ལུའོ་ཏུང་ཁྲོན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཁེ་ལས་གཙོ་བོ་དག་ལ་རྟོག་ཞིབ་ཏུ་ཕེབས་པ།   

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཟླ2པའི་ཚེས22ཉིན།    ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ཧྲེན་ཀྲེན་གྲོང་ཁྱེར་དུ་ཡོད་པའི་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སི་དང་པི་ཡ་ཏི་མ་རྐང་ཚད་ཡོད་ཀུང་སིར་རྟོག་ཞིབ་ཏུ་ཕེབས་པར་མ་ཟད།    ཁེ་ལས་ཀྱི་འགན་འཁུར་པ་དང་གྲོས་སྡུར་སྤེལ་རེས་བྱས་ཤིང་། ཕན་ཚུན་བར་གྱི་འབྲེལ་བ་ཟབ་མ་བཟུང་ནས་མཉམ་ལས་མཉམ་རྒྱལ་ཡོང་བར་ཤུགས་བསྣན་པ་རེད། །     

ཧྭ་ཝུའེ་ཀུང་སིའི་པན་ཐེན་སྤྱི་ཁྱབ་པུའུ་རྟེན་གཞི་རུ་ལུའོ་ཏུང་ཁྲོན་དང་བཅས་པ་ཝ་ཐེ་འགྲེམས་ཁང་དང་རྩིས་རྒྱག་གསར་གཏོད་ཚོད་ལྟ་ཁང་བཅས་ཕྱིན་ནས་ཁེ་ལས་འཕེལ་རྒྱས་དང་།    ལག་རྩལ་གསར་གཏོད།    འབྱུང་འགྱུར་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད།    ཧྭ་ཝུའེ་ཀུང་སིའི་ལྟ་ཞིབ་ལྷན་ཚོགས་ཀྱི་ཀྲུའུ་ཞིའམ་མཐོ་རིམ་དོ་དམ་པ་ཀུའོ་ཕིང་དང་གྲོས་སྡུར་སྤེལ་རེས་བྱས།     ལུའོ་ཏུང་ཁྲོན་གྱིས་འདི་སྐད། ཉེ་བའི་ལོ་ཤས་རིང་ཧྭ་ཝུའེ་མཚོ་སྔོན་གྱི་དཔལ་འབྱོར་འཛུགས་སྐྲུན་ཁྲོད་ཞུགས་ནས་ཕྱོགས་གཉིས་པའི་ལྗང་མདོག་རྩིས་ནུས་དང་།    ནུས་རྒྱུ་གཙང་མ།    གཞི་གྲངས་ཅན་གྱི་ཞབས་ཞུ་སོགས་ཐད་ཀྱི་མཉམ་ལས་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད།     ཧྭ་ཝུའེ་ཀུང་སིས་མཚོ་སྔོན་གྱི་ལྗང་མདོག་རྩིས་རྒྱག་གློག་ཤུགས་མཐུན་སྦྱོར་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གོ་སྐབས་གང་ལེགས་སྤྱད་དེ་མཚོ་སྔོན་དུ་ཐོན་ལས་བཀོད་སྒྲིག་གོ་རིམ་ལྡན་པ་འཁྱོངས་པར་འཆར་འགོད་བཟོས་ནས་མཚོ་སྔོན་དུ་མ་འཇོག་བྱེད་ཤུགས་མུ་མཐུད་ཇེ་ཆེ་རུ་བཏང་བ་དང་།  ཁྱབ་ཁོངས་མང་པོའི་དངོས་གཉེར་མཉམ་ལས་ཕྱོགས་ལ་སྔར་བས་ཤུགས་བརྒྱབ་ཏེ། ལག་གདང་མཉམ་སྦྲེལ་དང་གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཡོད་ཟེར།   ཀུའོ་ཕིང་གིས་འདི་སྐད། ཧྭ་ཝུའེ་ཀུང་སིས་རང་ངོས་ཀྱི་ལག་རྩལ་དང་།    ཤེས་ལྡན་པ།    ཐོན་ལས་སྐྱེ་ཁམས་སོགས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ཏེ་མཚོ་སྔོན་དང་མཉམ་འབྲེལ་མཉམ་ལས་གཏིང་ཟབ་བྱས་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་ཡིན་ཟེར།

