ་གཏད་རང་བཞིན་བཅས་དྲག་པོ་ལྡན་པས། ཚང་མར་གསར་དུ་བཟོ་བཅོས་བརྒྱབ་པའི་སྲོལ་ཡིག་གི་ནང་དོན་ཕུན་སུམ་ཚོགས་པོར་རྒྱུས་ལོན་སྔར་ལས་ཟབ་མོར་ལེན་པར་བློ་འབྱེད་མི་དམན་པ་བྱིན།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་གསུང་བཤད་ལས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་མཛད་པ་དང་། སྐུ་དངོས་ཀྱིས་འཆར་འགོད་དང་བཀོད་སྒྲིག་གནང་ནས། སྐོར་ཞིབ་ལས་དོན་ལ་ཐེངས་མང་པོར་བླང་བྱ་གལ་ཆེན་བཏོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས《སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་མྱོང་རྟོགས་ཟབ་མོ་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། སྲོལ་ཡིག་སློབ་སྦྱོང་དང་རྒྱུས་ལོན་མུ་མཐུད་དུ་ཟབ་མོར་སྤེལ་ཏེ། བྱེ་བྲག་གི་གཏན་འབེབས་ཁག་དངོས་ལ་ཕབ་ནས་ཕན་འབྲས་མཐོང་བར་ཁག་ཐེག་བྱེད་དགོས། ཆབ་སྲིད་སྐོར་ཞིབ་ཀྱི་ནང་དོན་ཟབ་མོ་ཡང་དག་པར་ཁོང་དུ་ཆུད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དེ་སྐོར་ཞིབ་ཀྱི་གཙོ་གནད་དུ་འཛིན་པ། དབང་ཆ་དང་འགན་འཁྲི། མགོ་ཁྲིད་དང་པོ་དང་མགོ་ཁྲིད་ཚན་ཁག མང་ཚོགས་ཀྱི་ཡར་ཞུ་དྲག་པོའི་གནད་དོན་བཅས་ལ་དམ་པོར་དམིགས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གང་ལ་བསླེབས་ན་ཆབ་སྲིད་ལྟ་སྐུལ་གནས་དེར་རྗེས་སྙེག་བྱེད་པ་ངེས་པ་དོན་གྱིས་བསྒྲུབ་ཐུབ་དགོས། སྟོབས་དང་ལྡན་པའི་ཆབ་སྲིད་སྐོར་ཞིབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པ་དང་། མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་པར་དམིགས་པ། དམངས་འཚོ་ལེགས་བཅོས་དང་མི་རིགས་མཐུན་སྒྲིལ། ཏང་སྡོམ་དཔོན་སྐྱོང་སོགས་ཀྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་པ། མང་ཚོགས་ཉེ་འགྲམ་གྱི་ལུགས་སྲོལ་ངན་པ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་བྱེད་པ་དང་རྣམ་པ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་སོགས་དང་ཟུང་འབྲེལ་དམ་པོར་བྱས་ཏེ། ལྟ་སྐུལ་གྱིས་ལག་བསྟར་ལ་འགན་ལེན་བྱེད་པ་དང་སྐུལ་འདེད་ཀྱིས་འཕེལ་རྒྱས་འཐུས་ཚང་དུ་གཏོང་བའི་འགན་ནུས་ཀྱི་ནུས་པ་ཕན་ནུས་ལྡན་པར་འདོན་དགོས། སྐོར་ཞིབ་བཅོས་སྐྱོང་དང་གྲུབ་འབྲས་བེད་སྤྱོད་ལེགས་པར་འཛིན་པ་དང་། སྐོར་ཞིབ་དང་སྒྲིག་ཁྲིམས། ལྟ་ཞིབ། མངགས་སྡོད། རྩིས་ཞིབ་སོགས་རིགས་མི་འདྲ་བའི་ལྟ་སྐུལ་ལས་ཤེས་རྟོགས་བྱུང་བའི་གནད་དོན་གཞི་གཅིག་ཏུ་བཅོས་སྐྱོང་དངོས་འབེབས་བྱེད་པ། མང་ཚོགས་ཀྱིས་ཡུར་ཞུ་དྲག་པ་དང་སྲིད་ཇུས་གཏན་འབེབས་དང་འགལ་བ་མངོན་སུམ་ཡིན་པའི་འབུར་ཐོན་གནད་དོན་ལག་བསྟར་ལེགས་བཅོས་མྱུར་ཏུ་གཏོང་བ། གནད་དོན་གཅིག་བཅོས་སྐྱོང་བྱས་རྗེས་གནད་དོན་རིགས་གཅིག་ཐག་གཅོད་ཐུབ་པར་བྱས་ཏེ། གནས་ཀྱི་ཐོད་བརྒལ་གྱིས་ངོས་ཀྱི་མཐོར་འདེགས་ལ་སྐུལ་ཁྲིད་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་སྐོར་ཞིབ་ལས་དོན་གྱི་གཙོ་གཞིའི་འགན་འཁྲི་ངེས་པ་དོན་གྱིས་ཕྲག་ཏུ་ལེན་པ་དང་། མགོ་ཁྲིད་དང་པོས་རང་འགུལ་སྒོས་མདུན་གྲལ་དུ་བསྐྱོད་ནས་མཛུབ་སྟོན་བྱེད་པ་དང་། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་གིས་རིམ་མཉམ་ཏང་ཨུས་ལས་དོན་སྤེལ་བར་རོགས་རམ་བྱེད་པ་དང་། སྐོར་ཞིབ་ལྟ་ཞིབ་བྱ་ཡུལ་ས་ཁུལ་དང་ལས་ཁུངས་ཀྱིས་རང་རྟོགས་སྒོས་ལྟ་སྐུལ་དང་ལེན་དང་དྲི་བ་གཅིག་ལན་མཉམ་དུ་འདེབས་པ་སྒྲུབ་ཐུབ་པར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྟོབས་དང་ལྡན་པའི་ཆབ་སྲིད་འགན་ལེན་འདོན་སྤྲོད་བྱེད་དགོས་ཞེས་བསྟན།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་ཆེན། ཟི་ལིང་དུ་ཡོད་པའི་ཞིང་ཆེན་དོ་དམ་ཁེ་ལས། མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཏང་རྩ་འཛུགས་དང་ཏང་ཨུ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།