来到比亚迪股份有限公司,罗东川一行观看体验新能源汽车最新产品,参观比亚迪集团展厅,深入了解比亚迪公司业务布局、发展历程、技术创新、制造工艺等情况,并与比亚迪公司董事长王传福座谈.罗东川说,比亚迪公司长期扎根青海,为青海经济社会发展作出了重要贡献.当前,随着青海打造生态文明高地、建设产业“四地”步伐不断加快,双方合作面临着重大机遇,希望进一步聚焦各自发展所需、优势所在,持续拓展合作领域,共同谋划合作项目,推动双方交流合作取得更加丰硕成果.王传福表示,比亚迪公司愿进一步凝聚发展共识,开展务实合作,努力实现互利共赢.

པི་ཡ་ཏི་མ་རྐང་ཚད་ཡོད་ཀུང་སིར་བསྐྱོད་དེ། ལུའོ་ཏུང་ཁྲོན་འཁོར་དང་བཅས་པས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཐོན་རྫས་གསར་ཤོས་ལ་ལྟ་སྐོར་དང་ཉམས་ལེན་བྱས་པ་དང་།    པི་ཡ་ཏི་ཚོགས་པའི་འགྲེམས་ཁང་ལ་ལྟ་སྐོར་བྱས་ཏེ་པི་ཡ་ཏི་ཀུང་སིའི་ལས་སྒོའི་བཀོད་སྒྲིག་དང་།    འཕེལ་རྒྱས་ཀྱི་བརྒྱུད་རིམ།    ལག་རྩལ་གསར་གཏོད།    བཟོ་སྐྲུན་བཟོ་རྩལ་སོགས་ཀྱི་གནས་ཚུལ་ཤེས་ལ་རྟོགས་གཏིང་ཟབ་བྱས་པ་མ་ཟད།    པི་ཡ་ཏི་ཀུང་སིའི་ཏུང་ཧྲི་ཀྲང་ཝང་ཁྲོན་ཕུའུ་དང་གྲོས་སྡུར་བྱས།     ལུའོ་ཏུང་ཁྲོན་གྱིས་པི་ཡ་ཏི་ཀུང་སིས་ཡུན་རིང་མཚོ་སྔོན་དུ་གཞི་ཚུགས་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་ཡོད།     མིག་སྔར།    མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་ཐོན་ལས་ཀྱི་“གནས་བཞི”འཛུགས་སྐྲུན་བྱེད་པའི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་ཕྱིན་ཡོད་པ་དང་བསྟུན་ནས།    ཕྱོགས་གཉིས་ཀའི་མཉམ་ལས་ལ་མཚོན་ན་གོ་སྐབས་གལ་ཆེན་ཞིག་ཡིན་པས།    རང་སོ་སོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ལེགས་ཆ་ཡོད་ས་ལ་དམིགས་ཏེ་མཉམ་ལས་ཁྱབ་ཁོངས་མུ་མཐུད་དུ་རྒྱ་སྐྱེད་གཏོང་བ་དང་།    མཉམ་ལས་རྣམ་གྲངས་ཐུན་མོང་ཐོག་འཆར་འགོད་བྱས་ནས་ཕྱོགས་གཉིས་པོའི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་སྔར་ལས་ཕུན་སུམ་ཚོགས་པ་ཞིག་འབྱུང་བར་སྐུལ་འདེད་གཏོང་ཐུབ་པའི་རེ་བ་ཡོད་ཟེར།     ཝང་ཁྲོན་ཕུའུ་ཡིས་འདི་སྐད། པི་ཡ་ཏི་ཀུང་སིས་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་སྒྲིལ་བྱས་ནས་དངོས་གཉེར་མཉམ་ལས་བྱས་ནས་གཉིས་ཕན་མཉམ་ཁེ་མངོན་འགྱུར་ཡོང་བར་ཧུར་ཐག་བྱེད་འདོད་ཡོད་ཅེས་བསྟན།    

省领导王卫东、张锦刚、刘超分别参加相关活动.

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་།    ཀྲང་ཅིན་ཀང་ལིའུ་ཁྲའོ་བཅས་འབྲེལ་ཡོད་བྱེད་སྒོར་སོ་སོར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།